མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས26ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི“དམངས་ཚིས་དོན་དངོས་ཡག་པོ་བསྒྲུབས་ནས། དམངས་ཚིས་བདེ་སྐྱིད་ལ་ཡར་སྐུལ་གཏོང་རྒྱུ”བརྗོད་དོན་ཡིན་པའི་མུ་འབྲེལ་སྒྲོག་སྤེལ་ཚོགས་འདུ་སྟེ། 2026ལོའི་དམངས་ཚིས་དོན་དངོས་ཆེད་དོན་སྒྲོག་སྤེལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མོས་མཐུན་རྒྱུད། ད་ལོར་མཚོ་སྔོན་གྱིས་ལས་གནས་ཇེ་བརྟན་དུ་གཏོང་བ་དང་ཤོང་ཚད་ཆེ་རུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ། སྡོད་ཁང་འགན་ལེན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། དམངས་ཚིས་སྐོར་གྱི་དོན་དངོས་རིགས་ཆེན་པོ་བཅུ་དང་རྣམ་གྲངས46ལ་གཅིག་གྱུར་འཆར་འགོད་ཐོག་ལག་བསྟར་དང་། དམངས་ཚིས་དོན་དངོས་ཀྱི“ལས་དོན་སྣ་གཅིག་ལ་དམིགས་་པ་དང་ལས་དོན་སྣ་གཅིག་ལེགས་པོར་སྒྲུབ་པ། ལས་དོན་སྣ་གཅིག་གཙང་མ་སྒྲུབ་པ”བཅས་ཀྱི་ཐད་འགན་ལེན་བྱས་ནས། “མང་ཚོགས་ཀྱིས་རེ་ལྟོས་བྱེད་པའི་བྱ་བ”དེ་གནད་ལ་འཁེལ་བའི་སྒོ་ནས“སྲིད་གཞུང་གིས་སྒྲུབ་པའི་བྱ་བར”བསྒྱུར་ཏེ། མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་དོན་ཐོག་ཏུ་འཁྱོལ་བར་འབད་འབུངས་བྱ་རྒྱུ་རེད།
ད་ལོའི་དམངས་ཚིས་དོན་དངོས་ལས་གཞི་རིགས་ཆེན་པོ་བཅུ་དང་རྣམ་གྲངས46ཁྲོད་ལས་གནས་བརྟན་པོ་དང་ཤོང་ཚད་ཆེ་རུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བའི་ནང་ལས་ཞུགས་ཞབས་ཞུའི་བྱེད་སྒོ་ཐེངས300རྩ་འཛུགས་བྱས་ནས་སྤེལ་བ་དང་། གདན་ཞུའི་ལས་གནས་ཆ་འཕྲིན་ཁྲི20ལས་མི་ཉུང་བ་ཁྱབ་སྒྲོག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི6ཡན་ལས་ཞུགས་ལ་སྐུལ་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཁྲི106གི་ལས་རྣམ་བསྒྱུར་ཏེ་ལས་ཞུགས་བྱེད་དུ་བཅུག “རྩལ་ནུས་ཀྱིས་མདུན་ལམ་གསལ་སྟོན་བྱེད་པའི”གསོ་སྦྱོང་བྱ་སྤྱོད་སྣེ་ཁྲིད་དུ་བྱས་ནས། མི་ཁྲི10ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ཏེ། རྩལ་ནུས་བསླབ་ནས་ལས་ཞུགས་དང་རྩལ་ནུས་བསླབ་ནས་ཤེས་ལྡན་པར་འགྱུར་བ། རྩལ་ནུས་བསླབ་ནས་ཡོང་འབབ་འཕར་སྣོན་བཅས་བྱེད་པར་སྐུལ་འདེད་བཏང་། ལས་ཞུགས་བྱེད་སྟངས་གསར་པའི་ཕྱོགས་ཀྱི་མི་སྣར་ལས་རིགས་ཀྱི་གནོད་འཚེ་བཏང་བ་ལ་འགན་ལེན་བྱེད་པའི་ཚོད་ལྟ་རང་ཞིང་དུ་ལག་བསྟར་བྱ་བར་སྐུལ་འདེད་བཏང་བ་དང་། ཕྱིར་སྐྱོད་དང་དུས་ཐོག་སྐྱེལ་བ། གྲོང་ཁྱེར་ནང་ཁུལ་ནས་ཟོག་འདྲེན་བཅས་ལས་རིགས་གསུམ་གྱི་ལས་སྟེགས་ཁེ་ལས་ལས་རིགས་ཀྱི་གནོད་འཚེ་འགན་ལེན་དེ་ཚོད་ལྟའི་ཁྱབ་ཁོངས་ནང་འཇུག་རྒྱུ་བྱས།
ཀུན་ཕན་སློབ་གསོའི་ལས་གཞི། སྔོན་འགྲོ་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་ནང་སློབ་སྦྱོང་བྱེད་བཞིན་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པ་དང་སློབ་མར་ལོ་རེའི་ཆ་སྙོམས་ཀྱིས་སྒོར7000ཡི་ཚད་གཞི་ལྟར་ཁ་གསབ་རོགས་དངུལ་སྤྲོད་དགོས། འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ཚད་ལྡན་ངང་ལག་བསྟར་བྱས་ནས། སློབ་གྲྭ34ལ་ཟ་ཁང་བསྐྲུན་རྒྱུར་སྐུལ་འདེད་བཏང་། སློབ་གྲྭའི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས། སློབ་གྲྭ100ལ་མེ་ཟོན་སྒྱུར་བཀོད་བྱ་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་གྲོན་དགེ་འོས་སློབ་མ་དང་དགེ་རྒན་ཕུལ་བྱུང་། འཆར་གཞིའི་དགེ་འོས་སློབ་མ400ཡན་བཀོད་སྒྲིག་བྱ་རྒྱུ་རེད།
སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ལས་གཞི་ཕྱོགས་ནས། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས་འཁོར་སྐྱོད་བྱེད་མགོ་བཙུགས་ཏེ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་པ་དང་བཞི་པའི་གཤགས་བཅོས་བསྡུར་ཚད50%ཡན་ཟིན་པ་རེད། “སྤུས་ལེགས་ཞབས་ཞུ་གཞི་རིམ་དུ་བསྐྱོད”པའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས། ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཞབས་ཞུའི་ནུས་པ་ཚད་གཞིར་སླེབས་པའི་བསྡུར་ཚད90%ཡན་ལ་སླེབས་པར་འགན་ལེན་ཏན་ཏིག་བྱ་རྒྱུ། ཟི་ལིང་གྲོང་ཁྱེར་གྱི་གཞུང་གཉེར་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ལག་བསྟར་ཡག་པོ་བྱས་ནས། རྫོང་ཁོངས་ནང་སྨན་ཁང་དུ་སྡོད་ཚད་ཀྱིས་བཟུང་བའི་བསྡུར་ཚད60%ཡན་ཟིན་པ་དང་། རིམ་པ་གཉིས་པ་དང་དེ་ཡན་གྱི་སྨན་ཁང་གི་ཞིབ་བཤེར་རྣམ་གྲངས་ཕན་ཚུན་ཁས་ལེན་བྱེད་ཚད་ཉུང་མཐར་ཡང་ཁག300ཟིནཐུབ་པ་དང་། ཞིབ་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་མཁན་གཞུང་གཉེར་སྨན་ཁང་གི་བསྡུར་ཚད100%ཟིན་པར་འགན་ལེན་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པ་དང་དེ་ཡན་གྱི་སྨན་ཁང་དུ་འདུག་རོགས་མི་དགོས་པའི་ལྟ་སྐྱོང་ཞབས་ཞུ་ཁྱོན་ཡོངས་ནས་ཁྱབ་གདལ་གཏང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཡུན་རིང་ལ་ཕན་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་རེད།
རྒན་གསོའི་ཞབས་ཞུ་མཐོ་རུ་གཏོང་བའི་ལས་གཞི་ཕྱོགས་ནས། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་ཁེ་ལས་དང་དོན་ལས་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་གཞི་རྩའི་རྒན་གསོའི་དངུལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གཏོང་རྒྱུ་རེད།
བུ་བཙའི་ལས་གཞི་ལེགས་སྒྱུར་ཕྱོགས་ནས། ལོ0ནས3བར་གྱི་བྱིས་པ་ཁྲི19ལ་བྱིས་པའི་གསོ་སྐྱོང་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད། སློབ་གསོ་སྡེ་ཁག་གིས་ཆོག་མཆན་བཀོད་ནས་བཙུགས་པའི་དམངས་གཉེར་བུ་བཅོལ་ཁང་དུ་སློབ་སྦྱོང་བྱེད་པའི་སློབ་ལོ་རན་པའི་བྱིས་པར་རང་སོ་སོའི་ས་གནས་ཀྱི་རིགས་གཅིག་པའི་གཞུང་གཉེར་བུ་བཅོལ་ཁང་གི་རྩ་ཆག་གཏོང་བའི་ཆུ་ཚད་གཞིར་བཟུང་ནས། བུ་གསོ་སློབ་གསོའི་གྲོན་དངུལ་དེ་མཚུངས་ཀྱིས་ཆག་ཡང་དང་རྩ་ཆག་གཏོང་དགོས། ཞིང་ཆེན་རིམ་པའི་བཟོ་ཚོགས་ཀྱི་གཅེས་སེམས་ཚབ་གཉེར་འཛིན་གྲྭ8བསྐྲུན་རྒྱུ་དང་། ཞིང་ཆེན་རིམ་པའི་བུད་མེད་ལས་བཟོའི་དྲོ་སྐྱིད་ལྡན་པའི་ཁང་ཆུང10བསྐྲུན་རྒྱུ་རེད།
གྲོང་ཁྱེར་གསར་སྒྱུར་ལས་གཞི་ཕྱོགས་ནས། གྲོང་ཁྱེར་གྱི་ཆུ་འབུད། འབར་རླངས། དྲོད་འདོན་སོགས་གྲོང་ཁྱེར་གྱི་ས་འོག་སྦུག་དྲ་སྤྱི་ལེ600བསྒྱུར་བཀོད་བྱེད་རྒྱུ་ལག་བསྟར་བྱེད་རྒྱུ་རེད།
གྲོང་གསེབ་དར་སྤེལ་ལས་གཞི་ཕྱོགས་ནས། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སྤྲད་དེ་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་ཁྱིམ་ཚང་གི་གསང་སྤྱོད5800གསར་སྐྲུན་ནམ་བསྐྱར་སྐྲུན་བྱེད་རྒྱུ་རེད།
སེམས་དྲོད་དམངས་ཕན་ལས་གཞི་ཕྱོགས་ནས། དབང་པོ་སྐྱོན་ཅན་ཁྲི་གཉིས(དབང་པོ་སྐྱོན་ཅན་བྱིས་པ་ཚུད)ལ་བདེ་ཐང་སླར་གསོའི་སྨན་བཅོས་དང་། བདེ་ཐང་སླར་གསོའི་སྦྱོང་བརྡར། རམ་འདེགས་ཡོ་བྱད་འཚམ་སྒྲིག་སོགས་གནད་སྨིན་གྱི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་དང་། དབང་པོ་སྐྱོན་ཅན2000ལས་མི་ཉུང་བ་ཞིག་ལ་ཉིན་མོའི་ལྟ་རྟོག་དང་། ཁྱིམ་དུ་སྡོད་པ་སོགས་ཀྱི་རྣམ་པའི་མངགས་བཅོལ་ཞབས་ཞུ་མཁོ་འདོན་བྱ་རྒྱུ། ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཆེ་བའི་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ཁྱིམ་ཚང1000ལ་འགོག་རྐྱེན་མེད་པའི་སྒྱུར་བཀོད་ལག་བསྟར་བྱེད་རྒྱུ། སྲིད་གཞུང་གིས་དམིགས་བསལ་ཚོགས་སྤྱིའི་སྐུད་ཡོད་བརྙན་འཕྲིན་ལྟ་བའི་ཞབས་ཞུའི་རྣམ་གྲངས་ཉོ་སྒྲུབ་ལག་བསྟར་དང་། ཞིང་ཆེན་ཡོངས་ཀྱིས་རིན་མི་དགོས་པའམ་ཡང་ན་རིན་དམའ་བའི་སྒོ་ནས་སྤྱི་ཚོགས་ལ་སྤྱི་པའི་ལུས་རྩལ་ར་བ80ཡན་སྒོ་འབྱེད་རྒྱུ་རེད།
འགྲིམ་འགྲུལ་འགྲོ་སྐྱོད་ལས་གཞི་ཕྱོགས་ནས། ཞིང་ཆེན་གྱི་གཞུང་ལམ་དཀྱུས་མ་དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ5000བསྐྱར་སྐྲུན་བྱེད་རྒྱུ་དང་། དམངས་ཕན་ཟམ་པ500གསར་དུ་བསྐྲུན། ཉེན་ཆེའི་ཟམ་པ20བསྒྱུར་བཀོད་བྱ་རྒྱུ་མ་ཟད། མྱུར་བགྲོད་གཞུང་ལམ(རིམ་པ་དང་པོའི་གཞུང་ལམ་ཚུད)གྱི་ཞབས་ཞུའི་ཁུལ79“རླངས་འཁོར་དང་དངོས་ཟོག་ལ་སེམས་ཁྲལ་མེད་པའི”སྤྱི་དམངས་འགན་འཁྲིའི་འགན་བཅོལ་ནང་གཅིག་གྱུར་ཐོག་ཞུགས་རྒྱུ། ཟི་ལིང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག8ལེགས་སྒྲིག་བྱེད་རྒྱུ་རེད།