
ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ཕེབས་ནས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་རྟོག་ཞིབ་གནང་།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ཕེབས་ནས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་འཚོགས་པའི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཚོགས་འདུའི་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བ། མི་དམངས་ལ་འཚོ་བ་ཡག་པོ་སྐྱེལ་ཐུབ་པར་བྱ་རྒྱུ་དེ་སྲིད་འབྲས་ཆེས་ཆེ་ཤོས་སུ་བརྩིས་ཏེ། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ཕེབས་ནས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་རྟོག་ཞིབ་གནང་།
དཔྱིད་རླུང་གི་རྒྱུ་བ་འཇམ་པོས་སྐྱེ་དངོས་ཐམས་ཅད་གཉིད་ལས་སློང་བཞིན་ཡོད། རྨ་ཤར་ཞང་ཁྲེ་ཙེ་ཞོལ་མའི་ཏང་དམངས་ཞབས་ཞུའི་ལྟེ་གནས་ཐང་ཆེན་དུ། ཝུའུ་ཞའོ་ཅུན་གྱིས་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ། ཞིང་པ་ཁེ་ལས་པ། རོང་འབྲོག་མང་ཚོགས་བཅས་དང་མཉམ་དུ་བསྡད་དེ། ཚང་མས་འགྱུར་ལྡོག་གླེང་བ་དང་མྱོང་ཚོར་བཤད་པ། འཆར་གཞི་གླེང་བ་བཅས་ལ་ཉན་པ་དང་། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས། ཁོང་གིས་བསྟན་དོན།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པར་བརྟེན། ཐོག་མཐའ་བར་གསུམ་དུ“རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བརྟན་པོར་བཅངས་ནས། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ། འབྱུང་རྩ་ནས་འགན་འཁྲི་ནན་མོ་འཁུར་བ་དང་ཆུ་རྒྱུན་གཙོ་བོའི་འགན་འཁྲི་མངོན་པར་བྱས་ནས། རང་ཉིད་ཀྱི་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན“རྨ་ཀླུང་སྔོན་མོར”སྲུང་སྐྱོབ་ཡག་པོ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་ཡག་པོ་མ་ནོར་བའི་སྒོ་ནས་འདེམས་ཏེ། ཞིང་ལས་ལ་ཚན་རྩལ་གྱིས་གཞོགས་འདེགས་བྱས་ནས་ཐོན་ལས་མུ་ཕྲེང་རྒྱུན་ཆད་མེད་པར་རིང་དུ་གཏོང་བ་དང་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། ཐོན་ལས་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་ཁྲིད་བྱེད་པ་བཅས་བྱས་ཏེ། མི་དམངས་ཀྱི་དངུལ་ཁུག་ཇེ་མཐུག་ཏུ་གཏོང་བ་དང་འཚོ་བ་སྔར་ལས་ཇེ་ཡག་ཏུ་གཏོང་དགོས། དམངས་འཚོ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་ལ་དམ་པོར་དམིགས་ཏེ། སློབ་གསོ་དང་སྨན་བཅོས། རྒན་གསོ། གད་སྙིགས་དང་བཙོག་ཆུ་གཙང་སེལ་སོགས་ཀྱི་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་ཏེ། མི་རིགས་སོ་སོའི་མང་ཚོགས་མཐུན་སྒྲིལ་འཆམ་མཐུན་དང་བདེ་སྐྱིད་དུས་བདེ་ཡི་ངང་འཚོ་བ་རོལ་དུ་འཇུག་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོན་ལས་འཕེལ་རྒྱས་དང་ཁོར་ཡུག་བཅོས་སྐྱོང་། འགལ་བ་འདུམ་འགྲིག་བཅས་ཀྱི་ཁྲོད་དུ་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ་པར་ཁྲིད་སྟོན་བྱས་ཏེ། ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས།

ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ཕེབས་ནས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་རྟོག་ཞིབ་གནང་།
སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་དུ་འདེབས་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི། ད་ལོའི་ཏང་འཛུགས་བྱ་བའི་ལས་འགན་གལ་ཆེན་ཞིག་ཡིན། ཝུའུ་ཞའོ་ཅུན་ཁྲི་ཀ་རྫོང་གི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་འཛིན་གྲྭར་སོང་ནས་དེའི་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་གཞི་རིམ་བཅོས་སྐྱོང་ལས་དོན་ལ་ཞིབ་ལྟ་བྱས་པར་མ་ཟད། ཡུལ་དངོས་ནས་འཚམས་འདྲིར་ཡོང་བའི་མང་ཚོགས་ལ་སྣེ་ལེན་ཞུས་ཏེ་ནན་གྱིས་བསྟན་དོན། འགན་གཙང་ལེན་གྱོད་གཞི་དེས་འཕྲང་དམར་ཁྱིམ་གཞིས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་སྒྲུབ་པའི་གནད་དོན་ཐག་གཅོད་བྱས། ཁོས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་བྱ་བ་དེ་རང་ཉིད་ཀྱི་བྱ་བ་དང་བྱ་བ་ཆེས་ཆེ་ཤོས་སུ་བརྩིས་ཏེ། མང་ཚོགས་ཀྱི་འདོད་བློ་ཚིམ་ཚད་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས། “དྲུག་ཅན་གཅིག”གི་ལས་ཀའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། གཅིག་ཤེས་ཀུན་གྲོལ་གྱི་ཚུལ་གྱིས་གནད་དོན་ཚང་མར་གྲལ་བཤེར་བྱས་ནས། ཚན་རིག་དང་མཐུན་ཞིང་དམངས་གཙོའི་ཐབས་ཇུས་དང་ཁྲིམས་དང་སྒྲིག་སྲོལ་ལྟར་བྱ་བ་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ཏེ། གནད་དོན་ཆུང་ངུར་དབྱེ་ཞིབ་དང་གནད་འགག་འཚོལ་བ། གནད་དོན་ལྟར་ཐབས་ཤེས་འཚོལ་བ་བཅས་བྱས་ནས། མང་ཚོགས་ཀྱི་སེམས་ཁྲལ་དང་རེ་ལྟོས་མ་ལུས་ཐག་གཅོད་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། འཕྲིན་བཅར་ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་སྤེལ་ཏེ། གསོག་ཚད་སེལ་བ་དང་འཕར་ཚད་ཚོད་འཛིན། འགྱུར་ཚད་སྔོན་འགོག་བཅས་གང་ལེགས་བྱས་ནས། དུས་བདེའི་མཚོ་སྔོན་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས།
དཔྱིད་དུས་ཀྱི་ཁྲི་ཀའི་རྣང་ཞིང་གང་སའི་སྟེང་དུ་རྨོ་འདེབས་འཕྲུལ་འཁོར་དང་འགྱིག་འགེབས་འཕྲུལ་འཁོར་གྱིས་དུས་མཉམ་དུ་ལས་ཀ་བྱེད་ཀྱིན་ཡོད་པ་དང་། འཁོར་ཁང་ནང་སྔོ་ཚལ་ལས་སྣོན་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཝུའུ་ཞའོ་ཅུན་ཁྲེ་ཙེ་ཞོལ་མའི་རུ་ཁག་དང་པོའི་དཔྱིད་འདེབས་བྱ་ཡུལ་དང་མཚོ་སྔོན་ཝན་ཀུང་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་སིར་རྟོག་ཞིབ་ཏུ་ཕེབས་ནས་ནན་གྱིས་བསྟན་དོན། ཞིང་ལས་ལ་དལ་འགོར་བྱེད་མི་རུང་བ་དང་དཔྱིད་རྨོ་གྲ་སྒྲིག་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པ་དང་། ཁེ་ལས་ཀྱིས་མུ་མཐུད་དུ་ཁྲོམ་རའི་དགོས་མཁོ་དང་འབྲེལ་མཐུད་གང་ལེགས་བྱེད་པ་དང་ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་གཏོང་བ། མང་ཚོགས་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པ་བཅས་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ལྡན་དུ་གཏོང་བ་དང་སྡེ་མིའི་ཡོང་འབབ་འཕར་བར་བྱས་རྗེས་འཇོག་དགོས།
ཀྲུའུ་ཞང་ཧྥེང་དང་ཚའོ་ཅུན་རྟོག་ཞིབ་ལ་ཞུགས། །