མཚོ་སྔོན་གྱིས་འབྲེལ་ཡོད་ཚོགས་སྤྱིར་དམིགས་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ནུས་ཆོད་ཆེ་རུ་བཏང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ3པའི་ཚེས27ཉིན། གསར་འགོད་པས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། འབྲེལ་ཡོད་ཚོགས་སྤྱིའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བའི་ཁྱད་ཆོས་དང་དངོས་ཡོད་དགོས་མཁོར་དམིགས་ཏེ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཞིང་ཆེན་རིམ་པའི་སློབ་གསོ་དང་སྤྱི་བདེ། ཁྲིམས་འཛིན་སྲིད་འཛིན། འཕྲོད་བསྟེན་སོགས་སྡེ་ཁག་ལ་མཐུན་སྦྱོར་གཅིག་འདོམས་བྱས་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བའི་ཁ་གཏད་ཡུལ་གྱི་མང་ཚོགས་རིགས་བདུན་གྱི་མཐུན་ཆ་དང་ཞན་ཆ། ཐོལ་བརྒལ་གྱི་ཆ་བཅས་ལ་རྟག་དཔྱད་དང་དབྱེ་ཞིབ་གཏིང་ཟབ་བྱས་ནས་མ་ལག་བསམ་ཚུལ་རྒྱུན་འཁྱོངས་དང་གཅིག་འདོམས་བསམ་བློ་འཆར་འགོད་བྱས་ནས་འབྲེལ་ཡོད་ཚོགས་སྤྱིའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བའི་ཇུས་གཞི་ཞིབ་འཇུག་བྱས་ནས་རིགས་དབྱེ་འགོག་སྡོམ་དང་ཕྱོགས་བསྡུས་ལག་བསྟར་བྱས་པ་བརྒྱུད། འབྲེལ་ཡོད་ཚོགས་སྤྱིས་ཁྲིམས་འགལ་ཉེས་གསོག་བྱེད་པ་རྩ་བ་ནས་སྔོན་འགོག་དང་ཇེ་ཉུང་དུ་བཏང་ནས་མགྱོགས་མྱུར་ངང་སྤྱི་ཚོགས་ཁྲོད་ཟབ་ཞུགས་བྱས་ནས་སྤྱི་ཚོགས་ལ་ཞབས་ཞུ་གང་ལེགས་བསྒྲུབ་དགོས།

ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་བྱ་བར་ཐོལ་བརྒལ་གྱི་ཆ་མང་པོ་ཡོད་དེ། སྡེ་ཁག་མང་པོས་མཉམ་འབྲེལ་གྱིས་འབྲེལ་ཡོད་ཁྲིམས་སྐྱོང་དྲིལ་སྒྲོག་ཆེད་དོན་ལམ་ལུགས་ཀྱི་ཡིག་ཆ་ཐོག་མ་བཏོན་པ་དང་ཞབས་ཞུ་དང་བྱེད་ཐབས་སྣ་མང་བཏོན་ནས་ཞན་ཆ་ཁ་གསབ་བྱས་པ། ཉམས་པ་གསུམ་དང་ཞན་པ་གཅིག་དྲིལ་སྒྲོག་སློབ་གསོའི་ཁ་གཏད་ཡུལ་ཁྲོད་ཐེངས་དང་པོར་བཅུག་ནས་དོ་དམ་གྱི་ཞན་ཆ་ཁ་གསབ། བྱ་བའི་ཁྲོད་མཚོ་སྔོན་གྱིས་མ་ལག་བསམ་གཞིགས་རྒྱུན་འཁྱོངས་སྒོས་སུས་ཁྲིམས་བསྟར་བྱས་ན་དེས་དྲིལ་སྒྲོག་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པ་དང་། བདེ་འཇགས་དང་ཁྲིམས་ལུགས་ཁྱབ་བརྡལ། དོ་དམ། ཞབས་ཞུ་བཅས་ཀྱི་འདུ་ཤེས་ཆགས་པར་བྱས་ནས་འབྲེལ་ཡོད་བྱ་བར་ཕྱོགས་ཡོངས་ནས་འཆར་འགོད་བྱས། ཁྲིམས་སྐྱོང་སློབ་གསོའི་གཙོ་ཐིག་དང་དམ་དུ་སྦྲེལ་ནས་ཁྲིམས་སྐྱོང་བསམ་གཞིགས་དེ་སློབ་གསོ་ཁྲིད་སྟོན་དང་ལྟ་རྟོག་དོ་དམ། བསམ་བློ་བཅོས་སྒྱུར། བསླབ་འདོམས། ཞབས་ཞུ་འགན་སྲུང་། སེམས་ཁམས་སྙོམ་སྒྲིག རོགས་སྐྱོབ་བཅས་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས་ཁྲིམས་སྐྱོང་སློབ་གསོ་དང་སེམས་ཁམས་སྙོམ་སྒྲིག སྲིད་ཇུས་རོགས་སྐྱོར། ལས་གཉེར་གསོ་སྦྱོང་བརྒྱུད་ཁྲིམས་སྐྱོང་འདུ་ཤེས་ཉམས་ཞན་གྱི་གནད་དོན་ཐག་བཅད་ནས་ཁྲིམས་ལྟར་ལས་ཀ་བྱེད་པའི་བསམ་ཚུལ་ཆགས་པར་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།