མཆུ་སྒྲོས་སྨུག་པོར་གྱུར་ན་སྙིང་མི་བདེ་བའི་ནད་རྟགས་ཡིན་ནམ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། གཡང་སྐྱིད་ཀྱིས་བསྒྱུར།

མཆུ་སྒྲོས་སྨུག་པོར་གྱུར་ན་སྙིང་མི་བདེ་བའི་ནད་རྟགས་ཡིན་ནམ། སྔོན་ལ་བྲེལ་བ་མ་ལངས། འདི་ལྟོས་ཤིག

ཁྱེད་ཀྱིས་མཚན་མོར་སོ་བཀྲུ་སྐབས། མཆུ་སྒྲོས་དུས་རྒྱུན་ལས་ཅུང་ནག་པ་དང་། ཐ་ན་སྨུག་པོར་གྱུར་ཡོད་ན། མི་མང་པོ་ཞིག་གིས་འཕྲལ་མར་དེ་ནི་སྙིང་ལ་གནད་དོན་བྱུང་བཡིན་ནམ་འདོད།

01མཆུ་སྒྲོས་ཅིའི་ཕྱིར་སྨུག་པོར་གྱུར་བ་ཡིན།

མཆུ་སྒྲོས་ཀྱི་སྐྱི་པགས་སྲབ་ལ་ཁྲག་རྩ་མང་པོ་ཡོད་པས། ཁྲག་གི་ནང་དུ་དབྱང་འདོར་ཁྲག་དམར་སྤྲི་དཀར(去氧血红蛋白)ཇེ་མང་དུ་སོང་ན། ལུས་པོའི་ཆ་ཤས་སྔོ་ནག་ཏུ་འགྱུར་ངེས།  དེར་གསོ་རིག་གི་གཞུང་དུསྨུག་འགྱུརཟེར། དེ་ནི་གློ་བའི་རླུང་གཟུགས་བརྗེ་རེས་དང་སྙིང་གི་འཁོར་སྐྱོད་བྱེད་ནུས། ཁྲག་རང་སྟེང་གི་དབྱང་འཛིན་ནུས་པ་བཅས་ལ་འབྲེལ་བ་ཡོད་སྲིད། མཆུ་སྒྲོས་ཀྱི་ཁ་མདོག་མི་རེ་རེ་ཡང་མི་འདྲ་བས།  ཁ་དོགཚད་ལྡནཡིན་མིན་ཐེ་ཚོམ་བྱེད་པ་ལས་ཀྱང་གལ་ཆེ་ཤོས་ནི་དུས་ཡུན་ཐུང་ངུའི་ནང་དུ་ཁ་མདོག་ལ་འགྱུར་ལྡོག་མངོན་གསལ་ཡོད་མེད་ལ་ལྟ་ཞིབ་བྱེད་དགོས་པ་དེ་རེད།

02གྲང་ནས་སྨུག་པོར་གྱུར་སོང་ངམ་ངོ་མ་སྨུག་པོར་གྱུར་སོང་བར་ཇི་ལྟར་དབྱེ་བ་འབྱེད་དགོས།

1.གྲང་ནས་སྨུག་པོ་གྱུར་པ་ཡིན་ན།  (ཕྱི་རྐྱེན་རང་བཞིན་གྱི་སྨུག་འགྱུར།) གྲང་ངར་གྱིས་ཁྲག་རྩ་འཁུམ་པ་དེ་ལུས་དྲོ་རྗེས་སླར་གསོ་ཐུབ་པ་དང་། ལྕེ་ཡི་ཁ་དོག་རྒྱུན་ལྡན་ཡིན། 

2.ངོ་མ་སྨུག་པོར་གྱུར་པ་ཡིན་ན། (དཀྱིལ་སྙིང་རང་བཞིན་གྱི་སྨུག་འགྱུར) ལྕེ་དང་ཁ་ནང་གི་འབྱར་སྐྱི (口腔黏膜)ཡང་སྨུག་པོར་འགྱུར་ཞིང་། དེ་དུས་རྒྱུན་དུ་ཡོད་པས་སེལ་དཀའ་བ་ཞིག་ཡིན། གལ་ཏེ་ཕྲུ་གུ་དང་བྱིས་པའི་མཆུ་སྒྲོས་རྒྱུན་དུ་སྨུག་པོར་གྱུར་ཞིང་། ཞོར་ལ་ཟས་ལྡུད་དཀའ་བ། ངུ་རྒྱུ་མང་བ། ལུས་པོའི་ལྗིད་ཚད་ཀྱི་མི་འདང་བ་སོགས་ཀྱི་གནས་ཚུལ་ཡོད་ན། དུས་ཐོག་ཏུ་སྨན་པར་སྟོན་དགོས།

03 སྙིང་དང་གློ་བར་གནད་དོན་མེད་ན་ཕལ་ཆེར་ཁྲག་གི་རྐྱེན་ཡིན་སྲིད། 

སྐབས་འགར་སྙིང་དང་གློ་བར་བརྟག་དཔྱད་བྱས་ན་རྒྱུན་ལྡན་ཡིན་མོད། འོན་ཀྱང་སྨུག་མདོག་སྔར་བཞིན་ཡོད། ཕལ་ཆེར་ཁྲག་གི་གནད་དོན་ཡིན་སྲིད། དཔེར་ན་ལྕགས་མཐོ་ཁྲག་དམར་སྤྲི་དཀར་ཁྲག་ནད(高铁血红蛋白血症)ཀྱིས་ཁྲག་དམར་སྤྲི་དཀར(血红蛋白)གྱིས་གསོ་རླུང་འདོན་པར་ཤུགས་རྐྱེན་ཐེབས་པས། རྒྱུན་ལྡན་གྱི་གསོ་རླུང་ཅི་འདྲ་བརྔུབས་ཀྱང་ལེགས་བཅོས་བྱེད་དཀའ།

04ལུས་ཕུང་ལ་གནད་དོན་ཡོད་མེད་ཇི་ལྟར་བརྡར་ཤ་གཅོད་དགོས།

  ཁ་དོག་ཚོད་དཔག་བྱེད་པ་ལས་གཞན་གཤམ་གྱི་གནད་འགའ་ལ་ལྟ་ཞིབ་བྱས་ན་དགའ།

 1. འགྱུར་ལྡོག་ནི་གསར་དུ་བྱུང་བ་ཡིན་ནམ་ཡང་ན་དུས་རིང་བོ་ཞིག་ནས་ཡོད་པ་ཡིན།

 2.འབྱུང་རྐྱེན་གང་ཡིན་པ་དང་།(དཔེར་ན་ལུས་པོ་གྲང་ངར་ཆེ་བ་ལྟ་བུ)ངལ་གསོ་དང་དྲོད་ཕུད་རྗེས་སླར་གསོ་བྱེད་ཐུབ་མིན།

3.དབུགས་ཐུང་བའི་ཞོར་ལ་དབུགས་འཚིང་བ། ལུས་ལ་ཤུགས་མེད་པའི་ཚོར་བ་ཡོད་མེད་བཅས་ལ་བརྟག་དགོས།

4.དེ་བཞིན་དུ་ཕྲུ་གུ་དང་བྱིས་པ་རྣམས་ཀྱི་ཟས་ལྡུད་གཉོར་སྐྱོང་དང་འཚར་ལོངས་ཀྱི་ཚུལ་ལ་དོ་སྣང་བྱེད་དགོས།

ཆ་རྐྱེན་འཐུས་པའི་གནས་ཚུལ་འོག མཛུབ་མོའི་ཁྲག་དབྱང་དཔྱད་ཆས་ཀྱིས་རམ་འདེགས་བྱས་ནས་བརྡར་ཤ་གཅོད་དགོས། གལ་ཏེ་ཁྲག་དབྱང་མུ་མཐུད་དུ་ཅུང་དམའ་བའམ་ཡང་ན་མངོན་གསལ་གྱིས་མི་བདེ་བ་ཡོད་ན། དུས་ཐོག་ཏུ་སྨན་པར་སྟོན་དགོས། 

མདོར་བསྡུས་ན།  མཆུ་སྒྲོས་ཀྱི་མདོག་ནི་བརྡ་ཤིག་སྟོན་པ་ཤས་ཆེ།  ང་ཚོས་དེས་བསྟན་པའི་རྒྱབ་ལོག་གི་འགྱུར་ལྡོག་དང་ལུས་ཕུང་གིས་བསྟན་པའི་བརྡ་གཞན་དག་ལ་དོ་སྣང་བྱེད་དགོས།  

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་གྱི་འཕྲིན་སྟེགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།