ཟླ3པའི་ཚེས24ཉིན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི2026ལོའི་དམངས་གཉེར་ཁེ་ལས་པའི་འཆད་ཁྲིད་ཆེན་མོ་སྐབས་དང་པོ་སྤེལ་འགོ་བརྩམས། ཐེངས་འདིའི་འཆད་ཁྲིད་སྟེང་ཆིང་ཧྭ་སློབ་ཆེན་གྱི་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན། ཞིན་ཧྲི་ཅེ་པེ་ཅིང་ཚན་རྩལ་ཚད་ཡོད་ཀུང་སིའི་སྲོལ་འབྱེད་པ་པའོ་ཅེ་ལགས་གདན་ཞུ་ཞུས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་དམིགས་ཏེ་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་པར་འཆད་འཁྲིད་གནང་ཞིང་། དྲ་ལམ་དང་ཡུལ་དངོས་ཀྱི་རྣམ་པ་ཟུང་འབྲེལ་སྒོས་སྤེལ་ཡོད།
འཆད་ཁྲིད་ཁྲོད་དུ། པའོ་ཅེ་ཡིས་ཚན་རྩལ་དང་ཐོན་ལས་ཀྱི་སྣོལ་མཚམས་འཚོལ་བ་དང་། ཚན་རྩལ་ནས་ཐོན་ལས་བར་འབྲེལ་ཟབ་བསྐྲུན་པ། ཐོན་ལས་ཀྱིས་ཚན་རྩལ་ཤུགས་ཆེར་གཏོང་བའི་ཕྱོགས་གསུམ་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བའི་ནང་གནས་གཏན་ཚིགས་གསལ་འགྲེལ་བྱས་ཤིང་། ཚད་རྡུལ་གྱིས་འོད་ཤལ་སྤྱད་ནས་ཉིང་ལྷེ་ཚོར་འདྲེན་བྱེད་པའི་རྣམ་པ་བཀོལ་སྤྱོད་དང་འཕེལ་རྒྱས་གནས་བབ་འགྲེལ་བཤད་ཟབ་མོ་བྱས་ཏེ། རང་ཞིང་གི་དམངས་གཉེར་ཁེ་ལས་པས་གོ་སྐབས་གསར་པ་དམ་འཛིན་དང་། འགྲན་ལམ་གསར་པ་བཀོད་སྒྲིག་བྱེད་པ། ཐོད་བརྒལ་གསར་པ་མངོན་འགྱུར་བྱ་ཆེད་མཛུབ་སྟོན་ནུས་ལྡན་དང་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས།
སློབ་ཁྲིད་བྱས་ཚར་རྗེས། ཡུལ་དངོས་ཀྱི་ཁེ་ལས་པ་རྣམས་ཀྱིས་ཚན་རྩལ་མཉམ་འདྲེས་ཚུལ་སྒྱུར་གྱི་གནད་དོན་ཇི་ལྟར་ཐག་གཅོད་པའི་ཐད་ནས་པའོ་ཅེ་དང་བརྗེ་རེས་ཁ་བརྡ་བྱས། ཁེ་ལས་པ་རྣམས་ཀྱིས་ཐེངས་འདིའི་སློབ་ཁྲིད་ཀྱི་མིག་རྒྱང་རིང་ཞིང་། ནང་དོན་ཕུན་སུམ་ཚོགས་ལ། གཞུང་ལུགས་དང་ལག་ལེན་མཛུབ་སྟོན་གྱི་དོན་སྙིང་ལྡན་པའི་ཆེད་དོན་སློབ་ཁྲིད་ཞིག་རེད། གསར་གཏོད་ནི་ཁེ་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་པོ་ཡིན་པས། ཐེངས་འདིའི་སློབ་སྦྱོང་གི་གྲུབ་འབྲས་ཁེ་ལས་འཕེལ་རྒྱས་ཀྱི་དོན་དངོས་འགུལ་སྐྱོད་དུ་བསྒྱུར་ཏེ། གོ་སྐབས་དམ་འཛིན་དང་བབ་བསྟུན་ལས་མཁས། སྒྲུབ་འདོད་ཀྱི་སྤོབས་པ་ཆེ་རུ་བསྐྱེད་པ་དང་ལས་གཞི་གཙོ་བོ་གཏིང་ཟབ་ཏུ་སྤེལ་ནས་རང་སོ་སོའི་ཁྱབ་ཁོངས་སུ་ཁྱད་ཆོས་དང་དགེ་མཚན་ལྡན་པར་བསྒྲུབས་ཏེ། རང་ཞིང་གི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།