མཚོ་སྔོན་གྱིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་བཅོས་སྐྱོང་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཟླ་གཉིས་དང་ཕྱེད་ཀའི་རིང་གི2026ལོའི་བསིལ་རླུང་འགུལ་སྐྱོད་ལ་བརྟེན་ནས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྒོར་ཆམ་ཕབ་གཏོང་བའི་མཉམ་འབྲེལ་འགུལ་སྐྱོད་སྤེལ་མགོ་བརྩམས།

མཉམ་འབྲེལ་འགུལ་སྐྱོད་དེར་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྣེ་ཁྲིད་དེ། ཞིང་ཆེན་ནང་ཁུལ་གྱི་ལས་ཁུངས་དང་ཁེ་ལས་མང་པོ། གཙོ་གནད་མངའ་ཁོངས་དང་བྱ་སྤྱོད་ཆེན་པོ་བཞི་ལ་དམིགས་ཏེ། གཙོ་བོར་ཁྲིམས་འགལ་གྱིས་རྔོན་པ་དང་འཛིན་པ། ལྐོག་འཚོང་། ཉོ་ཚོང་། སྐྱེལ་འདྲེན། སྐུར་སྐྱེལ། ལས་སྣོན། རི་སྐྱེས་བྱ་རིགས་དང་གླ། འབྲོང་སོགས་གཙོ་གནད་སྲུང་སྐྱོབ་སྲོགས་ཆགས་ཀྱི་རིགས་ཟས་སུ་བྱེད་པའི་མུ་འབྲེལ་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་གཙོ་གནད་དུ་བཟུང་ནས་རྡུང་རྡེག་བཏང་། རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་ནས་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྐྱེ་དངོས་ཁྲིམས་འགལ་གྱིས་འཚོལ་བསྡུ་དང་ཉོ་སྒྲུབ། ཕྱིར་འཚོང་། བེད་སྤྱོད་སོགས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་། རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་དང་དེའི་ཐོན་རྫས་ཁྲིམས་འགལ་གྱིས་ཕྱིར་གཏོང་ནང་འདྲེན་དང་ལྐོག་འདྲེན་བྱེད་པ་དང་། དེ་མིན་འབྲེལ་ཡོད་ཁྲིམས་འགལ་སྐུར་སྐྱེལ་སྐྱེལ་འདྲེན་བྱ་སྤྱོད་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་། དུས་བྱའི་གནས་སྤོའི་ལམ་ཐིག་སྟེང་གི་འདབ་ཆགས་ཀྱི་བསྟི་གནས་གལ་ཆེན་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་དཔྱིད་དུས་ཀྱི་དུས་བྱ་རིགས་གནས་སྤོ་བའི་དུས་ཚིགས་གལ་ཆེན་དང་དམ་པོར་དམིགས་ནས། ཁྱབ་ཁོངས་གཙོ་བོ་དང་གནས་ཡུལ་གཙོ་བོ། དམིགས་བྱ་གཙོ་བྱ། ཁུངས་སྣེ་གཙོ་བོ་བཅས་ལ་དམིགས་ནས་གཅིག་བསྡུས་སྒོས་རྩ་འཛུགས་དང་འགོག་རྒོལ་བྱས་ནས་ཚོགས་པ་ཅན་དང་མུ་ཕྲེང་ཅན། དྲ་རྒྱ་ཅན་གྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་ཟིལ་ཤུགས་མངོན་པར་བྱེད་རྒྱུ་རེད།

མཚོ་སྔོན་གྱིས་བསྟུད་མར་ལོ་ལྔའི་རིང་ལ་བསིལ་རླུང་འགུལ་སྐྱོད་སྤེལ་བ་དང་། བསྡོམས་པའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་གྱོད་གཞི161ལྷག་རྩད་ཆོད་པ་དང་། དེའི་ཁྲོད་སྲིད་འཛིན་གྱོད་དོན98དང་། ཉེས་དོན་གྱི་གྱོད་དོན63ལྷག་ཡོད། ཁྲིམས་འགལ་གྱིས་ལྐོག་རྔོན་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཉོ་འཚོང་ལ་བཀག་འགོག་ནུས་ལྡན་ཐོབ། ད་ལོར། མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཁྲིམས་འགལ་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་སྡེ་ཁག་བར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚོགས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་ཁམས་དོ་སྲུང་བའི་སྟོབས་ཤུགས་དང་མཉམ་འབྲེལ་སྒོས་རྡུང་རྡེག་ལེགས་བཅོས་བྱ་བ་ཕྱོགས་ཡོངས་ནས་སྤེལ་རྒྱུ་རེད། འགུལ་སྐྱོད་སྤེལ་སྐབས་སུ་ལས་ཡུལ་དང་པོའི་ཁྲིམས་བསྟར་མི་སྣ་རྩ་འཛུགས་བྱས་ནས་ཁྲིམས་འགལ་བྱ་སྤྱོད་རིགས་སྣ་ཚོགས་ལ་རྡུང་རྡེག་གཏོང་རྒྱུ་དང་། དྲ་ཐོག་གི་སྟེགས་བུ་དང་ཡུལ་དངོས་ཀྱི་ཚོང་ཁང་ལ་རིམ་པ་མང་བ་དང་མུ་ཕྲེང་ཡོངས། ཐར་ས་མེད་པའི་ལྟ་སྐུལ་དོ་དམ་བཅས་བྱས་ཏེ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་དང་བཅོས་སྒྲིག་ས་ཁོངས་ཀྱི་གནས་ཡུལ་གཙོ་བོ་གསལ་བོར་བྱས་ནས་རྡུང་རྡེག་གཏོང་དགོས་པ་དང་།     ཁྲིམས་ལྟར་གཟབ་ནན་དང་མགྱོགས་པའི་སྒོ་ནས་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ཐག་གཅོད་བྱེད་དགོས། དེ་དང་ཆབས་ཅིག རྣམ་པ་མང་པོ་དང་ཐབས་ལམ་མང་པོས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ།     མང་ཚོགས་ཀྱིས་ཧུར་ཐག་གིས་ཞུ་གཏུག་བྱེད་པ་དང་རང་རྟོགས་ཀྱིས་བཀག་འགོག་བྱེད་པ། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་ཀྱི་ཁྲིམས་འགལ་ཉེས་གསོག་དང་གཏོར་བརླག་གཏོང་བར་རང་འགུལ་ངང་བཀག་འགོག་བཅས་བྱེད་པར་བསྔགས་སྐུལ་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།