ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས16ཉིན། སྐབས་བཅུ་བཞི་བའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་རེ་གཅིག་པ་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། བློ་མཐུན་ཚའེ་ཆི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུའི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥུན་ཁྲུན་གྱིས་འགོ་འཛིན་བྱས། ཀྲང་ཧོང་ཡོན་དང་ལུའི་ཀང་། ཝང་ཅིན་ཀྲའེ། ཚའེ་ཁྲེང་ཡུང་། ཁྲེན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས་པ་དང་། ལིའུ་ཐུང་ཏི་ཟུར་ཞུགས་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་གནང་བའི་གསུང་བཤད་གལ་ཆེན་ནང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་།   ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཤུགས་སྣོན་པ་སོགས་ཀྱི་གནད་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་།   རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་འཕེལ་རྒྱས་དམིགས་འབེན་དང་། 2026ལོའི་བྱ་བའི་ལས་འགན་གསལ་བོ་བྱས་ཡོད་པས། དམངས་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་མོ་བྱ་དགོས་ཞེས་བསྟན།

གྲོས་ཚོགས་ལས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཏིང་ཟབ་པར་ཁོང་དུ་ཆུད་པར་བྱེད་པ་དང་།  ལྟ་སྐུལ་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ།     རླབས་ཆེ་བའི་འཆར་གཞི་དེ“ཤོག་བུའི་སྟེང”ནས“དོན་དངོས”སུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་གི་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།     སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས།  རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་བཅས་ལག་བསྟར་ནན་མོ་བྱས་ཏེ།     སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་། ཚན་རྩལ་གསར་གཏོད་སོགས་ཐད་ཀྱི་ཁྲིམས་འཛུགས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་འཆར་འགོད་བྱས་ནས།     སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་ཞབས་འདེགས་གནད་འཁེལ་བྱ་དགོས།  དམངས་དོན་གྱི་རྨང་གཞི་གཏིང་ཟབ་ཏུ་བཏང་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་།     “མི་དམངས་གོང་དུ་བཀུར་བའི”སྲིད་སྐྱོང་འདུ་ཤེས་ལྟ་བ་དེ་ཁྲིམས་འཛུགས་དང་ལྟ་སྐུལ།     འཐུས་མི་སོགས་ཀྱི་བྱ་བའི་བརྒྱུད་རིམ་ཧྲིལ་པོར་འདྲེས་པར་བྱས་ཏེ། དམངས་ཆེན་བྱ་བས་དམངས་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་། དམངས་ཀྱི་བློ་གྲོས་མཉམ་འདུས། དམངས་འཚོ་ལ་ཕན་འདེགས་པ་བཅས་སྔར་ལས་བཟང་བོར་སྒྲུབ་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི2026ལོའི་ལོ་འཁོར་གྱི་བྱ་བའི་གཙོ་གནད(མ་ཡིག)》སོགས་སྐོར་གྱི་སྙན་ཞུར་ཉན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།