སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ། དམ་པ་དོན་གཉེར་”བཅས་ཀྱི་སྤྱིའི་བླང་བྱར་རྩེ་གཅིག་ཏུ་དམིགས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་པའི་ཁྲོད་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་པར་སྐུལ་འདེད་བཏང་བ་དང་། དངོས་སྒྲུབ་འགན་འཁུར་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། བསམ་འཆར་དང་གྲོས་འགོར་རྒྱ་ཁྱབ་ཏུ་ཉན་པ་དང་། སློབ་ཞིབ་སྒྱུར་གསུམ་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། ཡང་དག་པའི་སྲིད་འབྲས་ལྟ་བར་བརྟེན་ནས་རང་འགན་གཙང་སྒྲུབ་དང་ལས་སྒྲུབ་ལས་གཏོད་ལ་སྐུལ་འདེད་བཏང་།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་མཛུབ་ཁྲིད་པུའུ་ཡི་པུའུ་ཀྲང་། ཝུའེ་ཧུང་གིས་བཤད་རྒྱུར།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ད་ལོའི་ལས་ཁུངས་ཀྱི་ཏང་ལེགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་རྩ་འཛུགས་བྱས་ནས་“སློབ་ཁྲིད་གཅིག་བྱེད་པ་”དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་སློབ་སྦྱོང་དང་སློབ་གསོ་སྤེལ་བར་སྐུལ་འདེད་གཏོང་བ། སྲིད་སྐྱོང་འབྲས་ལྟ་བ་ཡང་དག་པར་སྣེ་ཁྲིད་དེ་འཛུགས་པ་དང་ལག་བསྟར་བྱས་ཏེ། ཕན་འབྲས་དངོས་ཀྱི་ཐོག་ནས་“སྲུང་སྐྱོང་གཉིས”ཀྱི་རུ་སྟར་དང་པོ་ལག་བསྟར་ལེགས་པོ་བྱས།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་སློབ་གསོ་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་སྦྱོང་སློབ་གསོའི་འཆར་གཞི་བཟོས་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན། ཞབས་ཞུའི་ལས་རིགས་ཀྱི་ནུས་པ་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས། སྡོད་དམངས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ལས་འགན་ལ་དམིགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོའི་བྱ་བ་དངོས་ལེགས་པོ་སྒྲུབ་པའི་དངོས་སྒྲུབ་བྱ་ཐབས་ལ་དམིགས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ལེགས་པར་རྩོམ་པ་དང་གོམ་པ་ལེགས་པར་སྤོ་ཆེད་བྱས་རྗེས་གལ་ཆེན་བཞག
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལས་ཁུངས་ཏང་ཨུའི་རྒྱུན་གཏན་གྱི་བྱ་བའི་ལས་བགོས་འགན་གཉེར་བྱེད་པའི་ཧྲུའུ་ཅི་གཞོན་པ། ཀྲང་ཏུང་ཧྲེང་གིས་བཤད་རྒྱུར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ཏེ། སློབ་སྦྱོང་དང་། ཞིབ་བཤེར། ལེགས་བཅོས་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འགུལ་སྐྱོད་དངོས་ཀྱི་ཐོག་ནས“སྲིད་འབྲས་སུའི་དོན་དུ་འཇོག་པ་དང་། སྲིད་འབྲས་ཅི་འདྲ་ཞིག་འཛུགས་པ། ཅི་ཞིག་ལ་བརྟེན་ནས་སྲིད་འབྲས་འཇོག་པ”བཅས་ཀྱི་གནད་དོན་ལ་ལན་ཡག་པོ་བཏབ།
ནོར་སྲིད་པུའུ་ཡིས་སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཏེ། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། སློབ་བཤེར་བཅོས་གསུམ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་བེད་སྤྱོད་ལེགས་པོ་བྱེད་པ། ལམ་ལུགས་དང་ལམ་སྲོལ་ཁ་གསབ་ལེགས་པོ་བརྒྱབ་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སྲིད་འབྲས་ཀྱི་ལྟ་བ་ཡོ་བསྲང་དང་བཅོས་སྐྱོང་ནུས་ལྡན་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱ་རྒྱུ་དེ་ནོར་སྲིད་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ལ་དོན་འཁྱོལ་བྱས།
ནོར་སྲིད་པུའུ་སྔོན་རྩིས་སིའི་སི་ཀྲང་། ཝང་ཞིན་ཞང་གིས་བཤད་རྒྱུར།
ང་ཚོས་ཟབ་སློབ་དང་། ཞིབ་བཤེར་ངོ་མ། ལེགས་བཅོས་དངོས་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནོར་སྲིད་འཁོར་སྐྱོད་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ཏེ། དོན་དངོས་དང་ཟུང་འབྲེལ་གྱིས་སྲིད་ཇུས་ལེགས་འགྱུར་དང་བཅོས་སྒྱུར་ཟབ་སྤེལ་བྱས་ནས། ཕྱོགས་ཡོངས་ནས་ནོར་སྲིད་ཚན་རིག་དང་མཐུན་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བར་བརྟེན་ནས། ནོར་ཤུགས་སྔར་ལས་མང་བ་འཕར་སྣོན་བརྟན་པོ་དང་། འཛད་སྤྱོད་སྐུལ་སྤེལ། དམངས་འཚོར་ཕན་པ་བཅས་ཀྱི་ཕྱོགས་སུ་བཏང་སྟེ་། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གསར་གཏོད་ལ་འབད་པ་བྱས།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་སྲིད་དོན་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས། ཆབ་སྲིད་ཀྱི་ལངས་གནས་དང་། འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ། བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་། ངེས་པ་དོན་གྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་བྱེད་ཤུགས་ཡོད་པ། ལེགས་བཅོས་ལ་ཕན་འབྲས་ཡོད་པར་བྱས།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཁེ་ལས་ཆུང་འབྲིང་ཅུས་ཀྱི་ཅུས་ཀྲང་། ལེང་ཀྲི་ཧྥུང་གིས་བཤད་རྒྱུར།
ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ལམ་ལུགས་ལ་བརྟེན་ནས་དབང་ཆའི་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ནས། “ཁེ་ལས་ལ་དགོས་མཁོ་ཡོད་མེད་དང་བློ་ཡིད་ཚིམས་མིན་”དེ་ཞབས་ཞུ་སྤེལ་བའི་འགོ་ཚུགས་སར་བརྩིས་ནས། ཁེ་ལས་ཆུང་འབྲིང་ལ་གནད་སྨིན་ནུས་ལྡན་གྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ངེས་པ་དོན་གྱིས་ཁེ་ལས་ཀྱི་ཐོབ་སྣང་ཆེ་རུ་བཏང་།