སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། པེ་ཅིང་དང་ཅི་ལིན། ཡུན་ནན། ཧི་པེ་སོགས་ས་གནས་ཀྱིས་རྩ་འཛུགས་དང་ཇུས་འགོད་ནན་ཏན་བྱས་པ་དང་། ཞིབ་ཚགས་སྒོས་བཀོད་སྒྲིག་བྱས་ཏེ། སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱས།
པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཏང་གི་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས། ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཆུང་དང་འགོ་ཁྲིད་ལས་བྱེད་པ། ལྷག་པར་དུ“འགོ་ཁྲིད་དང་པོ”གཙོ་གནད་དུ་བཟུང་སྟེ། སློབ་སྦྱོང་གཏིང་ཟབ་དང་ཞིབ་བཤེར་ངོ་མ། དངོས་སུ་དག་ཐེར་བྱེད་པ་བཅས་ཀྱི་ཐད་ལ་ཤུགས་བསྣན། སྲིད་འབྲས་ལྟ་བའི་ནོར་འཛོལ་སྔོན་འགོག་དང་ཡོ་བསྲང་ནུས་ལྡན་བྱེད་པའི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྲིད་འབྲས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་བཏང་། ཞུ་གཏུག་དང་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ཇེ་ལེགས་སུ་བཏང་ནས་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་། ཐོབ་སྣང་བཅས་ཇེ་མཐོར་བཏང་།
པེ་ཅིང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཏེང་ཧུའེ་ཡུང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། “གཏན་ཕབ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་བསྒྲུབས། སློབ་བཤེར་བསྒྱུར་གསུམ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་གོ་སྐབས་བེད་སྤྱོད་ལེགས་པོ་བྱས་ཏེ། བསམ་བློའི་གནད་དོན་ཐག་གཅོད་དང་གནད་དོན་དངོས་ཐག་གཅོད་བྱེད་པ་གཉིས་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་སྒོས་མང་ཚོགས་ལ་དོན་བཟང་དང་དོན་དངོས་བསྒྲུབ་སྟེ། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་རྒྱལ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར།
ཅི་ལིན་གྱིས་ཕྱོགས་གཅིག་ནས་སློབ་སྦྱོང་དང་ཕྱོགས་གཞན་ཞིག་ནས་གནད་དོན་འཚོལ་འདོན་བྱས་ཏེ། རང་བཤེར་དང་རིམ་པ་རེ་རེ་བཞིན་ཞིབ་བཤེར་ནན་མོ་བྱེད་པ། ཆེད་ཚན་གྱིས་ལྟ་ཞིབ་ནན་མོ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཕྱོགས8ཐད་ཀྱི་འབུར་ཐོན་གནད་དོན་གཅིག་བསྡུས་སྒོས་དག་ཐེར་བྱས་པ་དང་། དུས་མཚུངས་སུ། ལས་བྱེད་པས་འགན་འཁུར་ཏེ་བྱས་རྗེས་འཇོག་པའི་ལམ་སྲོལ་སྔར་ལས་དོན་འཁྱོལ་བྱས། ལས་ཞུགས་དང་སློབ་གསོ། སྨན་བཅོས། སྡོད་ཁང་། རྒན་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཁག་ཅིག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་ཚོར་ཐུབ་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱས།
ཅི་ལིན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་མ་ཕན་ཧྥེང་གིས་བཤད་རྒྱུར། ང་ཚོས་སློབ་སྦྱོང་སློབ་གསོ་སྤེལ་བར་བརྟེན་ནས་ལོ་ཧྲིལ་པོའི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་བ་སོ་སོར་སྤྱི་འདོམས་བྱས་ཏེ། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལག་བསྟར་སྟེང་མཚོན་དུ་བཅུག་པ་མ་ཟད། འཕེལ་རྒྱས་ཀྱི་ཕན་འབྲས་དང་བཅོས་བསྒྱུར་སྒོ་འབྱེད། དམངས་འཚོ་ལེགས་བཅོས་བཅས་ཀྱི་སྟེང་མཚོན་དུ་བཅུག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས།
ཡུན་ནན་གྱིས་སློབ་སྦྱོང་སློབ་གསོ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་ལྟེ་བའི་བྱ་བར་སྐུལ་འདེད་གཏོང་བ། ཕྱི་ཚུལ་རིང་ལུགས་དག་ཐེར་བཅོས་སྐྱོང་བཅས་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་གཉིས་ཟུང་འབྲེལ་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས16གི་གསལ་ཐོ་བཀོད་དེ། ཏང་ཡོན་ལས་བྱེད་པར་ཞིབ་བསྡུར་ཞིབ་བཤེར་གསལ་སྟོན་བྱ་རྒྱུའི་བླང་བྱ་བཏོན་པ་མ་ཟད། “མིག་སྔར་བཅོས་བསྒྱུར”དང“ཡུན་རིང་ལ་རྒྱུན་སྐྱོང་བ།”“སྒོ་འབྱེད་སློབ་གསོ”དང“དོན་བཟང་དངོས་སྒྲུབ་པ”བཅས་ཟུང་འབྲེལ་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྲིད་འབྲས་ལྟ་བ་ཡོ་བསྲང་བྱེད་པར་སྐུལ་ཁྲིད་བྱས།
ཡུན་ནན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཡུན་སུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་སློབ་གསོའི་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ཀྱི་ཆེད་དུ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པ། དམ་པ་དོན་གཉེར་”བཅས་ཀྱི་སྤྱིའི་བླང་བྱར་གོ་བ་གཏིང་ཟབ་བླངས་ཏེ། གནད་དོན་ལ་མི་གཡོལ་བར་རྩད་གཅོད་དང་དངོས་སུ་བཅོས་བསྒྱུར་བྱེད་པ་རྒྱུན་འཁྱོངས་སྒོས་མང་ཚོགས་ལ་དོན་དངོས་མང་པོ་བསྒྲུབ་སྟེ། མང་ཚོགས་ལ་དངོས་སུ་ཚོར་དུ་བཅུག
ཧི་པེ་ཞིང་ཆེན་གྱིས་ཕྱོགས་དྲུག་གི་ཐད་ལ་ཞིབ་ཕྲའི་དོན་འཁྱོལ་བྱེད་ཐབས་ཁག་བཅུ་དྲུག་བཟོས་པ་མ་ཟད། བྱ་བའི་ཆེད་དོན་འཛིན་གྲྭ་བཙུགས་ནས་སློབ་སྦྱོང་སློབ་གསོར་གཅིག་གྱུར་སྒོས་སྐུལ་འདེད་བཏང་། སྒྲིག་བཤེར་ལྟ་ཞིབ་དང་སྐོར་ཞིབ་བྱེད་པ། རྩིས་བཤེར་ལྟ་སྐུལ་སོགས་ཐབས་ལམ་བེད་སྤྱོད་གང་ལེགས་སྒོས་རང་བཤེར་རང་བཅོས་གཏིང་ཟབ་དང་ཞིབ་ལྟ་ཞིབ་བསྡུར་བྱས་ཏེ། གནད་དུ་ཁེལ་བའི་སྒོ་ནས་གནད་དོན་དངོས་བཙལ་ནས། འབུར་ཐོན་གནད་དོན་གཅིག་བསྡུས་སྒོས་དག་ཐེར་བྱས་ཏེ། དག་ཐེར་དོན་འཁྱོལ་མུ་མཐུད་དུ་སྐུལ་འདེད་བཏང་།
ཧོ་པེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་རྩ་འཛུགས་ཁྲུའུ་དང་པོའི་ཁྲུའུ་ཀྲང་ལི་ལིན་ཡོན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱིས་ཏང་ཡོན་ལས་བྱེད་པའི་བྱ་བའི་སྒྲུབ་སྟངས་དང་ལས་སྒྲུབ་ལས་སྐྲུན་བྱེད་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ང་ཚོས་སློབ་བཤེར་བསྒྱུར་གསུམ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཡོད། སྲིད་འབྲས་ལྟ་བའི་ནོར་འཛོལ་སྔོན་འགོག་དང་ཡོ་བསྲང་ནུས་ལྡན་བྱེད་པའི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར།