མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས16ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི2026ལོའི་གཙོ་གནད་བྱ་བའི་འགན་འཁྲི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཀྱི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ་དང་བྱ་བའི་གོ་སྐབས་དམ་འཛིན་བྱེད་པ། མཛུབ་ཁྲིད་དང་རྒྱབ་སྐྱོར་བརྩོན་ལེན་བཅས་བྱས་ཏེ། ལས་འགན་གྱི་ལས་བགོས་སྔར་ལས་ཞིབ་ཕྲ་དང་དོན་དངོས་སུ་བསྒྱུར་བ་དང་། རྣམ་གྲངས་ཀྱི་ལག་བསྟར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། ཕྱོགས་སོ་སོའི་འགན་འཁྲི་དངོས་གནས་ནན་དཀྲི་བྱེད་པ། ལས་འགན་ཕྱོགས་ཡོངས་ལ་ཁྱབ་པ་དང་འགན་འཁྲིས་མ་ཁྱབ་ས་མེད་པ། སྒྲུབ་སྐུལ་ལ་སྐུལ་འདེད་གཏོང་ཐུབ་པ། འབྲས་བུ་བརྟག་བཤེར་ལ་ཁག་ཐེག་བཅས་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་ལས་རྒྱལ་ཡོངས་ཚན་རྩལ་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་མོ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ནུས་པ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་བྱ་བ་དེ་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་ནང་འདྲེས་པར་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད། མཐོ་སྒང་གི་གསོ་རིག་སོགས་ཐད་ཀྱི་རྨང་གཞི་བརྟན་པོ་དང་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཐོན་ལས་ཀྱི“གནས་བཞི།”ལྗང་མདོག་རྩིས་ནུས། འོད་ཚའི་ནུས་གསོག སྔོན་ཐོན་རྒྱུ་ཆ། མཐོ་སྒང་གི་འདེབས་འཛུགས་ལས་རིགས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་འབྲས་བུ་ཚུལ་སྒྱུར་བེད་སྤྱོད་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་བེད་སྤྱོད་ཡག་པོ་བཅས་བྱས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ཚན་རྩལ་ཁྱབ་ཁོངས་ཀྱི་དངོས་སྒྲུབ་གྲུབ་འབྲས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཚན་རྩལ་གྱི་སྟོབས་ཤུགས་སྔར་ལས་མང་པོ་འབུལ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚན་རྩལ་ཨུ་ཡོན་ལྷན་ཁང་གི2026ལོའི་བྱ་བའི་གཙོ་གནད》དང《ཞིང་ཆེན་རིམ་པའི་ཚན་རྩལ་འཆར་འགོད་དོ་དམ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར།》《མཚོ་སྔོན་ཞིང་ཆེན་ཚན་རྩལ་གསར་གཏོད་སྟེགས་བུའི་རྟེན་གཞིའི་ཧྲིལ་བསྡུས་ལེགས་བསྒྱུར་བྱེད་པའི་ལག་བསྟར་ཇུས་གཞི》སོགས་ལ་གྲོས་ཞིབ་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྡེ་ཁག་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བ། མངའ་ཁོངས་ལས་བརྒལ་བ་བཅས་ཀྱི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྣམ་གྲངས་དང་སྟེགས་བུ། ཤེས་ལྡན་མི་སྣ་སོགས་གསར་གཏོད་རྒྱུ་རྐྱེན་གཙོ་བོ་སྔར་ལས་ཧྲིལ་བསྡུས་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་འཆར་འགོད་བཟོ་བ་དང་། ཚན་རྩལ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། སྟེགས་བུ་གལ་ཆེན་གསོ་སྐྱོང་བྱེད་པ། གྲུབ་འབྲས་ཚུལ་སྒྱུར་བྱེད་པ་སོགས་ཀྱི་གཙོ་གནད་བྱ་བར་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་ནས། ཚན་རྩལ་ཁྱབ་ཁོངས་ཀྱི་བཅོས་སྒྱུར་འགག་སྒྲོལ་ལ་འཕེལ་རྒྱས་གསར་པ་འབྱུང་བར་བརྩོན་ལེན་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས《2026ལོའི་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་བཀོད་སྒྲིག་ཇུས་གཞི》ལ་གྲོས་ཞིབ་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་དགོས་པ་དང་། ཞིང་ཆེན་ཏང་ཨུའི་ལྟེ་གནས་བྱ་བར་དམ་པོར་དམིགས་ཏེ། སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། དེང་རབས་ཅན་གྱི་ལྗང་མདོག་ཚུལ་སྒྱུར་མ་ལག་བསྐྲུན་པ། ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་སོགས་ལས་འགན་གལ་ཆེན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འགན་འཁྲི་ཆེན་པོར་དམིགས་ཏེ། འཕེལ་རྒྱས་ཀྱི་དཀའ་གནད་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་རྒྱུ་དེ་འགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ནས། སློབ་སྦྱོང་གི་ཕན་འབྲས་དངོས་དེ་བྱ་བར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་སུ་བསྒྱུར་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།