རང་ཞིང་གིས་སྐོར་ཐེངས་བཅུ་བའི་མི་བཀོལ་མི་འདེམས་ཀྱི་ཆེད་དོན་ཞིབ་བཤེར་བྱ་བར་བཀོད་སྒྲིག་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས12ཉིན། ཞིང་ཆེན་རྩ་འཛུགས་པུའུ་ཡིས་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཐེངས་བཅུ་བའི་མི་བཀོལ་མི་འདེམས་ཀྱི་ཆེད་དོན་ཞིབ་བཤེར་བྱ་བའི་བཀོད་སྒྲིག་དང་ལས་རིགས་གསོ་སྦྱོང་ཚོགས་འདུ་གཉིས་མཉམ་དུ་བསྡུས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་བཅས་ཀྱི་བླང་བྱར་སློབ་སྦྱོང་དང་དོན་འཁྱོལ་བྱས་ཏེ། སྐོར་ཐེངས་བཅུ་བའི་མི་བཀོལ་མི་འདེམས་ཀྱི་ཆེད་དོན་ཞིབ་བཤེར་བྱ་བར་བཀོད་སྒྲིག་བྱས་པར་མ་ཟད། ལས་རིགས་ཤེས་བྱ་དང་ལས་ཀ་སྒྲུབ་སྟངས་ཐད་ནས་ཆེད་དོན་གསོ་སྦྱོང་སྤེལ།

ཐེངས་འདིའི་གསོ་སྦྱོང་སྟེང་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཀྲུང་དབྱང་སྐོར་ཞིབ་ཕྱིར་ལྡོག་གནད་དོན་བཅོས་སྒྲིག་བྱ་བ་གཉིས་ཟུང་འབྲེལ་སྒོས་སྤེལ་བ་དང་། སྲིད་ཇུས་འགྲེལ་ཀློག་དང་ཉམས་མྱོང་མཉམ་སྤྱོད། མ་ལག་བེད་སྤྱོད་སོགས་ཀྱི་རྣམ་པ་བརྒྱུད་ནས་ཀྲུང་དབྱང་སྐོར་ཞིབ་དང་མི་བཀོལ་མི་འདེམས་ཀྱི་ཆེད་དོན་ཞིབ་བཤེར་བྱ་བའི་ཁྲོད་ཀྱི་སྔོན་ཐོན་ཉམས་མྱོང་དང་དཔེ་མཚོན་སྒྲུབ་ཐབས་ལ་འགྲེལ་ཀློག་གཏིང་ཟབ་བྱས་ནས་ཐེངས་འདིའི་མི་བཀོལ་མི་འདེམས་ཀྱི་ཆེད་དོན་ཞིབ་བཤེར་བྱ་བའི་ནང་དོན་གཙོ་བོ་དང་བྱེད་ཐབས། བྱ་བའི་བརྒྱུད་རིམ་ཐད་མ་ལག་ལྡན་པའི་སྒོ་ནས་གསོ་སྦྱོང་བྱས་ནས་ཞིབ་བཤེར་ཚན་ཆུང་སོ་སོའི་བློ་མཐུན་གྱི་ལས་རིགས་ཆུ་ཚད་མཐོར་འདེགས་དང་ལྟ་སྐུལ་ཞིབ་བཤེར་ནུས་པ་མཐོར་འདེགས་ཐད་གཞུང་ལུགས་ཀྱི་རྨང་གཞི་བཏིངས།

ཐེངས་འདིའི་ཆེད་དོན་ཞིབ་བཤེར་ཐད་ཁྱོན་སྡོམ་ཞིབ་བཤེར་ཚན་ཆུང་ལྔ་བཀོད་སྒྲིག་བྱས་ཡོད་པ་དང་། ཟླ3པའི་ཟླ་དཀྱིལ་ནས་ཟླ6པའི་ཟླ་སྟོད་བར་དུ་ཞིང་ཆེན་ཏང་ཨུའི་སྒྲིག་འཛུགས་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན། ཞིང་ཆེན་རྩིས་བཤེར་ཐིན། ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་། ཞིང་ཆེན་སྡོམ་རྩིས་ཅུའུ། ཞིང་ཆེན་ལུས་རྩལ་ཅུའུ། ཞིང་ཆེན་རྒྱལ་སྲུང་སྐུལ་སློང་གཞུང་སྒྲུབ་ཁང་། ཞིང་ཆེན་འཕྲིན་བཅར་ཅུའུ། ཞིང་ཆེན་ཚན་རྩལ་མཐུན་ཚོགས། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་ཅུའུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་སོགས་ལས་ཁུངས་བཅོ་ལྔ་ཡི་ཏང་ཨུའི་མི་བཀོལ་མི་འདེམས་བྱ་བའི་གནས་ཚུལ་ཐད་ཆེད་དོན་ཞིབ་བཤེར་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།