
ཟླ3ཚེས24ཉིན། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཏང་གི་སློབ་གྲྭ་མཉམ་འབྲེལ་ཁུལ་ཞིང་ལས་ཞིང་གྲོང་ཅུས་ཀྱིས“ཞིང་བར་གྱི་ཏང་གི་སློབ་གྲྭ”ཞེས་པའི་དྲིལ་སྒྲོག་ལ་གཞི་བཅོལ་ཏེ། ཏང་གི་སློབ་ཁྲིད་རྣང་ཚིགས་ཞིང་ཁར་སྤར་ཏེ། ཀྲུང་དབྱང་གི“ཡིག་ཆ་དང་པོ”དེ་སོ་ནམ་ལ་ཕན་པའི“དྲོད་རླུང”དུ་བསྒྱུར་ཞིང་། ཞིང་ལས་ལག་རྩལ་གྱི་ཁྲིད་སྟོན་དེ་དཔྱིད་ཀའི་རྨོ་འདེབས་ཀློང་གི“དུས་ཀྱི་ཆར་བ”རུ་སྤྲུལ་ནས་རེ་བའི་གཤིན་ས་རུ་གཏོར་ཏེ། རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས། མེ་ཏོག་གི་འདབ་མ་གྲོལ། གཡུར་ཟའི་འབྲས་བུ་སྨིན། ལུང་མདོ་ཆུས་ཧྲོའུ་ལེ་གྲོང་རྡལ་ཀྲའོ་ཅ་སི་གྲོང་ཚོའི་ཞིང་པ་རྣམས་ཀྱིས་སྲིད་ཇུས་སྒྲོག་འགྲེལ་ཉན་ཞིང་། ཤེས་བྱ་བསླབ་པ་དང་། ཡིད་ཆེས་ཀྱི་འབྲས་བུ་མི་དམན་པ་ཞིག་བླངས།