ཟླ3པའི་ཚེས13ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ལ། ད་ལོའི་གཙོ་གནད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་གནད་འགག་དུས་རིམ་དུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པས་ང་ཚོའི་བསམ་བློའི་ཤེས་རྟོགས་མཐོ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་གནས་བབ་དམ་འཛིན་བྱེད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། འགན་སྒྲུབ་སྤུས་ནུས་མཐོར་འདེགས་གཏོང་བ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པོར་རྩོམ་པར་ནུས་ཤུགས་འདོན་པ་བཅས་ལ་ཚན་རིག་གི་མཛུབ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་གཅིག་གྱུར་བྱེད་པ་དང་། མཚོ་སྔོན་གྱི་དངོས་ཡོད་དང་སྲིད་གྲོས་ཀྱི་འགན་སྒྲུབ་ངེས་གནས་གཉིས་ཟུང་འབྲེལ་དམ་པོ་བྱས་ཏེ། བློ་གྲོས་དང་སྟོབས་ཤུགས་གཉིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ལན་ལེན་ཁྲོད་གཅིག་སྡུད་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གྲོས་གཞི་དང་པོའི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཐོག་མཐའ་བར་གསུམ་དུ་སྲིད་གྲོས་བྱ་བ་གཅིག་འདོམས་བྱེད་པའི་རྩ་གནད་དུ་བརྩིས་ནས། གཞུང་ལུགས་ཟབ་མོས་ཆབ་སྲིད་ཀྱི་གཏན་གནས་ཁག་ཐེག་བྱེད་པ་དང་། ཅི་ཞིག་སྒྲུབ་ན་དེ་སློབ་སྦྱོང་བྱེད་པ་དང་། ཅི་ཞིག་དཀོན་ན་དེ་ཁ་གསབ་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། བློ་འདོན་ཇུས་འབུལ་ལ་སྔར་ལས་ཚན་རིག་རང་བཞིན་དང་ཁ་གཏད་རང་བཞིན། ལག་བསྟར་ཐུབ་པའི་རང་བཞིན་བཅས་ལྡན་པར་བྱས། ཉུང་ཡང་ཉིང་བསྡུས་ཡིན་པ་དང་ཆེད་དམིགས་གཏིང་ཟབ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་དང་། ལོ་འཁོར་གྱི་གཙོ་གནད་གྲོས་མོལ་དམ་འཛིན་ནན་མོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་སྤུས་འདེགས་རིམ་སྤོར་དང་། ཐོན་ལས་ཀྱི་གནས་བཞིའི་སྤུས་འདེགས་ནུས་འཕར། མཐོ་སྒང་ཁམས་གསོའི་ཐོན་ལས་གསོ་སྐྱོང་འཕེལ་རྒྱས། གྲོང་གསེབ་དར་སྤེལ། ཚ་གཡོལ་དཔལ་འབྱོར། ལྗང་མདོག་རྩིས་གློག་མཉམ་འདྲེས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོའི་ཆབ་སྲིད་ཀྱི་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ་དང་། ཕྱོགས་སོ་སོའི་ཐུན་མོང་ངོས་འཛིན་དང་སྟོབས་ཤུགས་རྒྱ་ཆེར་གཅིག་སྡུད་བྱེད་པ། ཡིད་ཆེས་ཇེ་བརྟན་དང་དམངས་སེམས་གཅིག་སྡུད། སེམས་ཤུགས་གཅིག་སྒྲིལ་བཅས་ཀྱི་བྱ་བ་མང་པོ་བསྒྲུབ་སྟེ། ཆེས་ཆེ་བའི་མཐུན་ས་འཚོལ་བ་དང་ཆེས་ཆེ་བའི་སེམས་མཐུན་རི་མོ་འབྲི་དགོས། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྲིད་གྲོས་ཀྱི་རྒྱུན་རྣམ་རང་བཞིན་གྱི་བྱ་བར་ཤུགས་སྣོན་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་ནུས་པ་ཇེ་ཆེར་གཏོང་བ། ཨུ་ཡོན་གྱི་གཙོ་གཞིའི་ནུས་པ་བསྐྱེད་པ། གྲོས་གཞི་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་བ། སྲིད་གྲོས་མ་ལག་གི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ་བཅས་བྱས་ནས། གསར་འགྱུར་དྲིལ་སྒྲོག་དང་གཞུང་ལུགས་ཞིབ་འཇུག་བྱ་བ་ལེགས་པོར་བསྒྲུབ་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དངོས་འབེབས་ནན་མོ་བྱེད་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་ཏེ། སྤྱོད་གཙང་སྲོལ་ཡག་དང་དངོས་འཛིན་དངོས་གཉེར་གྱི་ཆབ་སྲིད་སྐྱེ་ཁམས་ལེགས་པོ་ཞིག་བསྐྲུན་དགོས།
གྲོས་ཚོགས་སྟེང་། ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུ། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཨི་ཁྲུང་རུང་གིས་རིག་གནས་ཀྱིས་མཚོ་སྔོན་གྱི་དྭངས་གཙང་རྨ་ཆུར་སྟོབས་ནུས་སྩོལ་བའི་ཚོང་རྟགས་བསྐྲུན་པ་ཞེས་པར་དམིགས་ནས་ཆེད་དོན་འཆད་ཁྲིད་བྱས།
རིན་ཆེན་རྣམ་རྒྱལ་དང་། ཝང་ཞོན། ཀྲང་ཞའོ་རུང་། ལི་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡུའེ་ཞང་། ཅིན་ཧྲིན་ཧྲོའུ། ཀྲུའུ་ཞང་ཏུང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་ཚོགས་འདུར་ཞུགས།