མཚོ་སྔོན་བསྟུད་མར་ལོ་གསུམ་རིང་རྒྱལ་ཡོངས་ཀྱི་བདེ་འཇགས་འཛུགས་སྐྲུན་གྱི་དཔྱད་བསྡུར་ཕུལ་བྱུང་ཞིང་ཆེན་གྲས་སུ་ཚུད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས24ཉིན། གསར་འགོད་པས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས2025ལོའི་ལོ་འཁོར་གྱི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་དཔྱད་ཞིབ་བྱས་འབྲས་བརྡ་ཁྱབ་བསྒྲགས་པ་ལས། མཚོ་སྔོན་ལ“ཕུལ་བྱུང”རིམ་པ་སླར་ཡང་ཐོབ་པ་དང་བསྟུད་མར་ལོ་གསུམ་རིང་རྒྱལ་ཡོངས་ཀྱི་བདེ་འཇགས་འཛུགས་སྐྲུན་གྱི་ཕུལ་བྱུང་གྲས་སུ་ཚུད་ཡོད། དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་ཚིམ་སྣང་དེ2012ལོའི་ཚུན་གྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ནས་བདེ་འཇགས་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་རང་མདངས་ཟབ་མོ་རུ་གྱུར་ཡོད།    

2025ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གོང་འོག་གིས་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་དང་དམིགས་གཏད་འགག་སྒྲོལ་རྒྱུན་འཁྱོངས་བྱས་ཏེ་རྨང་གཞིའི་བྱ་བ་དང་། གཞི་རྩའི་ནུས་པ། གཞི་རྩའི་འགན་སྲུང་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཉེན་ཁ་ཚབས་ཆེན་ཁག་ཅིག་འགོག་ཟོན་ནུས་ལྡན་ངང་སེལ་བར་བྱས་པ་དང་། རྨང་གཞིའི་འཛུགས་སྐྲུན་གྱི་ཆད་སྐྱོན་དང་ཞན་ཆ་གསབ་པ་སྲ་བརྟན་དུ་བཏང་ནས་མཚོ་སྔོན་གྱི་དབྱེ་འབྱེད་ཚད་ལྡན་པའི་ལག་ལེན་ཉམས་མྱོང་གི་གྲུབ་འབྲས་ཁག་ཅིག་གྲུབ་པ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དེ་བརྒྱུད་རིམ་རང་བཞིན་གྱི་མཐོར་འདེགས་དང་སྤྱི་ཡོངས་རང་བཞིན་གྱི་ཐོད་བརྒལ་ཡོང་བར་སྐུལ་འདེད་བཏང་ཡོད། ལོ་ཧྲིལ་པོའི་ཉེས་དོན་དང་བདེ་སྲུང་གྱོད་གཞི་བྱུང་ཚད་ན་ནིང་གི་དུས་མཉམ་ལས་སོ་སོར་བརྒྱ་ཆའི་དགུ་གྲངས་ཆུང་བརྒྱད་ལྔ་དང་བརྒྱ་ཆའི་བཅུ་བདུན་གྲངས་ཆུང་དགུ་བདུན་མར་ཆག་པ་དང་།     གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་བྱུང་ཚད་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་འབོར་བསྟུད་མར་ལོ་བཞི་རིང“གཉིས་ཀ་མར་ཆག་པ”དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་མི་གསོད་གྱོད་གཞི་རྩད་ཆོད་ཚད་བསྟུད་མར་ལོ་དྲུག་གི་རིང100%ཟིན་པ་རྒྱུན་སྲིང་བྱས་ཡོད།     ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བདེ་འཇགས་བརྟན་བརླིང་བྱུང་ནས། གྱོད་གཞི་ཚབས་ཆེན་གྱི་དོན་རྐྱེན་དང་གྱོད་གཞི་ངན་པ་བྱུང་མེད།    

འགལ་བ་དང་རྩོད་གཞི་གཞི་རིམ་དུ་སེལ་རྒྱུ་ནི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན། རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་གྱི“ལྔ་ལྡན”དམིགས་འབེན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་དང་། རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས45ཚང་མ་དངོས་གཞི་ཅན་གྱི་འཁོར་སྐྱོད་བྱས་ཏེ། ཆ་སྙོམས་ཀྱིས་སྡེ་ཁག19དང་ལས་སྒྲུབ་མི་སྣ་20བཅའ་སྡོད་བྱས་ཏེ། མང་ཚོགས་ཀྱི་རེ་ཞུ“གཅིག་འཐུས་རྣམ་པའི་དང་ལེན་དང་། སྡེབ་གཅིག་འདུམ་འགྲིག མུ་ཕྲེང་ཧྲིལ་པོའི་ཐག་གཅོད”བཅས་བྱས་ནས། ལོ་ཧྲིལ་པོར་དང་ལེན་བྱས་པའི་འགལ་བ་དང་རྩོད་གཞི་ཁྲི3ཙམ་སེལ་ཐུབ་པ་དང་སེལ་ཚད་བརྒྱ་ཆའི་གོ་དགུ་གྲངས་ཆུང་དྲུག་གསུམ་ཟིན་ནས་འགལ་བ་དེ་བྱུང་མ་ཐག་སེལ་ཐུབ་པ་དང་གཞི་རིམ་དུ་ཐག་གཅོད་ཏན་ཏིག་བྱས་ཡོད།    

ནར་མ་སོན་པའི་མིར་སྲུང་སྐྱོབ་དང་སྤྱི་པའི་བདེ་འཇགས་ཁྱབ་ཁོངས་སུ་རྒྱུན་མཐུད་གྱིས་ཤུགས་སྣོན་པ་དང་གནད་འཁེལ་ཇུས་བསྟར་བྱས། ཕྱོགས་གཅིག་ནས་ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་སྔོན་འགོག་སྲུང་སྐྱོབ་ཀྱི“འགོག་སྲུང་དྲ་བ”ཚགས་དམ་པོ་བྱས་ཏེ། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཆེད་དམིགས་སློབ་གསོ་མཉམ་འབྲེལ་གྲོས་ཚོགས་ལམ་སྲོལ་ཕྱོགས་ཡོངས་སུ་ཁྱབ་པ་དང་། ནར་མ་སོན་པའི་མིའི་བཅོས་སྐྱོང་བྱ་བ་སྤུས་འདེགས་ཕན་སྐྱེད་ཡོང་བར་སྐུལ་འདེད་བཏང་། ཕྱོགས་གཞན་ཞིག་ནས་སྤྱི་པའི་བདེ་འཇགས་ཉེན་ཁའི་མངོན་མེད་རྐྱེན་ངན་འགག་སྒྲོལ་གཏིང་ཟབ་བྱས་ཏེ་ལས་རྣམ་གསར་པ20ལྷག་གི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་གསལ་བོ་བྱས་ནས། དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་དག་ཐེར་ཚད97%ཡན་ཆད་ཟིན་པ་དང་། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་གྱི“སྟོན་གྲངས་རྣམ་གྲངས་བཞི”ཚང་མ་ཆེས་ཆེར་མར་ཆག དྲག་ཆར་རེས་སྐོར9ལ་ཁ་གཏད་འཇལ་བ་དང་། འཇིགས་སྐུལ་ཐེབས་པའི་མང་ཚོགས་མི་ཐེངས་བརྒྱད་འབུམ་བཞི་ཁྲི་ལྔ་སྟོང་གནས་སྤོ་བྱས་ནས་མི2130ཤི་རྨས་མི་ཡོང་བར་བྱས་ཡོད།   

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།