ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས26ཉིན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། 2025ལོའི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་དང2026ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། 2025ལོར་ཨུ་ཡོན་ལས་ཁུངས་སོ་སོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོར་བཟུང་སྟེ། ཁག་ཁུར་དངོས་སྒྲུབ་དང་སྔོན་བརྩོན་འབད་འབུངས་བྱས་ཤིང་། བདེན་སྲུང་གསར་གཏོད་དང་ཡར་བསྐྱེད་གསར་འབྱེད་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་རིགས་ལས་དོན་ཐད་གྲུབ་འབྲས་གསར་པ་དང་འཕེལ་རིམ་གསར་པ་ལོན་པར་མཉམ་དུ་སྐུལ་འདེད་བཏང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། 2026ལོ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གྱི་དཔེ་སྟོན་ཞིང་ཆེན་ཚད་གཞི་མཐོན་པོས་བསྐྲུན་པའི་ཐོག་མའི་ལོ་ཡིན་པས། ཏང་གི་མི་རིགས་བྱ་བའི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ཏེ། མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལམ་ལུགས་ཀྱི་བྱེད་ནུས་འདོན་སྤེལ་བཟང་པོ་བྱས་ནས་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། སྲ་བརྟན་དུ་གཏོང་བའི་སློབ་གསོ་དང་ཞིབ་འཇུག་བྱེད་ཤུགས་ཇེ་ཟབ་ཏུ་བཏང་སྟེ། དམར་པོའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་མུ་མཐུད་དར་སྤེལ་དང་ལོ་རྒྱུས་རིག་གནས་ཐོན་ཁུངས་ཀྱི་རིན་ཐང་སྔོག་འདོན་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། མི་རིགས་མཐུན་སྒྲིལ་འཛུགས་སྐྲུན་གྱི་འགུལ་སྐྱོད་བཅུ་གཏིང་ཟབ་ཏུ་སྤེལ་ཏེ། རིག་གནས་ཡུལ་སྐོར་གྱིས་འགྲོ་འོང་དང་བརྗེ་རེས། འབྲེལ་འདྲིས་བཅས་ལ་སྐུལ་མ་གཏོང་བའི་བྱ་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་མི་རིགས་ཕན་ཚུན་མཉམ་འདྲེས་ཀྱི་འགུལ་སྐྱོད་གསར་དུ་སྤེལ་ནས། མི་རིགས་སོ་སོའི་བར་འགྲོ་འོང་དང་བརྗེ་རེས། འབྲེལ་འདྲིས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཧུར་ཐག་གིས་འདྲེས་པར་བྱས་ཏེ། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། མི་རིགས་སོ་སོ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། མི་རིགས་ཆོས་ལུགས་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་བཏང་སྟེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་སྲོལ》གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། མི་རིགས་ཆོས་ལུགས་ལས་དོན་གྱི་ཁྲིམས་ལྟར་ཁྲིམས་སྐྱོང་ཆུ་ཚད་མཐོར་འདེགས་བཏང་ནས། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་དང་། ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།