ཟླ3པའི་ཚེས24ཉིན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་པ་བསྡུས་ཏེ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་མི་དོན་བྱ་བར་གྲོས་ཞིབ་བྱས།
གྲོས་ཚོགས་ལས་བསྟན་དོན། 2025ལོར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། བདེ་ཐང་གཉིས་ཀྱི་བརྗོད་དོན་དང་དམ་དུ་སྦྲེལ་ནས། ཐུན་མོང་འབད་བརྩོན་གྱི་བསམ་བློའི་གཞི་རྩ་སྔར་ལས་ཇེ་བརྟན་དུ་བཏང་ཞིང་། སྲིད་ཞུགས་སྲིད་གླེང་དང་། སྤྱི་ཡོངས་ཞབས་འདེགས་ཀྱི་སྤུས་ནུས་མུ་མཐུད་ཇེ་མཐོར་བཏང་བ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་སྐུལ་སློང་དང་། བཟོ་ཚོང་མཉམ་འབྲེལ་གྱི་རྩ་འཛུགས་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་མངོན་གསལ་གྱིས་ཤུགས་དྲག་ཏུ་བཏང་ལ། དམངས་གཉེར་དཔལ་འབྱོར45889ཡི་འཕེལ་རྒྱས་རྣམ་པ་སྲ་བརྟན་དང་མུ་མཐུད་གཏིང་ཟབ་ཏུ་ཕྱིན་ནས། དམངས་གཉེར་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་བ་མངོན་འགྱུར་བྱུང་སྟེ། དྲིན་ཚོར་ཡར་སྐྱེད་དང་ཐོབ་དཀའ་བའི་གྲུབ་འབྲས་ཀྱི་གསལ་ཐོ་སྤྲད་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གནས་བབ་ལ་འཛིན་པའི་ཚན་རིག་གི་བརྡར་གཅོད་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཁོག་དཔལ་འབྱོར་ཀྱི་འཐབ་ཇུས་ཁྲིད་ཕྱོགས་གནད་འཁེལ་ཁོང་དུ་ཆུད་པར་བྱེད་པ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་རང་འགུལ་ངང་འདྲེས་པར་བྱེད་པ། རྒྱལ་ཁབ་ཀྱི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ་དང་འགན་འཁྲིའི་ཁུར་ཤུགས་དྲག་ཏུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འབད་པས་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས། ཞིང་ཆེན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཤུགས་འདོན་ས་ཡང་དག་པར་འཚོལ་བ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱེད་དགོས་ལ། དམངས་གཉེར་དཔལ་འབྱོར་གྱི་སྐུལ་འདེད་བཅའ་ཁྲིམས་ལག་བསྟར་དང་དངོས་འབེབས་བཟང་པོ་བྱེད་པ་དང་། དྭངས་གཙང་གཅིག་གྱུར་གྱི་གསར་དར་སྲིད་ཚོང་འབྲེལ་བ་འཛུགས་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སྟེང་བཞག་ནས། བདེ་ཐང་གཉིས་ཀྱི་ནང་གནས་སྒུལ་ཤུགས་བསྐྱེད་དགོས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བརྩིས་ཏེ། བཟོ་ཚོང་མཉམ་འབྲེལ་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཏང་འཛུགས་སྐྱོང་དང་ཚོགས་པ་འཛུགས་སྐྱོང་མཉམ་འདྲེས་འཕེལ་རྒྱས་ཐད་མུ་མཐུད་ཤུགས་འདོན་པ་དང་། ཏང་གི་རྩ་འཛུགས་དང་ལས་དོན་སོ་སོ་ཚོང་ཚོགས་ཁྲོད་དུ་ནུས་ལྡན་སྒོས་ཡོངས་སུ་ཁེབས་པར་སྐུལ་འདེད་བཏང་ནས། ཁྱད་འཕགས་གྲུབ་འབྲས་ཀྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་མགོ་རྩོམ་པར་ལེགས་སྐྱེས་འབུལ་དགོས།