ཟླ3པའི་ཚེས21ཉིན་ནས22ཉིན་བར། 2026ལོའི་རྒྱལ་ཡོངས་བྱེས་རྒྱུག་ལེགས་སྐྱེས་འགྲན་སྡུར(ས་ཚིགས་གསུམ་པ)དང་གཞོན་ནུ་ལོ་ཆུང་གི་བྱེས་རྒྱུག་ལེགས་སྐྱེས་འགྲན་སྡུར་དེ་ཀུའེ་ཀྲོའུ་ཞིང་ཆེན་ཆིང་ཀྲེན་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་སྤེལ་བ་རེད། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་རྩལ་ཁྲིད་པ2དང་ཕུལ་བྱུང་ལུས་རྩལ་པ3བདམས་ནས་རུ་ཁག་རྩ་འཛུགས་བྱས་ཏེ་འགྲན་སྡུར་ནང་ཞུགས་པ་དང་། ལུས་རྩལ་པ་ཞེ་རི་ནན་U16ཚོ་ཆུང་གི་འགྲན་སྡུར་ནང་གཟེངས་སུ་ཐོན་ནས་སྤྱི་ལེ4ཡི་བྱེས་རྒྱུག་ཨང་དང་པོ་དང་སྤྱི་ལེ2ཀྱི་བྱེས་རྒྱུག་ཨང་གཉིས་པ་བླངས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཡོངས་ཀྱི་འཐུས་ཚབ་རུ་ཁག28ཀྱི་ཕུལ་བྱུང་གཞོན་ནུ་ལོ་ཆུང་ལུས་རྩལ་པ579འགྲན་སྡུར་ནང་ཞུགས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་ལུས་རྩལ་པ་གསུམ་པོས་གཟེངས་སུ་ཐོན་པའི་རྣམ་འགྱུར་ཐོག་ནས་འགྲན་སྡུར་མ་བྱས་གོང་གི་གཏན་འཁེལ་དམིགས་འབེན་ལེགས་གྲུབ་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་འབྲིང་རྒྱུག་རྣམ་གྲངས་ཀྱི་སྦྱོང་བརྡར་རྨང་གཞི་བརྟན་པོ་གང་ལེགས་སྒོས་མངོན་པར་བྱས་ཡོད།
ད་ཐེངས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་པ་འདིས་དཔུང་ཁག་གི་ཚན་རིག་དང་མཐུན་པའི་སྦྱོང་བརྡར་དང་གོ་རིམ་ལྡན་པའི་དམག་འཐབ་གྲ་སྒྲིག་གི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་བརྟག་བཤེར་ནུས་ལྡན་བྱས་པ་མ་ཟད། ཟི་ལིང་གྲོང་ཁྱེར་གྱི་ལུས་རྩལ་པའི་དཀའ་སྤྱད་སྦྱོང་བརྡར་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་ཡང་གང་ལེགས་མངོན་ཡོད། གྲུབ་འབྲས་ཐོབ་པ་དེ་མི་སྒེར་གྱི་དགུན་དུས་སྦྱོང་བརྡར་གྱི་གྲུབ་འབྲས་གཅིག་སྡུད་ཐོག་མཚོན་པ་ཞིག་ཡིན་ལ། ཟི་ལིང་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་མཆོང་རྒྱུག་འཕེན་གསུམ་གྱི་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་རྒྱལ་ཁའི་ཉམས་མྱོང་འདོན་སྤྲོད་བྱས་ཡོད།