མཚོ་ནུབ་ཚྭ་འདམ་ཆེ་བས་དྲིལ་སྒྲོག་བསམ་བློ་རིག་གནས་ཀྱི་ལས་དོན་སྐས་རིམ་གསར་པར་སླེབས་པར་ནུས་ཤུགས་བཏོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ད་ལོ་ནས་བཟུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚྭ་འདམ་ཆེ་བའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དར་ཆ་སྒྲེང་བ་དང་དམངས་སེམས་བསྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། སྣང་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཁུར་ནས།   རིགས་པའི་གཞུང་ལུགས་ཀྱིས་བསམ་བློའི་ངེས་ཤེས་བསྐྱེད་པ་དང་།     རིག་གནས་དར་སྲོལ།     ཆབ་སྲིད་འགན་འཁྲི། ཤེས་དཔལ་གསར་སྐྲུན་སོགས་ཀྱི་ལས་དོན་ལ་དམིགས་ནས་ས་ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད།    

ལས་དོན་ཨུ་ཡོན་ལྷན་ཁང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི“སྣེ་འདྲེན”འདི་དམ་འཛིན་བྱས་ཏེ་སློབ་སྦྱོང་བྱེད་སྒོ་རྩ་འཛུགས་ཞིབ་ཚགས་བྱས་ནས་སྤེལ་བ་དང་།    ཟུར་ཞུགས་ཟུར་ཉན་འཆར་གཞི་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་པ།  “བརྗོད་དོན་གཙོ་བོ་སློབ་སྦྱོང་དང་། གཅིག་སྡུད་རྩ་འཛུགས་སློབ་སྦྱོང་། མི་སྒེར་རང་བདག་སློབ་སྦྱོང”བཅས་མཉམ་འབྲེལ་བྱེད་སྟངས་སྤྱད་དེ། རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་དངོས་སུ་སྤེལ་བར་སྐུལ་འདེད་གང་ལེགས་བྱས། “མང་ཚོགས་ཀྱི་སྒྲོག་བཤད་རླངས་འཁོར་ཆེན་པོ”སོགས་ནུས་ལྡན་གྱི་གཞི་རྟེན་ལ་བརྟེན་ནས“རིམ་གསུམ་སྒྲོག་བཤད”མ་ལག་གི་ནུས་ཕྱོད་འདོན་སྤེལ་གང་ལེགས་བྱས་ཏེ། ཆེད་ལས་སྒྲོག་བཤད་རུ་ཁག་སྒྲིག་འཛུགས་བྱས་ཏེ་གསར་གཏོད་ཀྱི་སྒོ་ནས“རིགས་པའི་གཞུང་ལུགས་དང་།     རིག་རྩལ།     དྲ་རྒྱ་བཅས་མཉམ་འབྲེལ”གྱི་སྒྲོག་བཤད་བྱེད་སྟངས་བཏོད་ནས། “བཤད་པ་དང་ལེན་པ།     ཁྲིད་པ།     འཁྲབ་པ”བཅས་ནུས་ལྡན་མཉམ་འདྲེས་དང་།    སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་བསམ་བློ་རིག་གནས་གནད་འཁེལ་བརྒྱུད་སྤྲོད་དང་མང་ཚོགས་ལ་ཐད་ཀར་ཤེས་པར་བྱས་ཡོད།     “ཚྭ་འདམ་ཆེ་བ་ཁྱབ་བསྒྲགས”དང“ཚྭ་འདམ་ཆེ་བའི་གདོང་ལེན”སོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་ལ་བརྟེན་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ“འགག་རྩའི་ཉུང་ཤས”ནས“མང་ཆེ་བའི”ཕྱོགས་སུ་སྣུར་སྲིང་དང་།  ལས་ཁུངས་ནས་གཞི་རིམ་གྱི་ཡུལ་དངོས་དང་པོར་ཁྱབ་རྒྱུར་སྐུལ་འདེད་བཏང་སྟེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་མང་ཚོགས་ཕལ་བའི་ཁྱིམ་དུ་བསྒྲགས།

དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གནས་ཡུལ་ལ་བརྟེན་ནས“ཏང་ཡོན་གདོང་ལེན་རུ་ཁག”དང“བུད་མེད་དང་བླངས་ཞབས་ཞུ་རུ་ཁག” “ལེ་ཧྥེང་དང་བླངས་ཞབས་ཞུ་རུ་ཁག”སོགས་བཏོད་ནས། “ཏང་ཡོན་མཁར་སྡེ་རུ་སྐྱོད་པ”དང“འདུན་པ་ཆུང་གྲས”ཀྱི་ངོས་འཛིན་རྩིས་ལེན་དང་།     “བརྩེ་སེམས་སློབ་ཁྲིད”ཀྱི་རོགས་སྐྱོར།     “ལེ་ཧྥེང་ལ་སློབ་སྦྱོང་བྱེད་པ”དང་བླངས་ཞབས་ཞུ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་རྒྱུན་རྣམ་ཅན་དུ་སྤེལ་ནས། དང་བླངས་ཞབས་ཞུ་དེ་དྲོད་ཁོལ་བརྒྱུད་སྤྲོད་དང་དམངས་སེམས་གོང་བུར་འགྲིལ་བའི་སྦྲེལ་ཐག་གལ་ཆེན་ཞིག་ཏུ་གྱུར་ཡོད།  དཔེ་མཚོན་འདེམས་སྒྲུག་དང་།  གསོ་སྐྱོང་།   དྲིལ་སྒྲོག་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།     སྲིད་ཇུས་སྒྲོག་བཤད་དང་བྱས་རྗེས་སྙན་ཞུའི་ཚོགས་འདུ་སོགས་རྣམ་པ་སྣ་ཚོགས་བརྒྱུད་དེ། མངའ་ཁུལ་ནང་གཞན་ལ་རོགས་རམ་བྱ་རྒྱུར་དགའ་ཞིང་།  བདེན་པའི་རྒྱབ་ལངས། ཁ་དན་ཚིག་གནས།     ལས་བཀུར་བྱས་རྗེས་འཇོག་པ།     རྒན་སྐྱོང་གཉེན་གཅེས་སོགས་ཐད་ཀྱི་སྔོན་ཐོན་དཔེ་མཚོན་སྔོག་འདོན་གཏིང་ཟབ་བྱས།     ཡ་རབས་ཡུལ་སྲོལ་དང་ཁྱིམ་སྲོལ་བཟང་པོ། དམངས་སྲོལ་བབ་ཆགས་བཅས་འཛུགས་སྐྲུན་ལ་བརྟེན་ནས“ཁྱིམ་སྲོལ་དང་ཁྱིམ་གྱི་བསླབ་བྱ་ཁྱིམ་ཚང་ཁྲི་ལ་ཁྱབ་པ”དང་།     “ཡ་རབས་ཁྱིམ་ཚང”དང“མནའ་མ་བཟང་པོ།     སྒྱུག་མོ་བཟང་པོ”བཅས་ཀྱི་དཔྱད་འདེམས་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། མང་ཚོགས་ཀྱིས་རང་འགུལ་ངང་ཁྱིམ་སྲོལ་དང་ཁྱིམ་གྱི་བསླབ་བྱ་བཟང་པོ་རྒྱུན་འཛིན་དང་།  ཁྱིམ་ཚང་གི་ཀུན་སྤྱོད་བཟང་པོ་དར་སྤེལ་གཏོང་བ། ཁྱིམ་སྲོལ་བཟང་པོ་ལ་བརྟེན་ནས་དམངས་སྲོལ་བཟང་པོ་ཆགས་པར་ཁྲིད་སྟོན་བྱས་ཡོད།

རང་འགུལ་གྱིས“ཕྱིར་སྐྱོད”རྒྱུན་འཁྱོངས་བྱས་ཏེ་རྒྱུན་མཐུད་ངང་རིག་གནས་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་ཐབས་ལམ་རྒྱ་ཆེར་བཏང་བ་དང་།  མི་སྣ་རྩ་འཛུགས་བྱས་ནས་ཞིང་ཆེན་གཞན་དུ་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་།     ཞིང་ཆེན་ལྟེ་གནས་ཀྱི་ལྟེ་བའི་ཚོང་སྐོར་དུ་ཚྭ་འདམ་གཞོང་ཆེ་བའི་ས་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་།    མི་ཚུལ་ཁྱད་ཆོས།   རིག་གནས་དང་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་བཅས་ཀྱི་དྲིལ་སྒྲོག་བརྡ་ཁྱབ་གནད་འཁེལ་ངང་སྟོན་པ་བཅས་བྱས་ཏེ། མངའ་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་།     སྤུས་ལེགས་ལམ་ཐིག     ཁྱད་ལྡན་ཐོན་རྫས་བཅས་ཁྱོན་ཡོངས་ནས་འོས་སྦྱོར་བྱས་ཏེ།  ཚྭ་འདམ་གཞོང་ཆེ་བའི་རིག་གནས་ཡུལ་སྐོར་ཟོང་རྟགས་ཀྱི་སྐད་གྲགས་ཚད་མཐོ་རུ་བཏང་། རླངས་འཁོར་བྱེས་བགྲོད་འཐེན་ཤུགས་འགྲན་བསྡུར་དང་།  རྔ་མོང་ཞིམ་ཟས་དུས་ཚིགས། མཐོ་སྒང་མཛེས་ལྗོངས་པར་ལེན་འགྲེམ་སྟོན་སོགས་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།   2025ལོར“རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་ཕྱོགས་ལེགས་པའི་ས་ཁུལ”གྱི་དཔྱད་བསྡུར་ཐོབ་ནས་རྗེས་མཐུད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྲིད་ཇུས་དང་ཐོན་ཁུངས་ཀྱི་རྒྱབ་སྐྱོར་དེ་ལས་མང་པོ་བརྩོན་ལེན་བྱས་ཡོད།     “རིག་གནས་ལ་བརྟེན་ནས་ཡུལ་སྐོར་སྐུལ་སྤེལ་གཏོང་བ་དང་།     ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ”རྒྱུན་འཁྱོངས་བྱས་ཏེ་ཞིས་ཐེ་ཧྲན་རིག་གནས་སྤྱི་གླིང་གི་སྒྲིག་བཀོད་སྒྱུར་བཀོད་ལེགས་སྒྱུར་དང་།   “ཚྭ་འདམ་གྱི་འདས་དོན”གསར་བརྗེའི་རིག་གནས་ཀྱི་མིང་བྱང་གཏོད་པ།  རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་བཟོ་བཅས་བྱས་ཏེ། ཚྭ་བརྐོས་དང་མཐོ་སྒང་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱས་ནས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་མཚོན་ཡོད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།