ཟླ3པའི་ཚེས24ཉིན་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགན་འཛིན་པའི་བཤད་རྒྱུར། ཉེ་བའི་ལོ་འདི་དག་ལ་ང་ཚོས་ལས་ཁུངས་ཏང་འཛུགས་ཀྱི་གཞི་རྩའི་འོས་འགན་དམ་དུ་བཟུང་ནས་མཉམ་འདྲེས་གསུམ་གྱིས་ཐ་དད་དུ་གྱུར་བའི་གནད་དོན་སེལ་བ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྤུས་ལེགས་སྤུས་མཐོ་ཡོང་བར་སྐུལ་འདེད་བཏང་།
ནང་ཆེན་རྫོང་གིས “གྲོས་དོན་དང་པོ” ཡི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། “ཆབ་སྲིད་གཞུང་ལུགས+ལས་གཉེར་ཤེས་བྱ” ཡི་གཉིས་སྦྱོང་གི་མ་ལག་འཛུགས་པ། “དུང་ཙེ་གཅིག་དང་ཡུངས་མ་གཅིག”གི་ཏང་གི་སློབ་ཚན་གསར་བ་འཛུགས་དགོས། ཆུ་འདུས་སྡེ་བའི་ཏང་གཤིས་སློབ་གསོའི་རྟེན་གནས་ལ་རྐང་བཙུགས་སྟེ། “ཟླ་ཆུའི་འགྲམ་ངོགས་སུ་ཏང་གི་དར་དམར་གཡོ” ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་ལག་ལེན་བྱ་འགུལ་སྤེལ་བ་དང་། ཏང་ཡོན་ལས་བྱེད་པ་ཚོར་སྐྱེ་ཁམས་སྲུང་སྐྱོབ་དང་། གྲོང་གསེབ་དར་སྤེལ་གྱི་ཡུལ་དངོས་ནས་ཏང་གཤིས་སྦྱོང་བརྡར་བྱེད་པར་སྣེ་ཁྲིད་བྱས་ཏེ། ཆབ་སྲིད་ཀྱི་བྱང་ཚད་དང་ལས་གཉེར་གྱི་ནུས་པ་མཐུན་སྦྱོར་སྒོས་འཕེལ་རྒྱས་ཡོང་བར་མངོན་འགྱུར་བྱས། “ཀྲི་པུའུ་འཐབ་ས་དང་པོར་འཛུགས་པ་དང་། ཏང་གི་དར་དམར་འཐབ་ས་དང་པོར་འཛུགས་པ”ཡི་ལས་ཀའི་བྱ་ཐབས་ལ་སྐུལ་འདེད་བཏང་སྟེ། འགག་རྩའི་ལས་གཞི་དང་གནད་འགག་ཆེ་བའི་འོས་འགན་གྱི་འཐབ་ས་དང་པོ་རུ་གནས་སྐབས་ཀྱི་ཏང་ཀྲི་པུའུ་དང་ཏང་ཡོན་གྱི་གདོང་མཆོངས་སོ་ལྟ་གནས་སོགས་བཙུགས།
“ནུས་པ་ཅན་ལ་མཐོང་ཆེན་བྱེད་པ”དང “ཏང་ཡོན་འཕྲལ་སྒྲུབ་རུ་ཁག”གི་བྱ་ཐབས་ལ་དཔེ་ལྟོས་བྱས་ཏེ། ཁྱད་ལྡན་ཐོན་ལས་གསོ་སྐྱོང་དང་ཁོངས་ཡོངས་སུ་སྙིགས་མེད་བཅོས་སྐྱོང་སོགས་ལྟེ་བའི་བྱ་བ་དག་གཞིར་བཟུང་ཞིང་། ལས་ཁུངས་ཀྱི་ཏང་ཡོན་ཞབས་ཞུ་རུ་ཁག་བཙུགས་ནས་རྩ་འཛུགས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས། “སྡེ་ཁུལ་གྱིས་བརྡ་གཏོང་བ་དང་། ཏང་ཡོན་གྱིས་ལན་འདེབས་པ”ཡི་ལམ་སྲོལ་གཏིང་ཟབ་བཏང་ཞིང་། “མང་ཚོགས་ཀྱིས་རེ་བ་འདོན་པ་དང་། སྡེ་ཁུལ་གྱིས་མངགས་གཏོང་བྱེད་པ། ཏང་ཡོན་གྱིས་ལས་འགན་སྒྲུབ་པ”ཡི་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཡོད་དེ། ལས་ཁུངས་ཀྱིས་ཏང་ཡོན500ལྷག་རྩ་འཛུགས་བྱས་ནས་དྲ་མིག་ཅན་གྱི་ཞབས་ཞུ་རྒྱུན་རྣམ་ཅན་དུ་ཆགས་སུ་བཅུག “དམངས་དོན་ཉིན་ཐོ” དང “ཏང་དམངས་ཞབས་ཞུ་ལྟེ་གནས” སོགས་རྟེན་གཞི་བྱས་ཏེ། ལས་ཁུངས་དང་ཏང་ཡོན་སྡེ་ཁུལ་དུ་བསྐྱོད་པའི་བྱ་འགུལ་སྤེལ་ཞིང་། དམངས་དོན་ཞུ་གཏུགས་ལ་ཟླུམ་འཁོར་དོ་དམ་གྱི་ལམ་སྲོལ་བཙུགས། ལས་ཁུངས་ཀྱི་ཏང་ཀྲི་པུའུ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་བར“གན་རྒྱ་ཅན”བཞག་ཡོད་དེ། རྩ་འཛུགས་མཉམ་འཛུགས་དང་། ཐོན་ཁུངས་མཉམ་སྤྱོད། ཞབས་ཞུ་མཉམ་ལས་སོགས་བྱས་ཏེ། མང་ཚོགས་ཀྱིས་ཆུ་འཐུང་བ་དང་། འགྲོ་སྡོད། སྨན་བཅོས། སློབ་གཉེར་སོགས་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན200ལྷག་ཐག་གཅོད་བྱས་ཏེ། ལས་ཁུངས་ཀྱི་ཏང་འཛུགས་བྱ་བ་སྔར་ལས་བརྩེ་དྲོད་ཀྱིས་ཁེངས་པར་བྱས་ཡོད།