ཟླ3པའི་ཚེས12ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་རྒན་པའི་སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་རྐྱེན་སྲོལ་གྱི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་རྒན་པའི་སློབ་གསོའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། རྒན་པའི་སློབ་གསོའི་ཁེབས་ཚད་བསྟུད་མར་ཆེ་རུ་ཕྱིན་པ་དང་། རྒན་པའི་སློབ་ཆེན་གྱི་ཁ་གྲངས་དང་སློབ་མའི་གཞི་ཁྱོན་རིམ་གྱིས་འཕར་སྣོན་བྱུང་ལ། མ་ལག་གི་བྱེད་ནུས་བསྟུད་མར་རྒྱ་བསྐྱེད་པ་དང་། སྤྱི་ཚོགས་ཟབ་ཞུགས་བྱེད་ཚད་ཇེ་མང་དང་ཤུགས་རྐྱེན་ཇེ་ཆེར་ཕྱིན་ནས། མཐུན་སྦྱོར་ཤུགས་འདོན་དང་མཉམ་སྐུལ་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་རིམ་གྱིས་ཆགས།
ཞིང་ཆེན་ཡོངས་ཀྱི་རྒན་པའི་སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་རྐྱེན་སྲོལ་བཙུགས་པ་དང་རྒན་པའི་སློབ་གསོ་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ་བཏོན་པའི་ཚུན་ལ། ཁོངས་གཏོགས་ལས་ཁུངས་སོ་སོས་ཐོན་ཁུངས་དག་སྒྲིག་དང་དགེ་རྒན་གྱི་ཐོན་ཁུངས་སྒྲིག་འཛུགས། བསླབ་ཚན་གསར་འབྱེད། སྟེགས་བུ་བསྐྲུན་པ་སོགས་ཀྱི་ཐད་ཕན་འབྲས་མངོན་གསལ་བླངས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྐྱེན་སྲོལ་བཙུགས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པའི་བྱ་བའི་མ་ལག་གིས་བསྒྲུབ་པའི་རྒན་པའི་སློབ་ཆེན་ཞེ་དགུ་ཡོད། ཡུས་ཧྲུའུ་དང་མཚོ་ལྷོ་སོགས་ས་གནས་ཀྱིས་འགུལ་སྐྱོད་སློབ་སྦྱོང་རུ་ཁག་གིས་རྒྱ་བོད་སྐད་གཉིས་སློབ་ཁྲིད་བྱེད་ཐབས་གསར་གཏོད་བྱས་ཏེ། གཞི་རིམ་ལ་ཞབས་འདེགས་ཞུ་བའི་ཆེས་མཇུག་མཐའི་བྱ་བ་ལེགས་པོར་སྒྲུབ།
བསླབ་ཚན་བཀོད་སྒྲིག་དེ་རྒན་པའི་དགོས་མཁོར་དམིགས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒན་པའི་སློབ་གསོ་ཡིས་བསམ་བློ་ཆབ་སྲིད་སློབ་གསོ་དེ་སློབ་ཁྲིད་ཁྲོད་འདྲེས་པར་བྱེད་ཅིང་། རིག་ནུས་བེད་སྤྱོད་དང་གཟུགས་འདས་ཤུལ་བཞག་ལག་རྩལ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ་སོགས་ཀྱི་བསླབ་ཚན་བཀོད་སྒྲིག་བྱེད་པ་དང་། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་སློབ་ཁྲིད་བྱེད་ཐབས་སྤྱོད་པ། དགེ་རྒན་གྱི་ཐོན་ཁུངས་ཇེ་མང་དུ་གཏོང་བ་དང་སློབ་ཁྲིད་ཀྱི་སྤུས་ཀ་མཐོར་འདེགས་གཏོང་རྒྱུ་རེད། རྒན་པའི་སློབ་གསོའི་རྣམ་པར་སྐུལ་འདེད་བཏང་བ་དང་། དང་བླངས་ཞབས་ཞུའི་ཕན་འབྲས་མངོན་གསལ་གྱི་མཐོ་རུ་ཕྱིན་ལ། བྱ་འགུལ་ཐེངས་བརྒྱ་དང་བརྒྱད་ཅུ་ལྷག་ལ་སྤེལ་ནས་མང་ཚོགས་ཁྲི་གཉིས་ལྷག་ལ་ཕན་ཐོགས་པ་དང་། འབྲེལ་ཡོད་རིག་གནས་ལུས་རྩལ་གྱི་རྒན་གསོའི་ཞབས་ཞུའི་མཉམ་འགུལ་སྤེལ་ནས། སྐྲ་དཀར་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ནུས་ལྡན་ངང་གཞོགས་འདེགས་བྱས།
ལོ་ལྔའི་འཆར་འགོད་བཅོ་ལྔ་པར་དམིགས་ཏེ། རང་ཞིང་གིས་རྒན་པའི་སློབ་གསོའི་སྤུས་འདེགས་ནུས་འཕར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་རེད། ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ་དང་གཞི་རིམ་གྱི་ད་ཡོད་ཐོན་ཁུངས་དག་སྒྲིག་བྱེད་པ། ཐིམ་སིམ་རྣམ་པ་དང་སློབ་སྦྱོང་ཁམས་གསོའི་རྣམ་པ། མཉམ་སྐྲུན་རྣམ་པ་བཅས་ཀྱི་སློབ་ཁྲིད་བྱེད་ས་མགྱོགས་མྱུར་ངང་བསྐྲུན་པ། སློབ་ཁྲིད་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཞིང་ཆེན་རིམ་པའི་དགེ་རྒན་གྱི་ཐོན་ཁུངས་མཛོད་དང་སྤུས་ལེགས་བསླབ་ཚན་མཛོད་འཛུགས་པ། ཡུལ་སྐོར་དང་སློབ་སྦྱོང་དང་ཁམས་གསོ་གསུམ་མཉམ་འདྲེས་ཀྱི་ཁྱད་ལྡན་ཚོང་རྟགས་བསྐྲུན་པ། སྲིད་ཇུས་ཀྱི་མ་དངུལ་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཟབ་ཞུགས་བྱེད་པར་ཁྲིད་སྟོན། རྒྱུན་རྣམ་ཅན་གྱིས་དང་བླངས་ཞབས་ཞུ་དང་རིག་གནས་ཀྱི་དམངས་ཕན་བྱ་འགུལ་སྤེལ་བ་དང་། སྡེ་ཁག་བརྒལ་བའི་མཉམ་ཤུགས་གཅིག་སྡུད་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་རྒན་པའི་སློབ་གསོའི་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།