ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས24ཉིན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་།  འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དུ་གཟིགས་ཞིབ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེས་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཐད་བསམ་གཞིགས་ཟབ་མོ་གནང་བ་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་རྒྱུས་ལོན་ཟབ་མོ་བྱས་པ་གང་ལེགས་སྒོས་མཚོན་ཡོད་པས། བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་།   མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་དང་ཐོན་ལས་ཀྱི་རྨང་གཞིར་རྐང་འཛུགས་པ།   གསར་གཏོད་ཐབས་ཇུས་ལ་ཤུགས་སྣོན་པ།   ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བཅས་བྱས་ནས་མ་འོངས་པར་འཆར་འགོད་བཟང་བོ་བྱེད་དགོས།    དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ།   སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་འཐབ་ཇུས་ལ་རང་འགུལ་སྒོས་སྦྲེལ་མཐུད་བྱེད་པ་དང་།    མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར།   མཐའ་འཁོར་གྱི་ཞིང་ཆེན་བཅས་བར་གྱི་ཐོན་ལས་མཐུན་སྦྱོར་དང་ཚན་རྩལ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་གནས་བརྒལ་དཔལ་འབྱོར་གསར་སྐྲུན་འཕེལ་རྒྱས་གཏོང་དགོས།   སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འགྲོ་བ་རྒྱུན་འཁྱོངས་བྱས་ནས་ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་པ།   ས་གཞི་དག་གཙང་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་བཟང་བོར་རྒྱག་པ་དང་།   སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་དོན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས་སྐྱེ་ཁམས་མ་ལག་གི་གཏན་འཇགས་རང་བཞིན་མཐོར་འདེགས་གཏོང་དགོས།    ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ཀྱི་གཞི་གནས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་ཧུར་ཐག་གིས་རྒྱལ་ཡོངས་གཅིག་གྱུར་ཀྱི་ཁྲོམ་ར་ཆེན་པོའི་ཁྲོད་འདྲེས་པར་བྱས་ཏེ་དམངས་ཁྲོད་ཀྱི་དངུལ་གཏོང་གསོན་ཤུགས་བསྐྱེད་དགོས། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།    མྱུར་བཤེར་མྱུར་བཅོས་དང་ཤེས་མ་ཐག་ལེགས་བཅོས་བྱེད་པ་ནི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོར་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས།  《 སྲིད་འབྲས་ལྟ་བའི་ཡོ་ཁྱད་ཀྱི་གནད་དོན་གཙོ་བོའི་གསལ་ཁྲ》དང་དེ་བཞིན་སྐོར་ཞིབ་རྟོག་ཞིབ་དང་རྩིས་བཤེར་ལྟ་སྐུལ་སོགས་ཐད་ཀྱི་ཕྱིར་ལྡོག་གནད་དོན་བསྡུར་བ་བྱས་ཏེ་སྲིད་འབྲས་ལྟ་བའི་ཐད་གནས་པའི་བར་ཁྱད་དང་མི་འདང་ས་ཕྱོགས་ཡོངས་ནས་འཚོལ་ཞིབ་བྱེད་པ་དང་གནད་དོན་གྱི་འབྱུང་རྩར་ཞིབ་བཤེར་ནན་མོ་བྱས་ཏེ་དུས་ཐོག་ཏུ་འགུལ་རྣམ་གསར་སྒྱུར་བྱེད་དགོས།  ཕན་འབྲས་དངོས་ལ་དོ་སྣང་བྱེད་པ་དང་དག་ཐེར་ལེགས་བཅོས་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།    ཞིབ་བཤེར་བྱས་ནས་རྙེད་པའི་གནད་དོན་སྣ་ཚོགས་ལ་ཞིབ་འཇུག་དང་བརྡར་གཅོད་ནན་མོ་བྱེད་པ།    དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་རེ་རེ་བཞིན་གཏན་འབེབས་བྱེད་པ།   དག་ཐེར་ལེགས་བཅོས་ཀྱི་རྩིས་ཁྲ་འཛུགས་པ།   རིམ་པ་སོ་སོའི་ཆེད་དོན་ཚན་ཁག་གིས་ཞིབ་བཤེར་མཛུབ་སྟོན་ལ་ཤུགས་སྣོན་པ།  གཟེར་རྡེབ་སྙིང་སྟོབས་ལ་བརྟེན་ནས་དག་ཐེར་ལེགས་བཅོས་དོན་འཁྱོལ་བཟང་བོ་བྱེད་པ་བཅས་བྱས་ནས་སློབ་སྦྱོང་སློབ་གསོ་ལག་བསྟར་བཟང་བོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ཐོབ་པར་འགན་སྲུང་བྱེད་དགོས།

གྲོས་ཚོགས་ལས2025ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གནས་ཚུལ་ལ་ཉན་པ་དང་།     ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་ཏང་གི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཐད་ཀྱི་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་པ།   བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་འདུ་ཤེས་དེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་ཟིམ་འདྲེས་ཡོང་བར་བྱེད་པ།   གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུགས་བྱེད་སའི་ནུས་པ་དང་སྲིད་འཛིན་བསྐྱར་གྲོས་ཀྱི་འདུམ་འགྲིག་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ།   གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ།    སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན་པ།    ཁྲིམས་ལྟར་སྲིད་འཛིན་པའི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ་བཅས་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཐད་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཞེས་བསྟན། 

གྲོས་ཚོགས་ལས་སྐབས་དགུ་པའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའི་དཔྱད་བསྡུར་བྱ་བའི་གནས་ཚུལ་ལ་ཉན་པ་དང་།    ཏང་གི་རྩོམ་རིག་སྒྱུ་རྩལ་བྱ་བའི་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་།   ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ།    སྤྱི་བའི་རིག་གནས་ཞབས་ཞུའི་སྤུས་འདེགས་ནུས་སྤེལ་དང་རིག་གནས་དམངས་ཕན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ།   རྩོམ་རིག་སྒྱུ་རྩལ་གསར་རྩོམ་ལ་ཁྲིད་སྟོན་དང་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་བཅོས་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ།   ཧུར་ཐག་གིས་སྤུས་ལེགས་བརྩམས་ཆོས་སྔར་ལས་མང་པོ་སྤེལ་བ་བཅས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐོང་དགོས་ཞེས་ནན་གྱིས་བསྟན།  

གྲོས་ཚོགས་ལས་དམངས་ཕན་འགུལ་སྐྱོད་ཇུས་གཞི་བདུན་ལ་གྲོས་ཞིབ་བྱས་ཏེ་དམངས་ཕན་འགུལ་སྐྱོད་བདུན་རྒྱུན་མཐུད་ངང་སྤེལ་བ་ནི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས།   སྲིད་འབྲས་ལྟ་བ་ཡང་དག་ལ་བརྟེན་ནས་འགུལ་སྐྱོད་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ་དང་།   མང་ཚོགས་ཡིད་ཚིམ་མིན་དེ་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་ཆེས་མཐོ་བའི་ཚད་གཞིར་འཛིན་པ།    སྤྱོད་ཚུལ་བཟང་བོར་བརྟེན་ནས་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་བ།   རྒྱུན་ཆད་མེད་པར་དམངས་འཚོའི་འགན་སྲུང་ཐད་ཀྱི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་དམངས་འཚོའི་བྱ་བའི་མ་ལག་རང་བཞིན་དང་གནད་འཁེལ་རང་བཞིན།  དུས་ཡུན་རང་བཞིན་བཅས་རྒྱུན་མཐུད་ངང་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།