གནམ་གྲུ་སྤ་སེ་རིན་གོང་མཐོ་སོང་ན་རིན་མེད་ངང་ཕྱིར་སློག་ཆོག མཁའ་འགྲུལ་ཀུང་སི་མང་པོ་ཞིག་གིས་ཁྱབ་སྒྲོག་བྱས་དོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཉེ་ཆར་རྒྱལ་ནང་གི་མཁའ་འགྲུལ་ཀུང་སི་མང་པོ་ཞིག་གིས་འགྲུལ་པའི་ཁེ་དབང་སྲུང་སྐྱོང་གི་སྤྱི་སྒྲོག་བསྒྲགས་ཏེ། སྤ་སེའི་རིན་གོང་འཕར་ཆག་བྱུང་ཚེ་རིན་མེད་ངང་སྤ་སེ་ཕྱིར་སློག་པའི་ཞབས་ཞུ་བཏོན་ཡོད་ན་ཡང་། མཁའ་འགྲུལ་ཀུང་སི་ཁ་ཅིག་གི་གཏན་འབེབས་ཅུང་མི་འདྲ་སྟེ། 

ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ།

ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ་ཀུང་སི་ཡིས་འགྲུལ་པས་སྤ་སེ་ཉོས་རྗེས“ཤར་ཕྱོགས་མཁའ་འགྲུལ”གྱིAppའམ་ཡང་ན“ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ”གྱི་སྐད་འཕྲིན་གྱི་མ་ལག་ཆུང་བའི་སྟེང་སྤ་སེ་ཡང་དག་ཡིན་མིན་ལ་ཞིབ་བཤེར་དང་། སྤ་སེའི་རིན་གོང་དང་ཁྲལ་ལག་ཕྱོགས་ལ་འདྲི་རྩད་བྱེད་དགོས། གལ་ཏེ་འདྲི་རྩད་ཀྱི་གནས་ཚུལ་དང་དོན་དངོས་གཉིས་མི་མཐུན་ཚེ“ཤར་ཕྱོགས་མཁའ་འགྲུལ”གྱིAppཡི“ཞབས་ཞུའི་ཚོམས་ཆེན”དུ་འཛུལ་ནས“བསམ་འཆར་འདོན་ས”འམ་ཡང་ན་ང་ཚོའི་ཀུང་སིའི་མགྲོན་ཞབས་ཁ་པར95530ལ་ཁ་པར་བརྒྱབ་ནས་བསམ་འཆར་འདོན་དགོས།  རྩད་ཞིབ་བརྒྱུད་དོན་དངོས་ར་སྤྲོད་བྱུང་རྗེས་ཀུང་སི་ནས་མགྲོན་པོའི་གོང་ཁྱད་ཀྱི་གྱོང་གུན་ཕྱིར་སློག་བྱ་རྒྱུ་མ་ཟད། ད་དུང་འབྲེལ་ཡོད་གྲོས་མཐུན་གཞིར་བཟུང་སྟེ་དོན་དག་དང་འབྲེལ་བའི་ལས་ཁུངས་ལ་འགན་འཁྲི་བདའ་འདེད་ཀྱི་བྱེད་ཐབས་སྤྱད་དེ་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བསྟན།

འཛད་སྤྱོད་པས་སྤ་སེ་ཉོས་རྗེས་སུ་ཉོ་ས་དེ་གའི་སྤ་སེ་དེའི་རིན་གོང་མ་བཅག་པ་ཡིན་ཚེ། སྤ་སེ་ཉོས་རྗེས་ཀྱི་ཆུ་ཚོད24ནང་ཚུན་སྤ་སེ་ཉོ་ས་དེ་ག་ནས་བསྐྱར་དུ་སྤ་སེ་གསར་པ་ཉོས་ན། ཆ་རྐྱེན་དང་མཐུན་ཚེ་དེ་སྔའི་སྤ་སེ་རིན་མེད་ངང་ཕྱིར་སློག་ཆོག

འཛད་སྤྱོད་པས་སྤ་སེ་ཉོས་རྗེས་ཀྱི་ཆུ་ཚོད2ནང་ཚུན་དང་དུས་གཏན་གནམ་གྲུ་མ་འཕུར་གོང་གི་ཆུ་ཚོད12ནང་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་གཞུང་ཕྱོགས་དྲ་བའམ་ཡང་ན“ཤར་ཕྱོགས་མཁའ་འགྲུལ”གྱིAppབརྒྱུད་ནས“ཆུ་ཚོད2ནང་དངུལ་གྲངས་ཚང་མ་ཕྱིར་སློག་པའི”ནུས་པ་སྤྱད་ཆོག་པ་དང་། ཆ་རྐྱེན་ངེས་ཅན་འོག་་སྐུ་མགྲོན་གྱིས་སྤ་སེ་དེ་ཉིན180ནང་རིན་མེད་ངང་ཐེངས་གཉིས་ལ་ཕྱིར་སློག་ཆོག་པ་ཁེ་དབང་ཡོད་པས་དེ་ལོངས་སུ་སྤྱད་ཆོག

ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ་གྱི་སྤྱི་བསྒྲགས། 

ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ། 

ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ་གྱི་འགྲུལ་པས་སྤ་སེ་ཉོས་རྗེས“ལྷོ་ཕྱོགས་མཁའ་འགྲུལ”གྱིAppའམ་ཡང་ན“ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ”གྱི་སྐད་འཕྲིན་མ་ལག་ཆུང་བ་ནས་དྲ་ངོས་ཀྱི་མཐིལ་དུ“ལམ་ཐིག”ཅེས་པ་མནན་ནས་འབྲེལ་ཡོད་ཆ་འཕྲིན་ནང་འཇུག་བྱས་རྗེས་ལམ་ཐིག་དང་སྤ་སེའི་རིན་གོང་ཡང་དག་ཡིན་མིན་ལ་བལྟ་དགོས།  གལ་སྲིད་གནམ་གྲུའི་སྤ་སེའི་རིན་གོང་དང་ལམ་ཐིག་ནོར་བ”དང་། “ཕྱིར་སློག་དང་སྒྱུར་བཅོས་ཀྱི་འགྲོ་ལུགས་འགྲོ་གྲོན་མང་ཙམ་བསྡུ་བ” “རིན་མི་དགོས་པའི་དམིགས་བསལ་ཞབས་ཞུར་གྲོན་དངུལ་སྣོན་བསྡུ”བཅས་ཀྱི་གནད་དོན་བྱུང་ཚེ། “ལྷོ་ཕྱོགས་མཁའ་འགྲུལ”Appདང“ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ”གྱི་སྐད་འཕྲིན་མ་ལག་ཆུང་བ་བརྒྱུད་ནམ་ཡང་ན་ང་ཚོའི་ཀུང་སིའི་མགྲོན་ཞབས་ཁ་པར95539ལ་ཁ་པར་བརྒྱབ་ནས་གནས་ཚུལ་ཞུ་དགོས། གལ་ཏེ་དོན་དངོས་ཡིན་པ་བདེན་དཔང་བྱས་རྗེས་ངེད་ཀུང་སིས་ཐད་ཀར་འགྲུལ་པའི་གོང་ཁྱད་ཀྱི་གྱོང་གུན་གསབ་རྒྱུ་ཡིན།  

སྐུ་མགྲོན་གྱིས་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིའི་གཞུང་ཕྱོགས་འཕྲིན་ལམ་ནས་རྒྱལ་ནང་གི་སྤ་སེ་ཉོས་རྗེས་སུ། སྤ་སེ་དེའི་རིན་གོང་མར་བཅག་པ་ཤེས་རྟོགས་བྱུང་ན། སྤ་སེ་ཉོས་རྗེས་ཀྱི་དུས་ཚོད24ཡི་ནང་རེ་ཞུ་བྱས་ཚེ།  ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་སྐུ་མགྲོན་གྱིས་སྤ་སེ་གསར་པ་ཉོས་རྗེས་སུ་རིན་མེད་ངང་དེ་སྔའི་སྤ་སེ་རིན་པ་ཕྱིར་སློག་རྒྱུ་རེད།

ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ་གྱི་སྤྱི་བསྒྲགས།

ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ། 

ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་གྱི་འགྲུལ་པས་སྤ་སེ་ཉོས་རྗེས“ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ”གྱིAppའམ་ཡང་ན“ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ”གྱི་མ་ལག་ཆུང་བ་ནས་མིང་ངོ་མས་ཐོ་འགོད་བྱས་ཚེ། ལམ་ཐིག་དང་སྤ་སེའི་རིན་གོང་། ཁྲལ་དངུལ་ལ་ཞིབ་བཤེར་བྱེད་ཆོག་པ་དང་། ཡང་ན“ཞབས་ཞུ་ཡོངས”ཀྱི་དྲ་ངོས་ལས“གནམ་གྲུའི་སྤ་སེ་བདེན་མིན་ཞིབ་བཤེར་བྱེད་པའི”ཞབས་ཞུ་བདམས་ཏེ། འབྲེལ་ཡོད་ཆ་འཕྲིན་ནང་འཇུག་བྱས་ནས་གནམ་གྲུའི་སྤ་སེ་ལ་ཞིབ་བཤེར་དང་སྤ་སེ་རིན་གོང་གི་གྲོན་དངུལ་འདྲི་རྩད་བྱེད་དགོས།  གལ་ཏེ་འདྲི་རྩད་བྱས་པ་དོན་དངོས་དང་མི་མཐུན་ཚེ་མགྲོན་ཞབས་ཁ་པར95583ལ་ཁ་པར་བརྒྱབ་ནས་གནས་ཚུལ་ཞུ་དགོས།  གནས་ཚུལ་བདེན་པ་ར་འཕྲོད་རྗེས་ང་ཚོའི་ཀུང་སིས་འགྲུལ་པར་པ་སེ་ཉོས་པའི་གོང་ཁྱད་ཕྱིར་སློག་རྒྱུ་མ་ཟད་ད་དུང་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་ཕྱིར་ཚོང་ལས་ཚབ་གྲོས་མཐུན་གཞིར་བཟུང་སྟེ་དོན་དག་དང་འབྲེལ་བའི་ལས་ཁུངས་ལ་ཐག་གཅོད་ནན་པོ་བྱས་ནས་འགྲུལ་བའི་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་རེད།

“ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི”Appདང་དེ་བཞིན“ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ”གྱི་མ་ལག་ཆུང་བ་བརྒྱུད་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་རྒྱལ་ནང་གི་མཁའ་ལམ་གྱི་རྐྱང་སྐྱོད་ཐད་གཏོང་སྤ་སེ་ཉོ་མཁན་འགྲུལ་པ་ཚོས། རྒྱལ་ནང་གི་ཕྱིར་ཚོང་ཐབས་ལམ་གང་རུང་ནས་གོང་གི་གནམ་གྲུ་སྡོད་མཁན་གཅིག་ལ་ལམ་ཐིག་ཀྱང་གཅིག་པའི་སྤ་སེ་རིན་གོང་སྔ་མ་ལས་དམའ་བ་ཉོས་ཚེ་གཏན་འབེབས་ཀྱི་དུས་ཚོད་ནང་ཆ་རྐྱེན་དང་མཐུན་ན་དེ་སྔའི་སྤ་སེ་རིན་མེད་ངང་ཕྱིར་སློག་དགོས་པའི་རེ་བ་རྒྱག་ཆོག 

“ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ”གྱིAppདང་དེ་བཞིན“ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ”གྱི་མ་ལག་ཆུང་བ་ནས་རྒྱལ་སྤྱིའི་མཁའ་འགྲུལ་གྱི་གནམ་གྲུའི་སྤ་སེ་ཉོ་མཁན་གྱིས2+2+2ཞེས་བློ་བདེའི་སྤ་སེ་ཉོ་བའི་འགན་སྲུང་ལོངས་སུ་སྤྱད་ཆོག 

ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་སྤྱི་བསྒྲགས།

ཧའེ་ནན་མཁའ་འགྲུལ།

ཧའེ་ནན་མཁའ་འགྲུལ་གྱི་འགྲུལ་པས་སྤ་སེ་ཉོས་རྗེས། “ཧའེ་ནན་མཁའ་འགྲུལ”གྱིAppའམ་ཡང་ན“ཧའེ་ནན་མཁའ་འགྲུལ”གྱི་སྐད་འཕྲིན་མ་ལག་ཆུང་བ་དང“ཞབས་ཞུའི་ཚོམས་ཆེན”དུ་འཛུལ་ནས“གནམ་གྲུའི་སྤ་སེ་བཤེར་རྟགས”ཞེས་པ་དེ་མནན་ནས་ཉོས་པའི་སྤ་སེའི་ཨང་གྲངས་དང་། ཧའེ་ནན་མཁའ་འགྲུལ་གྱི་འགྲུལ་བའི་སྤ་སེ་ཨང་གྲངས(ཡིག་མགོ880ཡིན་པའི་ཨང་གྲངས13ཅན)དང་།  གནམ་གྲྭའི་ཨང་རྟགས་དང་དུས་ཚོད་བཅས་གཏགས་རྗེས། “གནམ་གྲུའི་སྤ་སེ་ཞིབ་བཤེར”ཞེས་པ་མནན་ན་གནམ་གྲུའི་སྤ་སེའི་རིན་གོང་ལ་བལྟ་ཐུབ། གལ་ཏེ་ཁྱེད་ཀྱིས་འདྲི་རྩད་བྱས་པའི་གནས་ཚུལ་དང་སྤ་སེ་ཉོས་བའི་གནས་ཚུལ་དངོས་དང་མི་མཐུན་ཚེ“ངས་བསམ་འཆར་དགོས”ཞེས་པ་བདམས་ནས་ཞིབ་ཕྲའི་གནས་ཚུལ་འབྲི་དགོས།  བདེན་པ་ར་སྤྲོད་བྱས་རྗེས་ཧའེ་ནན་མཁའ་འགྲུལ་ཀུང་སིས་འགྲུལ་པར་གོང་ཁྱད་ཀྱི་གྱོང་གུན་ཕྱིར་སློག་རྒྱུ་མ་ཟད་ད་དུང་ཕྱིར་ཚོང་ལས་ཚབ་གྲོས་མཐུན་གཞིར་བཟུང་དོན་དག་དང་འབྲེལ་བའི་ལས་ཁུངས་ལ་ཐག་གཅོད་ནན་པོ་བྱས་ནས་འགྲུལ་བའི་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ།

ཧའེ་ནན་མཁའ་འགྲུལ་གྱི་སྤྱི་བསྒྲགས། 

ཁྲུན་ཆིའུ་མཁའ་འགྲུལ།

ཁྲུན་ཆིའུ་མཁའ་འགྲུལ་གྱི་རྒྱལ་ནང་གི་ཕྱོགས་གསུམ་པའི་ལས་སྟེགས་གང་རུང་ནས9Cཡི་གནམ་གྲུའི་སྤ་སེའི་ཉོས་པ་ཡིན་ན། ཉོ་མཁན་ཚང་མས“ཁྲུན་ཆིའུ་མཁའ་འགྲུལ”གྱིAppའམ་ཡང་ན“ཁྲུན་ཆིའུ་མཁའ་འགྲུལ”གྱི་སྐད་འཕྲིན་གྱི་མ་ལག་ཆུང་བའམ་གཏོང་སྤྲོད་འབོ(支付宝)མ་ལག་ཆུང་བའི་དྲ་ངོས་ཀྱི་མཐིལ་དུ“ལམ་ཐིག་དོ་དམ”ཞེས་པ་མནན་ན་མིང་ངོ་མ་ཡིན་མིན་ལ་ར་སྤྲོད་བྱེད་ཐུབ་ལ། དེ་དང་བསྟུན་ནས་མི་སྒེར་གྱི་ལམ་ཐིག་དང་། སྤ་སེའི་རིན་གོང་། ཆ་འཕྲིན་གཞན་དག་བཅས་ལ་ཡང་ཞིབ་བཤེར་ར་སྤྲོད་བྱེད་ཐུབ།

གལ་ཏེ་ཁྱེད་ཀྱིས་ཞིབ་བཤེར་ར་སྤྲོད་ཀྱི་བརྒྱུད་རིམ་ཁྲོད“ཕྱོགས་གསུམ་པའི་ལས་སྟེགས་ཀྱི་མངགས་ཐོའི་དངུལ་གྲངས་དང་ཁྲུན་ཆིའུ་མཁའ་འགྲུལ་གྱི་མངགས་ཐོའི་དངུལ་གྲངས་གཉིས་གཅིག་མིན” “ཕྱིར་སློག་དང་སྒྱུར་བཅོས་ཀྱི་འགྲོ་ལུགས་གྲོན་དངུལ་མང་སྡུད” “སྤ་སེ་དུས་ཐོག་ཏུ་མ་ཐོན་པ” “འབྲེལ་གཏུག་ཨང་གྲངས་གཅིག་མཚུངས་མིན་པ”བཅས་ཀྱི་གནས་ཚུལ་བྱུང་ཚེ། “ཁྲུན་ཆིའུ་མཁའ་འགྲུལ”Appའམ་ཡང་ན“ཁྲུན་ཆིའུ་མཁའ་འགྲུལ”གྱི་སྐད་འཕྲིན་མ་ལག་ཆུང་བ་དང་གཏོང་སྤྲོད་འབོ་མ་ལག་ཆུང་བ་ནས་ཞབས་ཞུ་ལྟེ་གནས་བརྒྱུད་རིན་གོང་འགན་སྲུང་དང་ཕྱིར་སློག་དང་བཅོས་སྒྱུར་འགན་སྲུང”བཅས་མནན་ཏེ། འབྲེལ་ཡོད་རྒྱུ་ཆ(ཕྱོགས་གསུམ་པའི་མངགས་ཐོའི་པར་བཅད་དང་གཏོང་སྤྲོད་དཔང་ཡིག་སོགས)སྤྲད་དེ་གནས་ཚུལ་ཞུ་དགོས།

ཞུས་པའི་གནས་ཚུལ་བདེན་པ་ཡིན་ཚེ། ངེད་ཀུང་སིས་གྲོས་མཐུན་གྱི་ཁ་ཆད་ལྟར་དོན་དག་དང་འབྲེལ་བའི་ལས་ཁུངས་ལ་འགན་འཁྲི་བདའ་འདེད་གཏོང་བའི་བྱེད་ཐབས་སྤྱོད་རྒྱུ་མ་ཟད། ནུས་ཤུགས་ཡོད་རྒུས་འགྲུལ་པར་གོང་ཁྱད་ཀྱི་གྱོང་གུན་འདེད་རོགས་བྱ་རྒྱུ།

ཁྲུན་ཆིའུ་མཁའ་འགྲུལ་གྱི་སྤྱི་བསྒྲགས། 

སི་ཁྲོན་མཁའ་འགྲུལ།

འགྲུལ་པས་སྤ་སེ་ཉོས་རྗེས“སི་ཁྲོན་མཁའ་འགྲུལ”གྱིAppའམ་ཡང་ན“སྐད་འཕྲིན་གྱི་མ་ལག་ཆུང་བ”ནས་དྲ་ཐོག་མགྲོན་ཞབས་ཀྱི་ངོས་ནས“གནམ་གྲུའི་སྤ་སེའི་ཆ་འཕྲིན་འདྲི་རྩད”ཅེས་པའི་ཡི་གེ་གཏགས་རྗེས། འབྲེལ་ཡོད་གསལ་འདེབས་ལྟར་ཆ་འཕྲིན་ནང་འཇུག་བྱས་རྗེས་འགྲུལ་བའི་སྤ་སེའི་ཡང་དག་ཡིན་མིན་ལ་ཞིབ་བཤེར་དང་། སྤ་སེའི་རིན་གོང་དང་ཁྲལ་དངུལ་འདྲི་རྩད་བྱས་ཆོག  གལ་ཏེ་རྩད་འདྲི་གནས་ཚུལ་དོན་དངོས་དང་མི་མཐུན་ཚེ“སི་ཁྲོན་མཁའ་འགྲུལ”གྱི་དྲ་ཐོག་གི་མགྲོན་ཞབས་སམ་ཡང་ན་མགྲོན་ཞབས་ཁ་པར95378བརྒྱུད་ནས་གནས་ཚུལ་ཇི་བཞིན་ཞུ་དགོས།  གནས་ཚུལ་བདེན་པ་ཡིན་ཚེ་ཀུང་སིས་སྐུ་མགྲོན་ལ་གོང་ཁྱད་ཀྱི་གྱོང་གུན་ཕྱིར་སློག་རྒྱུ་མ་ཟད་ད་དུང་འབྲེལ་ཡོད་གྲོས་མཐུན་གཞིར་བཟུང་སྟེ་དོན་དག་དང་འབྲེལ་བའི་ལས་ཁུངས་ལ་འགན་འཁྲི་བདའ་འདེད་གཏང་རྒྱུ་ཡིན་ཞེས་བཤད།

སི་ཁྲོན་མཁའ་འགྲུལ་གྱི་སྤྱི་བསྒྲགས། 

ཞ་མོན་མཁའ་འགྲུལ།

ཞ་མོན་མཁའ་འགྲུལ་གྱི་སྐུ་མགྲོན་གྱིས་སྤ་སེ་ཉོས་རྗེས“ཞ་མོན་མཁའ་འགྲུལ”གྱིAppའམ་ཡང་ན“ཞ་མོན་མཁའ་འགྲུལ”གྱི་སྐད་འཕྲིན་མ་ལག་ཆུང་བ་ནས“ཞབས་ཞུའི་ཚོམས་ཆེན”དང“སྤ་སེ་ཞིབ་བཤེར”ཞེས་པ་དེ་མནན་ནས་འབྲེལ་ཡོད་ཆ་འཕྲིན་ནང་འཇུག་བྱས་རྗེས་སྤ་སེའི་རིན་གོང་དང་ཁྲལ་དངུལ་འདྲི་རྩད་བྱ་ཆོག གལ་སྲིད་འདྲི་རྩད་ཀྱི་གནས་ཚུལ་དོན་དངོས་དང་མི་མཐུན་ཚེ“ཞ་མོན་མཁའ་འགྲུལ”གྱིAppདང་། “ཞ་མོན་མཁའ་འགྲུལ”གྱི་སྐད་འཕྲིན་མ་ལག་ཆུང་བ། དེ་བཞིན“ཞ་མོན་མཁའ་འགྲུལ”གྱི་སྐད་འཕྲིན་སྤྱི་སྟེགས་བཅས་བརྒྱུད་དྲ་ཐོག་གི་མགྲོན་ཞབས་སམ་ཡང་ན་ཞ་མོན་མཁའ་འགྲུལ་གྱི་མགྲོན་ཞབས་ཁ་པར95557བརྒྱུད་གནས་ཚུལ་ཇི་བཞིན་ཞུ་དགོས། ཞིབ་བཤེར་བྱས་རྗེས་ངེད་ཀུང་སིས་སྐུ་མགྲོན་ལ་གོང་ཁྱད་ཕྱིར་སློག་རྒྱུ་མ་ཟད་ད་དུང་ཞ་མེན་མཁའ་འགྲུལ་ཀུང་སིའི་ཕྱིར་ཚོང་ལས་ཚབ་གྲོས་མཐུན་གཞིར་བཟུང་དོན་དག་དང་འབྲེལ་བའི་ལས་ཁུངས་ལ་འགན་འཁྲི་བདའ་འདེད་དང་ཐག་གཅོད་ནན་པོ་བྱ་རྒྱུ།

ཞ་མོན་མཁའ་འགྲུལ་གྱི་སྤྱི་བསྒྲགས།
 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།