གསོ་རིག་ཆེད་མཁས་པ་དེ་དག་ནི་འཁྲབ་སྟོན་པ་ཤ་སྟག་རེད།‘3·15’དགོང་ཚོགས་ལས་ཐེར་འདོན་བྱས་པའི་ཁྲམ་ཚོང་ཞིག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

‘3·15’ཡི་རྗེས་སུ་ང་ཚོས་བཤད་ཡོང་།  དེ་མིན་ཉེན་ཁ་ཆེན་པོ་ཡོད།2026ལོའི་ཟླ1པའི་ཟླ་སྨད་དུ།  ཧྭ་ཀྲུང(华中)གི་གྲོང་ཁྱེར་ག་གེ་མོ་ཞིག་ནས་སྒེར་ཁོངས(私语)ཚོང་གཉེར་ལས་རིགས་ནང་ཁུལ་གྱི་འབྲེལ་འདྲིས་ཚོགས་འདུ་ཞིག་བསྡུས་པའི་སྟེང་དུ།  འབྲེལ་ཡོད་ཀྱི་ཁེ་ལས་བརྒྱ་ཕྲག་ལྷག་ཞུགས་ཡོད་ཅིང་། ལས་རིགས་ནང་ཁུལ་གྱི་མི་ཞིག་གི་མཚམས་སྦྱོར་ལ་བརྟེན་ནས་གསར་འགོད་པ་བདེ་བླག་ངང་ཚོགས་རར་ཞུགས་ཐུབ་པ་བྱུང་།  ཚོགས་འདུ་དེའི་སྟེང་དུ།  ཁེ་ལས་མི་ཉུང་བ་ཞིག་གི་འཐུས་ཚབ་པས་གཏམ་བཤད་ཅིང་།  མཉམ་ལས་རོགས་ཟླ་འཚོལ་བཞིན་འདུག

གསར་འགོད་པས་ནང་ཁུལ་གྱི་འབྲེལ་འདྲིས་ཚོགས་འདུར་རྒྱུས་ལོན་པ་ནི།   སྟེགས་བུའི་སྟེང་“དྲ་རྒྱའི་བརྙན་གཟིགས་སྒྲིག་བཟོ་ཕྱོགས”(“网络视频制作方”)ཞེས་པའི་གཏམ་བཤད་མཁན་དག་ནི་སྒེར་ཁོངས་ཚོང་གཉེར་ལས་རིགས་ཁྲོད་ཀྱི་གནད་འགག་གི་རིམ་པ་ཞིག་རེད།  “དྲ་རྒྱའི་བརྙན་སྒྲིག་བཟོ་ཕྱོགས”དེ་དག་གིས་སྨན་ལས་ཁེ་ལས་སམ་བདེ་སྲུང་ཐོན་རྫས་ཀུང་སི་ནས་ཐོན་རྫས་འདེམས་ཉོ་བྱས་རྗེས།  དེ་དག་དང་འབྲེལ་ནས་བདེ་ཐང་འཆད་ཁྲིད་ལ་སོགས་ཀྱི་མུ་འབྲེལ་བརྙན་གཟིགས་ཉུང་མཐའ་སྐབས་ལྔ་དང་། མང་བ་སྐབས་བརྒྱ་ཕྲག་བསྒྲིགས་རྗེས།  ཐོན་རྫས་དང་ལེ་ཚན་དག་སྟབས་ཅིག་ཏུ་སྒེར་ཁོངས་ཚོང་གཉེར་ཀུང་སི་ལ་བཙོང་བ་དང་།  སྒེར་ཁོངས་ཚོང་གཉེར་ཀུང་སིས་ཐབས་སྣ་ཚོགས་ལ་བརྟེན་ནས་འཛད་སྤྱོད་པ་ཚུར་བཀུགས་ཏེ།  སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུའི་སྒེར་ཁོངས་སློབ་ཁྲིད་ལ་ཉན་དུ་བཅུག་ནས་ཐོན་རྫས་ཕྱིར་འཚོང་བ་རེད།

དྲ་ཐོག་གི་བརྙན་སྒྲིག་བཟོ་ཕྱོགས་ཀྱིས་འདེམས་ཉོ་བྱས་པའི་སྨན་རྫས་དང་བདེ་སྲུང་ཐོན་རྫས་ཀྱི་མ་རྩ་ཧ་ཅང་དམའ་ཡང་། ཕྱིར་འཚོང་གི་རིན་གོང་ཧ་ཅང་མཐོ་བ་རེད།

ཚོགས་ཞུགས་སྐུ་མགྲོན་སྤྱི་གཉེར་བ་ཅིན་གྱིས་འདི་སྐད།  སྨན་གྱི་དམ་བེ་འདི་དག་བསྡོམས་ན་སྒོར20ལས་མི་དགོས།  ངས་རིན་གོང་དེ་ཐད་གར་སྒོར1192ལ་སྤར་ཏེ།  དྲ་བའི་སྦྲེལ་ཐག་ལ་སྦྲེལ་ན་ཉོ་མཁན་ཡོད་པ་རེད་ཟེར།

 ཁྲམ་པ་དེ་དག་གིས་རིན་གོང་མཐོན་པོའི་སྒོ་ནས་སྨན་རྫས་དེ་དག་ལོ་ལོན་དག་ལ་འཚོང་གི་ཡོད་པ་མ་ཟད།  ད་དུང“3·15དགོང་ཚོགས”ཀྱི་མིག་ལ་ཐོགས་པར་དོགས་ཟོན་བྱེད་དགོས་ཟེར།
   རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་འདི་སྐད། འདས་པའི་ལོ་གཅིག་ནང་དུ།  སྒེར་ཁོངས་ཁྱབ་ཁོངས་ནང་ཁུལ་ནས་ལོ་ལོན་ལ་ཁ་བསླུས་ཐེབས་པའི་སྣང་ཚུལ་བྱུང་བར་རྡུང་རྡེག་ཚ་ནན་བཏང་། འདིར་མིག་མདུན་དུ་ལྷགས་པའི་སྒེར་ཁོངས་ཚོང་གཉེར་ཁྱབ་ཁོངས་ནང་ཁུལ་གྱི་གནས་ཚུལ་གསར་པར་རྒྱུས་ལོན་བྱ་ཆེད། གསར་འགོད་པས་ཐེངས་དེའི་ཚོགས་ཆེན་སྟེང་།  མིང་ལ“ཏཱ་ཧོང་རྒྱལ་སྤྱི”(“大红国际”)ཟེར་བའི་དྲ་རྒྱའི་བརྙན་སྒྲིག་བཟོ་ཕྱོགས་ལ་འབྲེལ་འདྲིས་ཐུབ་པའི་གོ་སྐབས་བྱུང་། ཁོ་ཚོས་ད་སྔ་སྒེར་ཁོངས་ཁྱབ་ཁོངས་ནང་ཁུལ་དུ་ཁྱབ་སྒྲོག་བྱེད་པའི་བརྙན་གྱི་མིང་ལ《ཚེ་སྲོག་གི་གསང་གྲངས》ཞེས་པ་དེ་རེད།
  ཏཱ་ཧོང་རྒྱལ་སྤྱིའི་སྤྱི་གཉེར་བ་ལིའུ་ཡིས་བསྐུར་བའི་ཚོང་གཉེར་རྒྱུ་ཆའི་ཁྲོད་དུ།  ཐོན་རྫས་དེའི་རེས་སྐོར་དང་པོའི་སྐབས20ཡི་བརྙན་སྒྲིག་བཟོ་བྱས་ཚར་ཡོད་པ་དང་། ད་སྔ་རེས་སྐོར་གཉིས་པའི་སྐབས15བ་འགོད་བཞིན་ཡོད་ཚུལ་སྐོར་བཀོད་ཡོད་པ་གསར་འགོད་པས་མཐོང་བ་མ་ཟད།  ཕྱིར་འཚོང་གི་ཐོན་རྫས་གཙོ་བོའི་མིང་ལ“活元泰甘露聚糖肽口服溶液”ཞེས་པའིOTCསྨན་རྫས་ཡིན་ཞིང་།  རིན་གོང་སྒམ་ཆུང་གཅིག་ལ་སྒོར298ཡིན་པ་དང་།  ཚད་གཞི་ཧའོ་ཧྲེན90རེད།

  རྒྱུ་ཆ་དེའི་ནང་དུ། 《ཚེ་སྲོག་གི་གསང་གྲངས》ནི“དུས་རབས21པར་བཅོས་ཐབས་མཆོག་ཏུ་གྱུར་བ་སྟེ་ཕྲ་ཕུང་སླར་སྐྱེས་བཅོས་ཐབས”ཞེས་པའི་གཞུང་ལུགས་རྨང་གཞི་བྱས་ནས་བསྒྲུབས་པའི་སློབ་ཁྲིད་ཅིག་ཡིན་ལ། “活元泰甘露聚糖肽口服溶液”སྨན་དེ་བསྟེན་ན་སྙུང་གཞི་མང་པོ་ཞིག་གསོ་ཐུབ་ཅེས་ངོ་སྤྲོད་གནང་ཡོད།  ནང་སྒོས་སྐྱ་འགྲིབ་དང་། ཁྲག་ཤེད་མཐོ་བ།  སྙིང་གི་བྱེད་ནུས་ཉམས་པ།  སྙིང་རྩ་འགག་པ།  ཀླད་རྩ་འགག་པ་ལ་སོགས་དེང་རབས་ཀྱི་གསོ་རིག་གི་སྡེ་རུ་འགག་སྒོ་གཏོར་ཐུབ་མེད་པའི་ནད་དེ་དག  《ཚེ་སྲོག་གི་གསང་གྲངས》ཞེས་པའི་བརྙན་ནང་གི“ཆེད་མཁས་པའི”བཤད་ཚུལ་ལ།  ནད་པས“活元泰”དེ་འཐུང་བ་ཙམ་གྱིས་བཅོས་ཐབས་མེད་པའི་ནད་དེ་དག་རང་བཞིན་གྱིས་སེལ་ཐུབ་ཅེས་བསྟན་ཡོད།
  སྨན་དེའི་ནུས་པ་དེ་འདྲའི་ཧ་ལས་པ་ཞིག་ཡིན་ནམ་ཞེས་དྲི་བ་དེ་འཁྱེར་ནས་གསར་འགོད་པས་དྲ་རྒྱའི་སྟེགས་བུར་འཚོལ་བཤེར་བྱས་པ་ན། “活元泰甘露聚糖肽口服溶液”ཞེས་པའི་སྨན་གྱི་ཕན་ཡོན་སྐོར་རྙེད་ལ། དངོས་འདྲའི་ཧ་ལས་ཧང་སངས་པ་ཞིག་རེད། དེར་རིམས་འགོག་གི་ནུས་པ་ཞན་པ། དབུགས་ལམ་ལ་ཡང་དང་བསྐྱར་དུ་གཉན་ཚད་བྱུང་བ། ཕྲ་ཕུང་དཀར་པོ་ཉུང་བ། སླར་སྐྱེས་བར་གེགས་རང་བཞིན་གྱི་ཁྲག་ཞན་པ་བཅས་ལ་ཕན་ཡོན་ཡོད་པ་དང་། འབྲས་སྐྲན་གསོ་བཅོས་ལ་རམ་འདེགས་བྱེད་ཐུབ་པའི་མི་ཚད། འགྱེད་བཅོས་དང་རྫས་འགྱུར་གསོ་བཅོས་ཀྱིས་ཁྲག་བཟོ་མ་ལག་དང་ཕོ་བའི་རྒྱུ་ལམ་ལ་གནོད་པའི་ཚད་ཇེ་ཡང་དུ་གཏང་ཐུབ་ཚུལ་བརྗོད་ཡོད།

 ཡིན་ན་ཡང་དེ་དང《ཚེ་སྲོག་གི་གསང་གྲངས》ཞེས་པའི་བརྙན་ནང་དུ་དྲིལ་སྒྲོག་བྱས་པའི་བྱེད་ནུས་དང་མི་མཐུན་པ་མང་པོ་ཞིག་འདུག་པས། ཐོན་རྫས་དེའི་རིན་ཐང་དོན་དམ་ག་འདྲ་ཡིན་པའི་སྐོར་ལ་གསར་འགོད་པས་འཚོལ་བཤེར་བྱས་ཀྱང་། ཚད་གཞི་ཧའོ་ཧྲེང90ཅན་གྱི “活元泰甘露聚糖肽口服溶液”ཞེས་པའི་སྨན་གྱི་ཁྲོམ་རའི་རིན་གོང་རྙེད་སོན་མ་བྱུང་ན་ཡང་། དེའི་ཐོན་སྐྱེད་བྱེད་མཁན་བཟོ་གྲྭ་དང་།  མཆན་བཀོད་ཡིག་རྟགས། སྨན་རྫས་གནས་གྲངས་སོགས་ཡོངས་སུ་མཚུངས་པའི་ཧའོ་ཧྲེང100ཅན་གྱི“甘露聚糖肽口服溶液(安加安)”ཡི་ཁྲོམ་རའི་རིན་གོང་སྒོར68རེད།

 སྤྱིར་བཏང་གི་རམ་འདེགས་གསོ་བཅོས་ཀྱི་སྨན་རྫས་ཞིག་གི་ཕན་ནུས་དེ་ལྟར་འུད་སྒྲོག་ཆེན་པོ་བྱས་ཏེ།  ཁྲོམ་རའི་རིན་གོང་ལས་ལྡབ་ལྔ་ལ་ཉེ་བ་སྤར་ནས་བྲིན་འཚོང་བྱེད་པའི་ཕུགས་ཀྱི་གསང་བ་དེ་ག་འདྲ་ཞིག་ཡིན་པ་གསལ་བོ་བརྟོལ་ཆེད།   གསར་འགོད་པ་ཏཱ་ཧོང་རྒྱལ་སྤྱིའི་གཞུང་སྒྲུབ་ཁང་ཡོད་སར་ཕྱིན་པ་ཡིན།   གསར་འགོད་པ་སྣེ་ལེན་བྱེད་མཁན་ནི་ཏག་ཏག་སྤྱི་གཉེར་བ་ལིའུ་རེད།   ཁ་བརྡ་མགོ་རྩོམ་དུས་སྤྱི་གཉེར་བ་ལིའུ་ཡིས་ཐོག་མར་གླེང་ཡོང་བ་ནི“3·15དགོང་ཚོགས”རེད།

《ཚེ་སྲོག་གི་གསང་གྲངས》ཀྱི་བརྙན་སྒྲིག་བཟོ་ཕྱོགས་ཏེ་ཏཱ་ཧོང་རྒྱལ་སྤྱིའི་སྤྱི་གཉེར་བ་ལིའུ་ན་རེ། ཁྱེད་ཅག་གིས་ལས་འདི་གཉེར་དགོས་ན་ད་དུང་ལོ་ལྔ་ལ་སྒུག་དགོས། “3·15དགོང་ཚོགས”ཀྱི་རྗེས་ནས་བཤད་ཡོང་། ད་ལོའི“3·15དགོང་ཚོགས”ཀྱིས་ཅི་ཞིག་དམིགས་སུ་གཏད་ཡོད་པ་ང་ཚོར་ཡང་གསལ་ཆ་མེད། ང་ཚོའི་ལས་རིགས་འདི་གཉེར་མཁན་ལ་སྨན་ཚོམས་ཟེར། “3·15དགོང་ཚོགས”ནི་ཁ་ཕྱོགས་ཡིན་པས། ང་ཚོའི་སྒེར་ཁོངས་ཀྱི་ཚོང་ལམ་འདི་ལ་མཚོན་ན་ཡང་གཞུང་ཕྱོགས་ཀྱི་ཁས་མི་ལེན་པའི་བར་གནས་ལས་རིགས་(灰色地带)སུ་གཏོགས་ཟེར།
   སྤྱི་གཉེར་བ་ལིའུ་ཡིས་གསར་འགོད་པར་ན་རེ། སློབ་ཁྲིད་རྫུན་མ་བཟོ་བ་དང་སྨན་རྫས་གོང་མཐོར་འཚོང་ནས་ལོ་ལོན་གྱི་མགོ་གཡོག་པའི་ཚོང་གཉེར་བ་ཞིག་ཡིན་པའི་ཆ་ནས། བར་སྐབས་འདིར་གུ་དོག་མོ་བྱས་ནས་ལས་ཀ་བསྒྲུབ་དགོས། གཙོ་བོ“3·15དགོང་ཚོགས”ཀྱི་མིག་ལ་ཐོགས་འགྲོ་བར་དོགས་ཟོན་བྱེད་པ་ཡིན།  ཉེ་ལམ་ཚང་མས་ད་ལོའི‘3·15’དགོང་ཚོགས་ཀྱི་སྤྱི་ཚོགས་ཚོགས་པས(སྒེར་ཁོངས)ཐེར་འདོན་བྱེད་ཨེ་ཡོང་སྙམ་ནས་སེམས་ཁྲལ་བྱེད་སྒང་ཡིན། ངོ་མ་བཤད་ན་ང་ཚོའི་ལས་རིགས་འདིར་ཞིབ་བཤེར་གཅིག་བྱས་ཚེ་འགྲིག་ཡོད་པ་མ་རེད་ཟེར།  “3·15དགོང་ཚོགས”ལ་ཕྱོགས་ནས་སྤྱི་གཉེར་བ་ལིའུ་ཡིས་དམིགས་སུ་མོ་རང་གི་ཚོང་གཉེར་གྱི་ཐབས་ཇུས་ཤིག་གསལ་བཤད་བྱས་བྱུང་།
   མོས་བསམ་ན་གསར་འགོད་པས་ད་ལྟ་དྲ་ཐོག་གི་དྲ་རྒྱའི་བརྙན་ལ་གཟིགས་མི་སྲིད།  “3·15དགོང་ཚོགས”ཀྱི་སྐབས་སུ་མ་གཏོགས།  ལོ་གསར་གྱི་སྐབས་འདི་ལ་སྒེར་ཁོངས་ཚོང་གཉེར་བྱེད་པར་འཚམ་པོ་མེད་ཟེར།  《ཚེ་སྲོག་གི་གསང་གྲངས》ཞེས་པའི་བརྙན་སྒྲིག་བཟོ་ཕྱོགས་ཏེ་ཏཱ་ཧོང་རྒྱལ་སྤྱིའི་སྤྱི་གཉེར་བ་ལིའུ་ཡིས་འདི་སྐད།  ཁྱེད་ཀྱིས་ལས་འདི་གཉེར་ན“3·15དགོང་ཚོགས”ལ་སྒུག་དགོས་པ་དང་།   ད་ལྟ་དུས་ཆེན་ལ་འཁེལ་ཡོད།    ལོ་གསར་གྱི་སྐབས་ལ་བུ་དང་བུ་མོ་རྣམས་ཁྱིམ་དང་ལོག་ཡོད་པས།   རང་གི་ཕ་མ་དང་ལོ་ལོན་གྱིས་སྒོར་མོ་མང་པོ་བཀོལ་ནས་ཐོན་རྫས་དེ་རིགས་ཉོ་རུ་འཇུག་མི་སྲིད་ཟེར།  “གསོ་རིག་ཆེད་མཁས་པ”ཟེར་བ་དེ་དག་གིས་འཁྲབ་ལ་མཁས་ན་ཆེད་ལས་རང་བཞིན་གྱི་ཆ་རྐྱེན་ལྡན་མི་དགོས། གཞུང་སྒྲུབ་ཁང་གི་འགྲམ་གྱི་སྒྲོམ་སྟེགས་སུ་བདེ་སྲུང་གི་ཐོན་རྫས་དང་སྨན་མི་འདྲ་བ་རིགས་མང་པོ་ཞིག་བཤམས་ཡོད། སྤྱི་གཉེར་བ་ལིའུ་ཡིས་འདི་སྐད།  འདི་དག་ཚང་མ་ང་ཚོའི་ཀུང་སིའི་ཐེངས་སྔོན་མར་དྲ་ལམ་གྱི་བརྙན་དུ་སྤེལ་བའི་ཐོན་རྫས་ཡིན།  ཐོན་རྫས་དཀྱུས་མ་འདི་དག“སྨན་མཆོག”གི་མིང་ཐོག་ནས་ཕྱིར་འཚོང་ཐབས་ལ་ང་ཚོས་ནུས་ཤུགས་མང་པོ་ཞིག་བཏོན་ཡོད་ཟེར།

སྤྱི་གཉེར་བ་ལིའུ་ཡིས་འདི་སྐད།  འཛད་སྤྱོད་པ་ལོ་ལོན་དག་གི་མགོ་སྐོར་བའི་དྲ་རྒྱའི་བརྙན་གྱི་རྒྱབ་ཏུ།   ཆེད་ལས་ཀྱི་ཇུས་འགོད་ཀུང་སིས་དྲ་རྒྱའི་བརྙན་སྒྲིག་བཟོ་ཕྱོགས་ལ་ཆེད་དུ“གཡོ་ཐབས་ཀྱི་འཁྲབ་གཞུང”བསྒྲིགས་ཡོད་ཟེར།   སྒེར་ཁོངས་ཚོང་གཉེར་གྱི་གཡོ་ཇུས་ཆ་ཚང་ཐེར་འདོན་བྱ་ཆེད།  གསར་འགོད་པས་གནས་ཚུལ་ཤེས་མཁན་གྱི་ངོ་སྤྲོད་བརྒྱུད་དེ།  ཤར་བྱང་གི་གྲོང་ཁྱེར་ག་གེ་མོར་ཡོད་པའི་ཧྲེང་ཝེ(盛维)རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་འཚོལ་རྙེད་བྱུང་།  ཀུང་སི་དེའི་འགན་འཁུར་བ་སྤྱི་གཉེར་ཀྲང་གིས་གསར་འགོད་པར་དྲ་རྒྱའི་སྟེང་སྒེར་ཁོངས་བརྙན་ཇུས་བཟོ་བྱེད་སྟངས་ཀྱི“གོ་རིམ་ཚད་ལྡན”ངོ་སྤྲད་བྱུང་། ཧྲེང་ཝེ་ཀུང་སིའི་སྤྱི་གཉེར་ཀྲུང་གིས་གསར་འགོད་པར་འདི་སྐད།  དྲ་ཐོག་གི་བརྙན་ལམ་བརྒྱུད་དེ་ཐོན་རྫས་འཚོང་བའི་ལེ་ཚན་ཞིག་བསྒྲིག་པ་ལ་མེད་དུ་མི་རུང་བའི་གནད་འགག་གི་རྒྱུ་རྐྱེན་ཞིག་ཚང་དགོས་པ་ནི་བརྙན་དེའི་ནང་གི་འཆད་ལ་མཁས་པའི“གསོ་རིག་ཆེད་མཁས་པ”ཡིན་ཟེར།

ཆེད་མཁས་པ་ཧ་ཅང་གནད་འགག་ཡིན་ན། འཇོན་མི་ག་འདྲ་ཞིག་ཡིན་ན་ད་གཟོད་དྲ་རྒྱའི་བརྙན་ལམ་གྱི་འཆད་ཁྲིད་དགེ་རྒན་དུ་འགྱུར་ཐུབ་ཅེ་ན། ཧྲེང་ཝེ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་ཀྲུང་གིས་འདི་སྐད། ང་ཚོའི་མིག་ནང་གི་དགེ་རྒན་ནི་ཐོག་མར“འཁྲབ་སྟོན་པ”ཞིག་ཡིན་རྒྱུ་ཧ་ཅང་གལ་ཆེན་རེད། ང་ཚོས་ཇི་ལྟར་བྲིས་ན་དགེ་རྒན་གྱིས་དེ་ལྟར་འཆད་པ་ཡིན། ཆེད་ལས་ཀྱི་ངོ་བོ་དེ་མ་ཡིག་གིས་བསྩལ་བ་ཡིན། དགེ་རྒན་གྱིས་སྐད་ཆ་དང་ཉམས་འགྱུར་ཡོངས་སུ་མངོན་ཐུབ་ན་ཆེད་ལས་ཀྱི་རང་བཞིན་དེ་གལ་ཆེན་པོ་མིན། གཙོ་བོ་འཁྲབ་ཤེས་རྒྱུ་གལ་ཆེན་རེད་ཟེར།

ཐོབ་ཐང་ལ་མཚོན་ན་གང་འདོད་དུ་བཏགས་ཆོག་གམ།  སྨན་རྩལ་མི་དགོས་པར་འཁྲབ་སྟོན་བྱེད་ཤེས་པ་དང་།  སྨན་པ་མིན་ཡང་མ་ཡིག་འདོན་ཤེས་ན་ཆོག་གམ།   བརྙན་དེ་དག་ནང་གི“རྒྱལ་སྨན་བུ་སློབ”“ཀྲུང་སྨན་ཆེན་པོ”ལ་སོགས་ཀྱི་མཚན་འཛིན་པའི་ཆེད་མཁས་པ་ཚང་མ་འཁྲབ་སྟོན་པ་ཡིན་ནམ་ཞེ་ན།ཧྲེང་ཝེ་ཀུང་སིའི་སྤྱི་གཉེར་ཀྲུང་གིས་དྲང་མོར་འདི་སྐད།   སྔོན་ཆད་ཁོ་ཚོས་བཟོས་པའི་བརྙན་ནང་གི“ཆེད་མཁས”མང་ཤོས་རྫུན་མ་ཡིན།  ད་ལྟ་སྒེར་ཁོངས་ལས་རིགས་ལ་ལྟ་རྟོག་ཅུང་ཤུགས་དྲག་པས།   ཉེན་ཁ་དེ་ལས་གཡོལ་ཆེད། ཁོ་ཚོས་ལག་བསྟར་སྨན་པའི་ལག་འཁྱེར་དང་། ལག་བསྟར་སྨན་སྦྱོར་བའི་ཐོབ་ཐང་ཡོད་པའི་སྨན་དོན་མི་སྣ་བཙལ་ནས་ལེ་ཚན་ཕབ་ལེན་བྱེད་ཀྱི་ཡོད་ན་ཡང་། སྨན་དོན་མི་སྣ་དེ་དག་ཕར་བལྟས་ཚོད་ཀྱིས་མིང་ཆེ་ཡང་སྔར་བཞིན་ཀུང་སིས་ཇུས་འགོད་དང་རྫུན་བཟོ་བྱས་པ་ཤ་སྟག་ཡིན་ཟེར།

  སྤྱི་གཉེར་ཀྲུང་གིས་འདི་སྐད། “རྒྱལ་སྨན་བུ་སློབ”“སློབ་ཚོགས་ཀྱི་ཚོགས་གཙོ”“ཆེད་མཁས་ཨུ་ཡོན”ལ་སོགས་པའི་མིང་ཐོབ་དེ་དག་ཚང་མ་ཚུར་ཉོས་ཆོག་པའི་ལག་ཆ་རེད་ཟེར། དེ་དོན་དངོས་ཡིན་མིན་གསལ་བོ་ཤེས་ཆེད། གསར་འགོད་པས་འབྲེལ་ལམ་མང་པོ་བརྒྱུད་དྲ་རྒྱའི་བརྙན་སྒྲིག་བཟོ་ཕྱོགས་དང་ཇུས་འགོད་ཀུང་སི་དུ་མ་ཞིག་ལ་བཅར་ནས་འདྲི་ཞིབ་བྱས་པ་ན།  བསམ་ཡུལ་ལས་འདས་པ་ཞིག་ལ་བཤད་ཚུལ་ཚང་མ་གཅིག་འདྲ་རེད།

ཨོ་དབྱིན(傲盈)རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་ལིའུ་ཡིས་འདི་སྐད།  སྐུ་མགྲོན་ལ་མཁོ་བ་ནི་དགེ་རྒན་གྱི་དབང་དྲག་ཐོབ་ཐང་རེད།  དབང་དྲག་ཐོབ་ཐང་ངོ་མ་ཅན་ཞིག་གིས་ལས་འདི་བསྒྲུབ་མི་དཔེ་པས།  ཚང་མ་རྫུན་མ་ཡིན་ཞིང་། མགོ་གཡོག་མགོ་སྐོར་གཏོང་བྱེད་ཁོ་ན་ཡིན་ཟེར།

དྲ་རྒྱའི་བརྙན་སྒྲིག་བཟོ་ཕྱོགས་དང་ཇུས་འགོད་ཀུང་སིས་དེ་ལྟར་འཛེམ་བག་མེད་པར་རྫུན་བཟོ་བྱས་ཚུལ་དེར་བརྙན་མིག་ནང་གི་སྨན་དོན་མི་སྣ་དེ་དག་གིས་དེ་ནི་གོ་རིམ་ཆ་ཚང་པའི་གཡོ་ཐབས་ཤིག་ཡིན་པ་ཤེས་ཡོད་དམ་ཞེ་ན།   གསར་འགོད་པས་འཆད་ཁྲིད་བྱེད་མཁན་ལ་དངོས་སུ་འཕྲད་ཆེད་དྲ་རྒྱའི་བརྙན་སྒྲིག་བཟོ་བྱེད་པའི་གོ་རིམ་ཆ་ཚང་ལ་བལྟ་འདོད་ཀྱི་རེ་བ་བཏོན་པ་ན།  ཕ་རོལ་པོས“3·15དགོང་ཚོགས”ལ་བསླེབ་ཉེར་ཡོད་པས། ལེ་ཚན་ཕབ་ལེན་གྱི་ལས་ཀ་དེ་དགོང་ཚོགས་ཀྱིས་རྗེས་ནས་མ་གཏོགས་སྤེལ་མི་ཐུབ་ཟེར།  གསར་འགོད་པས་དྲ་རྒྱའི་བརྙན་སྒྲིག་བཟོ་ཕྱོགས་ཡིན་ཁུལ་བྱས་ཏེ།  ལེ་ཚན་ཕབ་ལེན་བྱེད་མཁན་དྲ་རྒྱའི་བརྙན་སྒྲིག་བཟོ་མཁན་ཆེད་མཁས་དང་འཆད་ཁྲིད་པ་འགའ་ཞིག་ལ་འབྲེལ་བ་བྱེད་ཐུབ་པ་བྱུང་།  ཕ་རོལ་བོས་དོགས་ཟོན་ཆེན་པོས་ངོ་འཕྲད་པའི་རེ་བ་དེ་དང་ལེན་མ་བྱས།

ཕྱོགས་སོ་སོ་ནས“3·15”ཡི་གསར་འགོད་པར་ཧ་ཅང་དོགས་ཟོན་བྱེད་ཀྱི་ཡོད་ན་ཡང་། “3·15”ཡི་གསར་འགོད་པས་ཡང་དང་བསྐྱར་གྱི་འབད་བརྩོན་ལ་བརྟེན“ཆེད་མཁས་འཆད་ཁྲིད་པ”ཏེང་ཡུས་ཆིའུ་ཡི་ཡིད་ཆེས་ཐོབ་ནས་ངོ་འཕྲད་རྒྱུ་མོས་འཐད་བྱུང་། དྲ་རྒྱའི་བརྙན་ལམ་དུ“མིག་ནད་ཚན་ཁག་གི་ཆེད་མཁས”སུ་གྲགས་པའི་རྒན་ཏེང་ཡུས་ཆིའུ་ཡི་འཆད་པ་ཧ་ཅང་གནས་ལུགས་དང་མཐུན་པ་ཞིག་ཡིན་མོད།  གསར་འགོད་པས་ཁོའི་ཐོགས་པའི་སྨན་པའི་ཐོབ་ཐང་ལག་འཁྱེར་ལ་བལྟ་དུས།  ལག་འཁྱེར་གྱི་སྟེང་གི་ཐོབ་ཐང་གི་ཁྱབ་ཁོངས་དེ་ཁོག་ནད་ཆེད་ལས་ཡིན་པ་ལས་མིག་ནད་ཆེད་ལས་མ་རེད།  ཁོག་ནད་ཚན་ཁག་གི་སྨན་པ་ཞིག་དྲ་ཐོག་ཏུ“མིག་ནད་ཚན་ཁག་གི་དབང་དྲག་ཅན་གྱི་ཆེད་མཁས་པ”ཞིག་ཇི་ལྟར་གྱུར་བ་རེད་ཅེ་ན།

དྲ་རྒྱའི་བརྙན་ལམ་གྱི་འཆད་ཁྲིད་དགེ་རྒན་ཏེང་ཡུས་ཆིའུ་ན་རེ། དང་པོ་སྨན་པའི་ཐོབ་ཐང་ལག་འཁྱེར་དགོས། གཉིས་པ་འཆད་ལ་མཁས་དགོས། “ཞྭ་མོ”དེ་དངུལ་གྱིས་ཉོས་ཆོག་པས་དེར་བལྟ་རྒྱུ་ཆེར་མེད། གནས་ཤིག་བཙལ་ནས་ལོ་འཁོར་གྱི་གྲོན་དངུལ་སྤྲད་དེ་མཐུན་ཚོགས་ལ་ཞུགས་རྗེས།  མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཞིག་གི་མིང་ཐོབ་ལེན་རྒྱུ་སླ་བོ་རེད་ཟེར།

དེ་ནས་གསར་འགོད་པ་དམངས་སྲིད་པུའུ“ཀྲུང་གོའི་སྤྱི་ཚོགས་སྒྲིག་འཛུགས་སྲིད་དོན་ཞབས་ཞུ་འཕྲིན་སྟེགས”སུ་ཕྱིན་ནས་རྩད་ཞིབ་བྱེད་དུས། “ཀྲུང་ཧྭ་སྨན་པ་དཀའ་བཅུ་བའི་སློབ་ཚོགས”ཞེས་པའི་ཐོ་འགོད་ཉར་ཚགས་ཀྱི་ཆ་འཕྲིན་གཅིག་ཀྱང་མི་འདུག གལ་ཏེ་འཛད་སྤྱོད་པས་དྲ་ཐོག་ཏུ་རྩད་ཞིབ་ནན་མོ་མ་བྱས་ན།  ཏེང་ཡུས་ཆིའུ་ཡིས་བཤད་པའི་ཀྲུང་ཧྭ་སྨན་པ་དཀའ་བཅུ་བའི་སློབ་ཚོགས་ཞེས་པའི་ལས་ཁུངས་དེ་ལས་ཁུངས་རྫུན་མ་ཞིག་ཡིན་པ་རྩ་བ་ནས་ཤེས་མི་ཐུབ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།