སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་ཚུན་ལ། ཧྲང་ཧའེ། བོད་ལྗོངས། ཀན་སུའུ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྟོང་སྡེ་ཆེན་མོས་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་སྒྲུབ་དང་ལས་ལམ་གསར་འབྱེད་དུ་བསྒྱུར་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲུབ་སྟངས་གསར་བ་དང་གྲུབ་འབྲས་གསར་བར་སྐུལ་འདེད་བཏང་་།
ཧྲང་ཧའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་བཟོས་པ་དང་། ཕྱོགས་དྲུག་ཐད་ཀྱི་ཞིབ་ཕྲའི་བྱ་ཐབས་ཁག་16ཞིབ་ཚགས་སུ་བཏང་སྟེ། སྲིད་འབྲས་ལྟ་བ་ནོར་འཁྲུལ་དང་ཁྱད་པར་ཅན་གྱི་དཔྱད་ཞིབ་གདེང་འཇོག་ནུས་ལྡན་སྒོས་སྔོན་འགོག་དང་ཡོ་བསྲང་དུ་གཏོང་བ་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་། མང་ཚོགས་དང་ཁེ་ལས་ཀྱིས་བཏོན་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་བཅད་པ་དང་། དངོས་བཤེར་དངོས་བཅོས་ལ་དམ་འཛིན་ལེགས་པོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱས།
ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་དོན་ཨུ་ཡོན། ཞུས་ཧྲུའུ་ཅེ་ཡིས་བཤད་རྒྱུར།
ང་ཚོས“སྤྱིའི་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ། དམ་པ་དོན་གཉེར”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། “གཏན་འཁེལ་གཉིས”ལ་གོང་བཀུར་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་སྟེ། སློབ་སྦྱོང་སློབ་གསོ་དེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འགོ་ལེགས་པོ་རྩོམ་རྒྱུ་མངོན་འགྱུར་བྱེད་པ་དང་ཟུང་འབྲེལ་དང་། “ལྟེ་བ་ལྔ་”དང་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་པ། ཀྲུང་དབྱང་གི་སྐོར་ཞིབ་ལྡོག་འདྲེན་གནད་དོན་དག་ཐེར་ཡོ་བསྲང་དོན་འཁྱོལ་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་། ཞིབ་བཤེར་ངོ་མ། དག་བཅོས་དངོས་བཅས་ཀྱི་ཐད་འབད་བརྩོན་བྱས་ནས་ཕན་འབྲས་ཐོན་པར་བྱས་ནས། སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དེ་དངོས་འཛིན་དངོས་སྒྲུབ་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བ་ཡིན།
བོད་ལྗོངས་ཀྱིས་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི“དཔོན་གསར་གྱིས་དོན་དག་རྙིང་པར་ཁ་ཡ་མི་བྱེད་པ”དང“སྣང་བརྙན་བཟོ་སྐྲུན”སོགས་ཕྱོགས8ཐད་ཀྱི་འབུར་ཐོན་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་པའི་རྨང་གཞིའི་ཐོག དོན་དངོས་དང་ཟུང་འབྲེལ་བྱས་ནས་“སྒུག་རྟེན་སློང་”བཅས་ཀྱི་ལས་ཀ་མི་བྱེད་པའི་གནད་དོན་ཁ་བསྣན་ཏེ། ཞིབ་བཤེར་གསལ་སྟོན་དབྱེ་ཞིབ་དང་། འབེན་ཡོད་སར་ཤུགས་འདོན་པ། དག་ཐེར་ཡོ་བསྲང་ཏན་ཏིག་བཅས་བྱས། དེའི་དང་ཆབས་ཅིག་ཏུ་སློབ་གསོ་དང་། སྨན་བཅོས། སྡོད་ཁང་སོགས་དམངས་འཚོའི་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པར་བསྒྲུབ་སྟེ། དཀའ་གནད་སེལ་བ་དང་བྱ་བ་དངོས་སྒྲུབ་པའི་ཁྲོད་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་བ་དང་སྲིད་འབྲས་སྤུས་ཚད་ལ་ཞིབ་བཤེར་བྱས།
བོད་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་རྩ་འཛུགས་ཁྲུའུ་དང་པོའི་ཁྲུའུ་ཀྲང་། ཏིན་པོ་ཡིས་བཤད་རྒྱུར།
ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། བོད་ལྗོངས་ཀྱི་དོན་དངོས་ལ་དམ་པོར་དམིགས་ཏེ་སློབ་སྦྱོང་དང་། ཞིབ་བཤེར། ལེགས་བཅོས་བཅས་ཏན་ཏིག་སྒོས་སྤེལ་བ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པའི་ཡང་དག་པའི་སྲིད་འབྲས་ལྟ་བ་དེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི་བྱ་བ་སོ་སོ་ཁྲོད་ཁྱབ་པར་སྐུལ་འདེད་བཏང་སྟེ། ངེས་པ་དོན་གྱིས་མང་ཚོགས་ལ་སློབ་སྦྱོང་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་ཚོར་ཐུབ་ཏུ་འཇུག་རྒྱུ་ཡིན།
ཀན་སུའུ་ཡིས་སློབ་སྦྱོང་སློབ་གསོ་དང་ལོ་འཁོར་གྱི་གཙོ་གནད་བྱ་བ། ཀྲུང་དབྱང་གི་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་དག་ཐེར་ལེགས་བཅོས་སོགས་ཟུང་འབྲེལ་བྱས། གནད་དོན་འཚོལ་འདོན་བྱེད་པར་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་། དག་ཐེར་ལེགས་སྒྲིག་གིས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་བྱས་ནས་ཏང་ཡོན་ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ། ཞིང་ཆེན་རིམ་པའི་ངོས་ནས་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་རྩོམ་སྒྲིག་པར་སྐྲུན་བྱས་པ་དང་། ཉེན་ཟོན་སློབ་གསོ་དང་དྲང་ཕྱོགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། ངེས་པ་དོན་གྱིས་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་བཏང་།
བཅར་ལན། ཀན་སུའུ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་རྩ་འཛུགས་ཁྲུའུ་དང་པོའི་ཁྲུའུ་ཀྲང་། མེའུ་ཝུའེ་ཞུང་གིས་བཤད་རྒྱུར།
ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཡོངས་སུ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་མཛུབ་སྟོན་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས། “མིག་སྔར་བསྒྱུར་བཅོས”དང“ཡུན་རིང་སྒྲིག་འཛུགས”ཟུང་འབྲེལ་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྲིད་འབྲས་ལྟ་བ་ཡང་དག་ལག་བསྟར་དང་། དམངས་འཚོའི་བདེ་སྐྱིད་ཇེ་ཆེར་གཏོང་བའི་ཁྲོད་སྲིད་འབྲས་ལྟ་བ་ཡང་དག་གསལ་བཤད་བྱས་ཏེ། སློབ་སྦྱོང་སློབ་གསོར་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱས།
ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྟོང་སྡེ་ཆེན་མོས་སློབ་སྦྱོང་ཞིབ་གྲོས་དང་། གནད་དོན་འཚོལ་ཞིབ། དག་ཐེར་བཅོས་སྐྱོང་སོགས་ཀྱི་ཐད་ནས་འགོ་བརྩམས་ཏེ། ལས་འགན་གསལ་ཐོ63ཞིབ་ཕྲ་བཟོས་ནས། རྣམ་གྲངས་རེ་རེ་བཞིན་སྐུལ་འདེད་བཏང་བ་དང་ཞིབ་བསྡུར་ལེགས་བཅོས་བྱས་ཡོད། གཞུང་དབང་ཁེ་ལས་ཀྱི་མ་དངུལ་ཉེན་ཁ་སོགས་འབུར་ཐོན་གནད་དོན་ལ་དམིགས་ནས་དག་ཐེར་བཅོས་སྐྱོང་ནན་མོ་བྱས་ཏེ། དོན་དག་རེ་རེ་དོན་འཁྱོལ་དང་། བྱ་བ་རེ་རེར་ཨ་ལན་ཡོད་པར་བྱས་ཏེ། དངོས་དོན་སྒྲུབ་པར་བརྟེན་ནས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱས།
ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྟོང་སྡེ་ཆེན་མོའི་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ། ཁྲེན་ཀང་གིས་བཤད་རྒྱུར།
ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་སྲིད་འབྲས་ལྟ་བའི་ཐད་མི་འདང་བའི་ཆ་འཚོལ་ཞིབ་བྱས་ནས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་གཞི་རིམ་དུ་སྐྱོད་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་པ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ལེགས་པོ་བཅས་བྱས་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་སུ་བསྒྱུར་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་བ”འགོ་ལེགས་པོ་རྩོམ་པ་དང་གོམ་སྟབས་བརྟན་པོས་སྟོང་སྡེ་ཆེན་མོའི་སྟོབས་ཤུགས་གོང་བུར་བསྒྲིལ་དགོས།