ཚེས17ཉིན་གསར་འགོད་པས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། བྱིས་པ་གཙོར་འཛིན་གྱི་རྩ་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་སྔར་ལས་འགན་ལེན་ལེགས་པོ་བྱེད་པ་དང་། བྱིས་པ་བདེ་ཐང་ངང་འཚར་ལོངས་དང་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་མོས་མཐུན་བྱུང་བ་བརྒྱུད་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཉེ་ཆར་མཉམ་འབྲེལ་སྒོས《སྤྱི་ཚོགས་ཡོངས་སུ་བྱིས་པའི་མཛའ་མཐུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས། བྱིས་པར་མཛའ་མཐུན་བྱེད་པའི་འཛུགས་སྐྲུན་ལ་མ་ལག་ལྡན་པའི་བཀོད་སྒྲིག་བྱས།
བསམ་འཆར་ནང་རྒྱལ་ཁབ་ཀྱི་བྱིས་པར་མཛའ་མཐུན་བྱེད་པའི་གྲོང་ཁྱེར་ཚོད་ལྟའི་འཛུགས་སྐྲུན་གྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་དང་། ཁྱོན་ཡོངས་ནས་བྱིས་པར་མཛའ་བྱེད་པའི་མཐུན་འཛུགས་སྐྲུན་སྤེལ་རྒྱུའི་ཐད་བཀོད་སྒྲིག་བྱས་ཤིང་། གྲོང་ཁྱེར་གཞི་རྩའི་སྡེ་ཚན་དུ་བྱས་ཏེ་སྤྱི་ཚོགས་སྲིད་ཇུས་དང་། སྤྱི་པའི་ཞབས་ཞུ། ཁེ་དབང་འགན་ལེན། འཚར་ལོངས་བར་སྟོང་། འཕེལ་རྒྱས་ཁོར་ཡུག་སོགས་གཙོ་གནད་ཁྱབ་ཁོངས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྲིད་ཇུས་དང་བྱེད་ཐབས་བརྒྱུད་རིམ་ལྡན་པའི་སྒོ་ནས་གཅིག་བསྡུས་བྱས་ཡོད། སྤྱི་པའི་སྲིད་ཇུས་དང་། སྤྱི་པའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ་སོགས་གཙོ་གནད་ཁ་ཕྱོགས་ལ་དམིགས་ཏེ་སྲིད་ཇུས་བཟོ་བ་དང་། འཆར་འགོད་སྒྲིག་བཟོ། ཐོན་ཁུངས་བཀོད་སྒྲིག་བཅས་ཀྱི་ཁྲོད་བྱིས་པའི་ཁེ་དབང་ལ་འགན་ལེན་གང་ལེགས་དང་བྱིས་པའི་དགོས་མཁོ་སྔོན་ལ་སྐོང་རྒྱུར་སྐུལ་འདེད་གཏོང་བ། སྤྱི་པའི་བར་སྟོང་བྱིས་པ་དང་འཚམ་པའི་སྒྱུར་བཀོད་ལ་སྐུལ་འདེད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། བྱིས་པར་སློབ་ཡོན་མི་དགོས་པ་དང་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བཅས་བྱས་ཏེ། སློབ་གྲྭར་འགྲོ་བ་དང་། སྨན་བཅོས་བྱེད་པ། ཕྱི་ལ་འགྲོ་བ། ལུས་སྦྱོང་བྱེད་པ། ཡུལ་སྐོར་རྩེད་མོ་རྩེ་བ་སོགས་ལ་དམིགས་ནས་དངོས་སྒྲུབ་བྱེད་ཐབས་འདོན་དགོས།
བསམ་འཆར་ནང་བྱིས་པའི་བདེ་འཇགས་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་བ་དང་། ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས། དྲ་རྒྱ། སྲིད་གཞུང་། ཁྲིམས་འཛིན་བཅས་ཀྱི“སྲུང་སྐྱོང་ཆེན་པོ་དྲུག”ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ངེས་པ་དོན་གྱིས་ནར་མ་སོན་པའི་མི་བདེ་འཇགས་དང་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོང་བྱེད་དགོས།
བསམ་འཆར་ལས་བྱིས་པར་མཛའ་མཐུན་བྱེད་པའི་འཛུགས་སྐྲུན་དེ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་སྲིད་ཇུས་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། ས་གནས་སོ་སོས་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་བཅས་སྔར་ལས་བསྡུ་སྒྲིལ་བྱ་རྒྱུར་སྐུལ་འདེད་བཏང་ནས་བྱིས་པའི་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་དགོས་པའི་རེ་བ་བཏོན།