ཟླ3པའི་ཚེས16ཉིན་ནས་ཚེས18ཉིན་བར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་དྲུག་སྔ་གཞུག་ཏུ་ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཚན་རྩལ་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་གྱི་དམག་ཁུངས་ལས་ཕྱིར་བུད་པའི་མི་དོན་ལས་གཉེར་ཐིང་། ཞིང་ཆེན་རྩིས་བཤེར་ཐིང་། ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་། ཞིང་ཆེན་བསྡོམས་རྩིས་ཅུའུ། ཞིང་ཆེན་ལུས་རྩལ་ཅུའུ། ཞིང་ཆེན་རྒྱལ་སྲུང་སྐུལ་སློང་གཞུང་སྒྲུབ་ཁང་། ཞིང་ཆེན་འཕྲིན་བཅར་ཅུའུ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། ཞིང་ཆེན་ཚན་རྩལ་མཐུན་ཚོགས་བཅས་ཏང་ཙུའུ15དང་། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། མཚོ་ཤར་བཟོ་ལས་གླིང་ཁུལ། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་བཅས་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གསུམ་བཅས་སུ་བཅའ་སྡོད་བྱས་ཏེ་བྱ་བ་སྒྲུབ་མགོ་བརྩམས་ཤིང་། དུས་མཉམ་དུ་གྲོང་ཁྱེར་དང་ཁུལ་སོ་སོར་གཅིག་འདོམས་ཀྱི་རྫོང་རིམ་པའི་གསར་སྤེལ་ཁུལ་དུ་རིམ་འདེགས་སྐོར་ཞིབ་བྱས།
སྐོར་ཞིབ་དང་ལེན་གྱི་ཏང་རྩ་འཛུགས་ཀྱིས་སོ་སོར་སྐོར་ཞིབ་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་ཚན་གཙོས་སྐུལ་སློང་གཏམ་བཤད་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཤིང་། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་བཅུ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་དངོས་འབེབས་བྱས་ལ། དྲི་བ་གཅིག་ལ་དྲིས་ལན་མཉམ་འདེབས་ཀྱིས་སྐོར་ཞིབ་ལས་འགན་ལ་བཏོན་པའི་བླང་བྱ་ལེགས་འགྲུབ་བྱས། སྐོར་ཞིབ་ཚན་ཆུང་གི་ཚན་གཙོ་སོ་སོས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་འཁྱོངས་བྱེད་རྒྱུ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། སྐོར་ཞིབ་བྱ་བའི་སྲོལ་ཡིག་ནན་ཏན་གྱིས་ལག་བསྟར་བྱེད་པ། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་མངོན་གསལ་དུ་གཏོང་བ་དང་། སྐོར་ཞིབ་བྱ་བའི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དར་ཆ་གསལ་སྒྲེང་གིས་སྲུང་སྐྱོང་གཉིས་རྩ་བའི་ལས་འགན་དུ་བརྩི་བ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དང་དམ་པོར་སྦྲེལ་ནས། སྐོར་ཞིབ་བྱ་བ་དེ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱེད་པ། ཀྲུང་དབྱང་སྐོར་ཞིབ་ཀྱིས་ཚུར་སྣང་གནད་དོན་དག་ཐེར་དངོས་འབེབས་བྱེད་པ་དང་ཟུང་འབྲེལ་བྱེད་པ། མང་ཚོགས་ཉེ་གམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུས་བཅོས་སྐྱོང་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བའི་འགལ་བ་གཙོ་བོ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་དངོས་འབེབས་བཀོད་སྒྲིག་ཁྲོད་ཀྱི་བར་ཁྱད་ཆེན་པོ། བདེ་འཇགས་བརྟན་འཇགས་ལ་ཤུགས་རྐྱེན་བཟོ་བའི་ཉེན་ཁ་གལ་ཆེན། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་འབུར་ཐོན་གནད་དོན་བཅས་འཚོལ་ཞིབ་གང་ལེགས་བྱས་ནས། ལྟ་སྐུལ་དོ་དམ་གྱི་འཐུས་ཤོར་གསབ་པར་སྐུལ་འདེད་གཏོང་བ་དང་། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། སྐོར་ཞིབ་ལྟ་སྐུལ་གྱི་དོན་དངོས་གྲུབ་འབྲས་ལ་བརྟེན་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་ལེགས་པོར་རྩོམ་པ་དང་གོམ་པ་བཟང་པོར་སྤོ་བར་འགན་སྲུང་བྱེད་དགོས།
སྐོར་ཞིབ་དང་ལེན་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་གཙོ་བོས་བསྟན་དོན། སྐོར་ཞིབ་ལྟ་སྐུལ་དང་ལེན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ལེན་པ། ནུས་ཤུགས་ཡོད་རྒུས་སྐོར་ཞིབ་ལ་ཞབས་འདེགས་དང་འགན་སྲུང་བྱེད་དགོས་ལ། དག་ཐེར་དམ་འཛིན་བཟང་པོ་གཟབ་ནན་དུ་གཏོང་དགོས། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་སྒོ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་བཅས་ཇི་མ་ཇི་བཞིན་དུ་དོན་འཁྱོལ་ཐུབ་པར་ཁག་ཐེག་བྱེད་དགོས།
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོའི་ཡུལ་དངོས་ལས་དོན་གྱི་དུས་ཚོད་དེ་ཟླ3པའི་ཟླ་དཀྱིལ་ནས་ཟླ5པའི་ཟླ་མཇུག་བར་རེད། བར་སྐབས་འདིར་ཆེད་དོན་ལས་རེས་ཁ་པར་དང་། གློག་རྡུལ་ཡིག་སྒམ། ཨང་བཤེར་སྐོར་ཞིབ་སོགས་ཞུ་གཏུག་སྟེགས་བུ་བཙུགས་ཏེ། སྐོར་ཞིབ་དང་ལེན་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཆུང་དང་དེའི་ཁོངས་མི། རིམ་པ་རྗེས་མའི་ཏང་རྩ་འཛུགས་ཀྱི་འགན་ཁུར་པ་གཙོ་བོ། ལས་གནས་གལ་ཆེན་གྱི་འགོ་ཁྲིད་ལས་བྱེད་པའི་གནད་དོན་ཚུར་སྣང་བྱས་ཚུལ། སྐོར་ཞིབ་བྱ་བའི་འབྲེལ་ཡོད་འཕྲིན་བཅར་ལས་དོན་སོགས་གཙོར་བཟུང་ནས་རྟོག་ཞིབ་དང་ཐག་གཅོད་བྱ་རྒྱུ་རེད། ཐེངས་འདིའི་སྐོར་ཞིབ་ལས་འཕྲིན་བཅར་དང་ལེན་གྱི་དུས་ཚོད་ནི2026ལོའི་ཟླ5པའི་ཚེས25བར་རེད།