སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་སྐྲུན་མུ་ཕྲེང་དང་ཐོན་ལས་མུ་ཕྲེང་། མ་དངུལ་མུ་ཕྲེང། འཇོན་མིའི་མུ་ཕྲེང་བཅས་ཀྱི་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་ཚན་རྩལ་གྲུབ་འབྲས་ནུས་མཐོའི་གཞན་སྒྱུར་ཉེར་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་དུ“ཚན་རྩལ་གྱི་རང་ཚུགས་རང་སྟོབས་ཆུ་ཚད་ཇེ་ལེགས་སུ་ཆེས་ཆེར་གཏོང་རྒྱུ”དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོའི་གྲས་སུ་འཇོག་དགོས་པ་བསྟན་ཡོད། པེ་ཅིང་དང་སི་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱས་ནས་བྱེད་ཐབས་གཙོ་བོ་ཏན་ཏིག་གིས་དམ་འཛིན་དང་ཞིབ་ཚགས་ནན་མོ་བྱས། ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་མཉམ་འདྲེས་གཏིང་ཟབ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། ཐབས་ཇུས་དང་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་འགན་ལེན་བྱས་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་།
པེ་ཅིང་གིས་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཤུགས་ཆེན་བཏང་།
དུས་སྐབས་འདིའི་རིང་ལ། པེ་ཅིང་གིས་འབྱུང་རྩའི་ལག་རྩལ་མཁོ་སྤྲོད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་ཀྱི་གཙོ་གནད་དངོས་བཤེར་ཁང་གི་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་བཏང་ནས། སྤྱི་དོན་བདེན་སྤྲོད་ལས་སྟེགས46བསྐྲུན་པ་དང་། གསལ་ཐོ་ནས་དོན་འཁྱོལ་ཚུལ་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོའི་ལམ་སྲོལ་བཙུགས་ཏེ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། ཁྲང་ཕིན་དུ་ཡོད་པའི་རླུང་གློག་རིག་ནུས་ཀྱི་བཟོ་སྐྲུན་བཟོ་གྲྭ་འདིས་མི་གཟུགས་འཕྲུལ་མིས་རང་བརྟེན་གྱིས་ཧའོ་སྨི་རིམ་པའི་ཞིབ་ཚད་ལས་རིམ་ལེགས་གྲུབ་བྱུང་བ་དང་། ཐོན་སྐྱེད་བྱས་པའི་རླུང་ཤུགས་གློག་འདོན་འཕྲུལ་ཆས་ཀྱི་ལེ་ལག་གསར་ཤོས་དྲ་སྦྲེལ་འཁོར་སྐྱོད་ལེགས་གྲུབ་བྱུང་ཡོད། པེ་ཅིང་གི་སྤྱི་སྤྱོད་མི་ཐབས་རིག་ནུས་ཞིབ་འཇུག་གླིང་དུ། གསར་དུ་སྒྲོག་སྤེལ་བྱས་པའི“ཤར་གཏོང”སྒྲོམ་གཞི་ལས་བརྩི་ཐབས་ཆ་ཚང་ཞིག་ཐོག་མར་མངོན་འགྱུར་བྱུང་ཞིང་། འཕྲུལ་མིས་མཐའ་ཚད་ཀྱི་བྱ་བྱེད་སྣ་ཚོགས་ཤེས་རྟོགས་ཐུབ་པར་བྱས་ནས། འཕྲུལ་མིས་སྔར་བས་རྙོག་འཛིང་ཆེ་བའི་ཡུལ་རྣམ་ལ་གདོང་གཏོད་པར་རྨང་གཞི་བཏིངས།
པེ་ཅིང་སྤྱི་སྤྱོད་མི་ཐབས་རིག་ནུས་ཞིབ་འཇུག་ཁང་འཕྲུལ་མིའི་ལྟེ་གནས་ཀྱི་ཀྲུའུ་རེན་ཧོང་སི་ཡོན་གྱིས་བཤད་རྒྱུར།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་དུ་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ། ཡུལ་རྣམ་གསར་པ་བཅས་ཀྱི་གཞི་ཁྱོན་ཆེན་པོའི་བཀོལ་སྤྱོད་དཔེ་སྟོན་འགུལ་སྐྱོད་ལག་བསྟར་བྱས་ནས། གསར་དར་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་ཞེས་བཏོན་ཡོད། གོ་རིམ་རྗེས་མར། ང་ཚོས་འཕྲུལ་མིར་ལས་འགན་གསར་པ་དང་ཡུལ་རྣམ་གསར་བ་བརྒལ་བའི་སྤྱི་སྤྱོད་སློབ་སྦྱོང་གི་ནུས་པ་ཡོད་པར་བྱས་ཏེ། སྔར་བས་མགྱོགས་པའི་སྒོ་ནས་བཟོ་ལས་བཟོ་སྐྲུན་དང་གློག་དྲའི་སྐོར་ཞིབ། ཁྱིམ་ཆས་ཁམས་གསོ་སོགས་ཐོན་སྐྱེད་དང་འཚོ་བའི་ཐད་སྤྱོད་ཐུབ་པ་བྱ་རྒྱུ་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་ནི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱེད་པར་པེ་ཅིང་གིས་ཇུས་ཁུངས་གསར་སྐྲུན་དང་གྲུབ་འབྲས་ཚུལ་སྒྱུར། ཡུལ་རྣམ་བཀོལ་སྤྱོད། ཐོན་ལས་དོན་འཁྱོལ་བཅས་ལ་དམིགས་ཏེ། སྐྱེ་དངོས་བཟོ་སྐྲུན་སོགས་འབྱུང་འགྱུར་གྱི་ཐོན་ལས23གཙོ་གནད་དུ་བཟུང་ནས་སྐྱེད་སྲིང་བྱས་ཡོད་པ་དང་། མི་ཐབས་རིག་ནུས་ཀྱི་ནུས་སྩོལ་ཚན་རིག་ཞིབ་འཇུག་དང་ལུས་ལྡན་རིག་ནུས་སོགས་མུ་འབྲེལ་འགུལ་སྐྱོད་འཆར་གཞི་དངོས་སུ་བཏོན་ཏེ། གསར་དར་ཐོན་ལས་རྒྱུན་མཐུད་ངང་རྒྱ་སྐྱེད་བཏང་།
པེ་ཅིང་གྲོང་ཁྱེར་ཚན་རྩལ་ཨུ་ཡོན་ལྷན་ཁང་ཀྲུང་ཀོན་སྡེ་བའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཕུའུ་ཡིས་བཤད་རྒྱུར། ང་ཚོས་དགོས་མཁོ་ཕྱོགས་སྟོན་དུ་འཛིན་པ་དང་ཡུལ་རྣམ་སྣེ་ཁྲིད་དུ་འཛིན་པའི་བྱེད་ཕྱོགས་ལྟར། ཁེ་ལས་ཀྱིས་སྣེ་ཁྲིད་ནས་གསར་སྐྲུན་མཉམ་འབྲེལ་སྒྲིག་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཐུབ་པ་དང་ཚུལ་སྒྱུར་ལས་ཁུངས་ཀྱིས་དང་ལེན་ཐུབ་པ། གླིང་ཁུལ་ཞབས་ཞུས་རོགས་རམ་ཐུབ་པ་བཅས་བྱེད་དགོས། ཚན་རྩལ་གྲུབ་འབྲས་དེ་དོན་དངོས་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་རྒྱུ་ཇེ་མགྱོགས་སུ་བཏང་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་འགན་ལེན་ནན་མོ་བྱེད་པ་དང་། དོན་དངོས་དང་གྲུབ་འབྲས་དངོས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ཀྱིས“གཏན་ཕབ་གཉིས”ལ་གོང་བཀུར་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱ་རྒྱུ་ཡིན།
སི་ཁྲོན་གྱིས་ཚན་རྩལ་གྲུབ་འབྲས་ནུས་ཆེའི་ཚུལ་སྒྱུར་དང་ཉེར་སྤྱོད་བྱེད་ཤུགས་ཇེ་མགྱོགས་སུ་བཏང་།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་དུ“ལག་རྩལ་སྤོ་སྒྱུར་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཚན་རྩལ་གྲུབ་འབྲས་ནུས་ཆེའི་ཚུལ་སྒྱུར་དང་ཉེར་སྤྱོད་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས”ཞེས་བཏོན་ཡོད། མིག་སྔར་སི་ཁྲོན་གྱིས་ཚན་རྩལ་གྲུབ་འབྲས་དེ“ཚོད་ལྟའི་ར་བ”ནས“ཉེར་སྤྱོད་ར་བའི”ཕྱོགས་སུ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད། ཐེན་ཧྥུའུ་ཅང་ཞི་ངོས་བཤེར་ཁང་གིས་ཞིབ་འཇུག་གསར་སྤེལ་དང་སྦྱོང་བརྡར་བྱས་པའི་འཕྲུལ་མི་སྐོར་ཞིག་བཟོ་གྲྭ་དང་དངོས་མང་བཤམས་སྟོན་ཁང་སོགས་སུ་བསྐྱོད་ནས་དངོས་སྦྱོང་བྱེད་ཐུབ་པ་བྱུང་ཡོད། རྒྱལ་ཁབ་ཀྱི་གནད་ཁེལ་གསོ་རིག་ཐོན་ལས་གསར་སྐྲུན་ལྟེ་གནས་ཀྱིས་རང་བརྟེན་ཞིབ་བཟོ་བྱས་པའི་གློག་རྡུལ་སྐྱེ་དངོས་ཀྱི་ཉིང་ལྷེབ་ཁྲོམ་རར་ཞུགས་པའི་ཆོག་འཐུས་རེ་ཞུ་བྱས་ཡོད།
རྒྱལ་ཁབ་གནད་ཁེལ་གསོ་རིག་ཐོན་ལས་གསར་སྐྲུན་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ལི་ཡོན་གྱིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ཀྱིས་གསར་སྐྲུན་མུ་ཕྲེང་དང་ཐོན་ལས་མུ་ཕྲེང་། མ་དངུལ་མུ་ཕྲེང་། འཇོན་མིའི་མུ་ཕྲེང་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ལ་སྔར་ལས་བཀོད་སྒྲིག་བྱས་ཡོད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཐོན་སྐྱེད་དང་སློབ་གྲྭ། ཞིབ་འཇུག་སྡེ་ཁག སྤྱོད་མཁན་བཅས་ཀྱི་མཐུན་སྦྱོར་རྐྱེན་སྲོལ་ལ་བརྟེན་པའི་གྲུབ་འབྲས་ཚུལ་སྒྱུར་ཁྲོད་ཀྱི་འགག་གནད་དང་དཀའ་གནད་སེལ་ཏེ། ཚན་ཞིབ་གྲུབ་འབྲས་སྔར་བས་མང་པོ་མ་དཔེ་ནས་ཐོན་རྫས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།