མཚོ་སྔོན་གྱིས་གནད་ལ་འཁེལ་བའི་ཚོང་འགུག་བྱས་ནས་ཐུན་མོང་མཉམ་ལས་ཀྱི་ངེས་འཛིན་མང་པོ་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་པ་ལྟར་ན། སྡེ་ཁག་འདིས་འཇོན་ཐང་གི་སྟོབས་ཤུགས་མང་པོ་རྩ་འཛུགས་བྱས་ནས། ཐིན་གྱི་མགོ་ཁྲིད་གཙོ་བའི་སྣེ་ཁྲིད་དེ་ཅང་སུའུ་དང་། ཀྲེ་ཅང་། ཧྲང་ཧའེ། ཧི་པའེ། པེ་ཅིན་བཅས་ས་གནས་ལྔ་ནས་ཚོང་འགུག་དངུལ་འདྲེན་བྱ་འགུལ་སྤེལ་འགོ་བརྩམས། ཁེ་ལས་གཙོ་བོ་དང་ལས་ཁུངས་བཅུ་གཅིག་ལ་གཏིང་ཟབ་སྒོས་འབྲེལ་མཐུད་གྲོས་མོལ་བྱས་ནས། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་དང་། འཛད་སྤྱོད་སྐུལ་འདེད། གཞི་གྲངས་དཔལ་འབྱོར། དངོས་སྐྱེལ་མཁོ་འདོན་མུ་འབྲེལ། ཚོང་རྟགས་ཁྱབ་གདལ་སོགས་ཀྱི་ཁྱབ་ཁོངས་སུ་ཐུན་མོང་མཉམ་ལས་ཀྱི་ངེས་འཛིན་མང་པོ་བྱུང་། ཚོང་འགུག་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

ཐེངས་འདིའི་ཚོང་འགུག་ལས་སྟེགས་ཐོག་ནས་ཚོང་འགུག་བྱེད་པ་དང་གནད་ལ་འཁེལ་བའི་འབྲེལ་མཐུད་བྱས་ཏེ་ཁེ་ལས་ཀྱི་ཐོན་ཁུངས་དགེ་མཚན་དང་མཚོ་སྔོན་འཕེལ་རྒྱས་ཀྱི་དོན་དངོས་ཟུང་འབྲེལ་གང་ལེགས་བྱས་པས་ཕྱོགས་ཁག་གི་མཉམ་ལས་རེ་འདོད་ཆེ་བ་དང་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད་པ། ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་སུའུ་ཧའོ་སྡེ་ཚོགས་ཀྱིས་མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་རིམ་སྤོར་དང་ཚོགས་འགྲེམས་ཡན་ལག་ཀུང་སི་བཙུགས་ནས་མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཁྱད་ལྡན་ཐོན་རྫས་ཀྱི་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱེད་པར་རོགས་རམ་བྱ་རྒྱུ་ཡིན་ལ། འཛད་སྤྱོད་ཀྱི་རྒྱ་བསྐྱེད་པའི་ཐད་ཐུང་ཁྲེང་ཡུལ་སྐོར་དང་ཞའོ་ཧུང་ཧྲུའུ་ཡིས་སྟེགས་བུའི་དགེ་མཚན་ལ་བརྟེན་ནས་མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུ་དང་ཁྱད་ལྡན་བྱང་བུའི་མིང་ཐོ་གསར་བསྐྲུན་དང་མའེ་ཏང་ལའོ་ཡིས་གཙོ་བོ་གཅིག་དང་ཕལ་བ་བཞིའི་ཚོང་ཁང་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས། མཚོ་སྔོན་གྱི་ཁྱད་ལྡན་བཟའ་བཏུང་རྒྱུ་ཆ་མཁོ་སྤྲོད་འབྲེལ་ཐག་གི་མཉམ་ལས་གཏིང་ཟབ་དང་། གཞི་གྲངས་དཔལ་འབྱོར་ཐད་འདར་དབྱངས་གིས་དྲ་གྲགས་ཐོན་ཁུངས་ལ་བརྟེན་ནས་མཚོ་སྔོན་གྱི་དངོས་རྫས་དྲ་ཐོག་ནས་ཕྱིར་འཚོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། ཨ་ལི་པཱ་པཱ་ཡིས་ད་ལོའི་ལོ་སྨད་དུ་མཚོ་སྔོན་དུ་ཡན་ལག་ཀུང་སི་བཙུགས་ནས་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ཚོད་ལྟའི་མཉམ་ལས་བྱེད་རྩིས་ཡོད།  ཟོག་འགྲེམས་མཁོ་སྤྲོད་སྦྲེལ་ཐག་ཐད་ཧྲུན་ཧྥུང་གིས་ཟོག་འདྲེན་མཁའ་ལམ་ལ་བརྟེན་ནས་མཚོ་སྔོན་གྱི་ཐོན་རྫས་ཕྱི་ཕྱོགས་སུ་སྐྱེལ་འདྲེན་བྱེད་པའི་ལས་ཆོད་ཆེ་རུ་གཏོང་རྒྱུ་དང་། མའེ་ཐོན་དང་ཅིང་ཏུང་གིས་མཚོ་སྔོན་དུ་ཡན་ལག་ཀུང་སི་དང་ཡུལ་དངོས་ཀྱི་ཚོང་ཁང་མགྱོགས་མྱུར་ངང་བཀོད་སྒྲིག་བྱས་ནས་མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་གྱི་དྲ་ཐོག་ཟོང་རྟགས་ཁང་མཉམ་འཛུགས་བྱེད་རྒྱུ་ཡིན་ལ། ཐུན་མོང་སྤུས་རྟགས་ཁྱབ་གདལ་གཏོང་བའི་ཐད་ཀྲུང་གོའི་ལས་བཟོའི་ཁྱིམ་ཚང་དང་ཕྱི་འབྲེལ་མི་སྣའི་ཞབས་ཞུ་ཅུས་ཀྱིས་མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་པར་རོགས་རམ་བྱས་ནས། མཚོ་སྔོན་གྱི་དངོས་རྫས་དཔྱ་ཁྲལ་མེད་པར་གཏོང་བའི་ཐབས་ལམ་དུ་བསྐྱོད་པར་སྐུལ་འདེད་བཏང་སྟེ་གཞུང་ཚབ་ཁང་གི་འབྲེལ་མཐུད་མཉམ་ལས་ལམ་སྲོལ་འཛུགས་རྒྱུ་རེད། ཐེངས་འདིའི་ཚོང་འགུག་གིས་ཁེ་ལས་ཀྱི་སྤུས་ལེགས་ཐོན་ཁུངས་དང་མཚོ་སྔོན་འཕེལ་རྒྱས་ཀྱི་དགོས་མཁོ་འབྲེལ་མཐུད་བྱེད་པའི་བགྲོད་ལམ་ནུས་ལྡན་གཏོད་ནས་ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་། འཛད་སྤྱོད་སྤུས་ཚད་མཐོ་རུ་གཏོང་བ། ཟོང་རྟགས་རྒྱལ་ཡོངས་སུ་ཁྱབ་པ་བཅས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཏེ། མཚོ་སྔོན་གྱི་གཞི་གྲངས་དཔལ་འབྱོར་དང་དངོས་ཚོགས་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་དང་རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།