ཡུས་ཧྲུའུ་ཡི་སྤུས་ལེགས་ཐོན་རྫསCMGམང་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་སྟེང་འགྲེམ་སྟོན་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ3པའི་ཚེས28ཉིན་ནས་ཟླ4པའི་ཚེས3ཉིན་བར། 2026ལོའི་རི་བོ་ཐའེ་ཧྲན་གྱི་ཆུ་བཟང་པོའིCMGམང་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་གྱི་ས་ཚིགས་གཉིས་པ་ཧྲན་ཏུང་ཞིང་ཆེན་ཐའེ་ཨན་གྲོང་ཁྱེར་དུ་སྤྲོ་སེམས་འཁོལ་བའི་ངང་བསྡུས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ནང་ཁུལ་གྱི་གཙོ་གནད་ཞིང་ལས་དང་ཡུལ་སྐོར་ཁེ་ལས་རྩ་འཛུགས་ཞིབ་མོ་བྱས་ནས།“གཙང་འགོའི་ཡུས་ཧྲུའུ་གླིང་སྣེའི་ཐོན་རྫས”ཞེས་པའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རབ་དང་རིམ་པ་འཁྱེར་ནས་འགྲན་རར་ཞུགས།

ཐེངས་འདིའི་གདན་ཞུའི་འགྲན་བསྡུར་ནང་རྒྱལ་ཡོངས་ཀྱི་མང་ཚོགས་རྐང་རྩེད་སྤོ་ལོའི་རུ་ཁག་དྲུག་འཛོམས་ཡོད་པས། ཡུས་ཧྲུའུ་རུ་ཁག་གིས་དཔའ་ངར་ཆེན་པོས་འབད་འཐབ་དང་ཉམས་འགྱུར་གང་ཡོད་བཏོན་ནས། མཐོ་སྒང་གི་བུ་བུ་མོ་ཡོངས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་བསམ་པའི་ཉམས་འགྱུར་གསོན་ཉམས་ལྡན་པའི་མཚོན་པར་བྱས་ཡོད། འགྲན་རའི་ཕྱི་རོལ་དུ། ཡུས་ཧྲུའུ་ཁུལ་གྱིས་ཆེད་དུ་སྨི་ངོས་སྙོམས་གྲུ་བཞི100ཡོད་པའི་དམིགས་བསལ་མཛེས་བཟོའི་འགྲེམས་ཁུལ་བསྐྲུན་པ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་འོས་སྦྱོར་ཆེད་ཁུལ་བཙུགས་ཏེ་ཡུས་ཧྲུའུ་ཡི་ནོར་གནག་དང་ལུག ནས་ནག     ཉུངས་མ་སོགས་ས་ཁམས་མཚོན་རྟགས་ཐོན་རྫས་དང་དེ་མིན་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་གཅིག་སྡུད་བྱས་ནས། “ཀྲུང་གོའི་ནོར་གནག་གི་ཕ་སའི”ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་སྐྱེས་སྟོབས་དང་ཐོན་ལས་ཀྱི་སྟོབས་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས།

བྱེད་སྒོ་སྤེལ་ཡུལ་དུ་དམིགས་བསལ་གྱིས་ནོར་གནག་དང་ལུག་ཤའི་ལྷད་མེད་ཀྱི་བྲོ་བ་མྱོང་བའི་གནས་བཀོད་སྒྲིག་བྱས་ཏེ། ཐའེ་ཨན་གྱི་གྲོང་མི་དང་ས་གནས་སོ་སོའི་ཡུལ་སྐོར་བ་གདན་འདྲེན་ཞུས་ཏེ་བྲོ་བ་མྱོང་དུ་བཅུག་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གླིང་སྣེའི་ཐུན་མོང་མ་ཡིན་པའི་བྲོ་བ་དང་ལྷད་མེད་ཀྱི་རྒྱུ་སྤུས་དངོས་སུ་མྱོང་རོལ་བྱེད་དུ་བཅུག ཉེ་བའི་ལོ་འགའི་རིང་། ཡུས་ཧྲུའུ་ཁུལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྱད་སྟོབས་ལ་རྐང་བཙུགས་ནས།“སྤུས་ཚད་མཐོ་རུ་གཏོང་བ་དང་གྲངས་འབོར་བརྟན་པོ་ཡིན་པ།     མུ་ཕྲེང་གསབ་བ།     སྐྱེལ་འདྲེན་རྒྱ་ཆེར་གཏོང་བ”བཅས་ཐབས་ལམ་དུ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་འདོན་ཁུལ་གཙོ་བོ་བསྐྲུན་པ་དང་། ཡུས་ཧྲུའུ་ནོར་གནག་སོགས་ཁྱད་ལྡན་ཐོན་རྫས་ཀྱིས་ས་བབ་མཐོ་བ་དང་།     སྦགས་བཙོག་མེད་པ། སྤྲི་དཀར་མང་བ། ཞག་ཚིལ་ཉུང་བ་བཅས་ཀྱི་སྤུས་ལེགས་རྒྱུ་སྤུས་ལ་བརྟེན་ནས་ཞིང་ཆེན་ཕྱི་ནང་དུ་ཚོང་ཧ་ཅང་བྲིན་པོ་རེད། ཐེངས་འདིར་རྒྱལ་ཁབ་རིམ་པའི་མང་ཚོགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་སྟེགས་བུར་བརྟེན་ནས། ཡུས་ཧྲུའུ་ཁུལ་གྱིས་ཐོན་རྫས་ཀྱི་འཚོང་ལམ་སྔར་ལས་རྒྱ་བསྐྱེད་པ་དང་ཟོང་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་བཏང་སྟེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དངོས་རྫས་བཟང་པོ་ཧྲན་ཏུང་དང་རྒྱལ་ཡོངས་སུ་ཁྱབ་རྒྱུར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།