ཞིང་ཆེན་ཡོངས་ཀྱིས་ལོ་འདིའི་ནང་རྒྱལ་ཁོངས་ལྗང་བསྒྱུར་མུའུ་ས་ཡ་བཞི་ལྔ་འབུམ་ཡན་ལེགས་འགྲུབ་བྱེད་རྩིས་ཡོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ3པའི་ཚེས24ཉིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཁྱབ་བསྒྲགས་བྱས་དོན།     ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་མ་ལག་བཅོས་སྐྱོང་ལ་མཐོང་ཆེན་བྱས་ཏེ་རྒྱལ་ཁོངས་ལྗང་བསྒྱུར་གྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་དང་།    རྒྱལ་ཁོངས་ལྗང་བསྒྱུར་མུའུ་ས་ཡ་བཞི་ལྔ་འབུམ་དང་བྱེ་སྐྱོན་འགོག་བཅོས་མུའུ་ས་ཡ་གཅིག་ཆིག་འབུམ་ཆིག་ཁྲི་ལེགས་འགྲུབ་བྱེད་རྩིས་ཡོད།    

2025ལོར་མཚོ་སྔོན་གྱིས་ཚྭ་འདམ་གཞོང་དང་།   གུང་ཧོ་གཤོང་ས།  ཨ་མྱེས་རྨ་ཆེན་རི་རྒྱུད།     འབྲི་ཆུའི་འབབ་རྒྱུད་སོགས་སྐྱེ་ཁམས་ལས་གྲྭ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། རང་བྱུང་ནགས་སྲུང་སྐྱོབ་དང་ནགས་བཟོ་ནགས་སྐྱོང་དང་།     ཉམས་ཞན་དུ་གྱུར་པའི་རྩྭ་ཐང་བཅོས་སྐྱོང་།     ནགས་ཚལ་སྤུས་ཚད་གནད་འཁེལ་མཐོར་འདེགས།     བརླན་ས་སྲུང་སྐྱོབ་དང་ལྟ་ཞིབ་ཚད་ལེན་སོགས་གཙོ་གནད་སྐྱེ་ཁམས་འཛུགས་སྐྲུན་ལས་གྲྭར་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་སྟེ། རྒྱལ་ཁོངས་ལྗང་བསྒྱུར་མུའུ་ས་ཡ་དྲུག་དགུ་འབུམ་སུམ་ཁྲི་བཞི་སྟོང་ལེགས་གྲུབ་བྱས་ཏེ། ལོ་འཁོར་གྱི་དམིགས་འབེན་ལས་འགན་ལས་བརྒྱ་ཆའི་ཉེར་བརྒྱད་གྲངས་ཆུང་བདུན་དྲུག་བརྒལ་ཡོད།     དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་རྩ་འཛུགས་བྱས་ཏེ་ལོ་ཧྲིལ་པོར་འོས་འགན་སྡོང་རྐང་བྱེ་བ་གཅིག་ས་ཡ་བདུན་བཙུགས་ཡོད།    

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས“ལྗང་མདོག་གསུམ”མཉམ་སྤེལ་དང་། “མཛོད་བཞི”མཉམ་འགུལ།     སྤུས་ཚད་མཐོ་རུ་གཏོང་བ་དང་ལས་དར་དམངས་ཕན་ལ་སྔར་བས་མཐོང་ཆེན་བཅས་རྒྱུན་འཁྱོངས་བྱས་ཏེ། གྲངས་འབོར་ལུགས་མཐུན་ངང་འཕར་བ་སྲུང་འཛིན་བྱས་པ་མ་ཟད།     སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་རྒྱུར་སྐུལ་སྤེལ་བཏང་བ་དང་།     ནགས་རྩྭའི་གཙོ་གནད་ལས་དོན་དང་དེ་བཞིན“བྱང་གསུམ”ལས་གྲྭའི་ལོ་འཁོར་ལས་འགན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། འོས་འགན་སྡོང་འཛུགས་བྱེད་སྒོ་རྩ་འཛུགས་བྱས་ཏེ་སྤེལ་བ་དང་།     རྒྱལ་ཁོངས་ལྗང་བསྒྱུར་བར་སྟོང་དང་སྡོང་ཕྲན་རྩྭ་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ།     ས་དུམ་དང་སྐྱེ་ཁམས་ཉམས་གསོའི་བྱེད་ཐབས་ཚན་རིག་དང་མཐུན་པར་བཀོད་སྒྲིག་ལུགས་མཐུན་བྱེད་པ།     བྱེ་ས་དང་།     ལྡེབས་ས།     ས་རྒོད།     བེད་མེད་གཏེར་རི་སོགས་རྒྱལ་ཁོངས་བར་སྟོང་གང་ལེགས་སྤྱད་དེ་ལྗང་བསྒྱུར་བྱེད་པ་དང་། ལྗང་མདོག་བར་སྟོང་གཅིག་འདོམས་དང་སྔོ་ཁེབས་གྲུབ་ཆ་ལེགས་སྒྱུར།     སྐྱེ་ཁམས་མ་ལག་བྱེད་ནུས་མཐུན་སྦྱོར་ངང་མཐོ་རུ་གཏོང་བ་བཅས་བྱེད་པ་མ་ཟད།     རྩྭ་ཐང་སྐྱེ་ཁམས་བྱ་དགའ་དང་ཁ་གསབ་སྲིད་ཇུས་རེས་སྐོར་བཞི་པ་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལོ་མང་སྐྱེ་བའི་མིས་བཟོས་རྩྭ་ས་སྤུས་ཚད་མཐོན་པོས་བསྐྲུན་ནས་ལོ་མང་སྐྱེ་བའི་མིས་བཟོས་རྩྭ་ས་མུའུ་ལྔ་འབུམ་དང་རྩྭ་སོན་འདེབས་གསོ་རྟེན་གཞི་མུའུ་ཉིས་ཁྲི་བསྐྲུན་གང་ཐུབ་བྱེད་དགོས། དུས་མཚུངས་སུ་སྔོ་ལྗང་དགོས་ངེས་ཚང་མར་སྔོ་ལྗང་དང་སྲུབས་ཀ་མཐོང་དུས་སྔོ་ལྗང་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ། མཁར་གྲོང་ལྗང་བསྒྱུར་མཛེས་བཟོ་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཞིང་ཆེན་རིམ་པའི་ནགས་ཚལ་མཁར་གྲོང་དང་ནགས་ཚལ་གྲོང་གསེབ་ཀྱི་གསར་སྐྲུན་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ།     རྒྱལ་ཡོངས་ཀྱི་གནའ་སྡོང་གྲགས་ཅན་ཐོན་ཁུངས་ཁྱབ་བཤེར་ཐེངས་གསུམ་པ་ཁྱོན་ཡོངས་ནས་སྤེལ་ཏེ།     སྒོ་བྱང་བཀལ་ནས་སྲུང་སྐྱོབ་དང་མྱུར་སྐྱོབ་བསྐྱར་གསོ་དོན་འཁྱོལ་བཅས་བྱས་ཏེ“ཤིང་སྡོང་གཅིག་ལ་ཐབས་ཇུས་གཅིག”གི་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས། རྒྱལ་ཁོངས་ལྗང་བསྒྱུར་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མི་ཆད་པར་མཐོ་རུ་གཏོང་དགོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།