ཟླ3པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་བསྒྲགས་པ་ལྟར་ན། 2025ལོར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གཉིས་ཀྱིས་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ནས་ལོ་ཧྲིལ་བོའི་ནང་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་དུ་མ་དངུལ་སྒོར་ཐེར་ཆེན་གཅིག་དང་དུང་ཕྱུར་ལྔ་ལྷག་བཏང་བ་དང་། དེའི་ནང་ལྗང་མདོག་ཁྱབ་ཁོངས་ཀྱི་ཆུ་གྲོན་ཆུང་བྱེད་པའི་ཆུ་འདྲེན་ལག་རྩལ་ཐད་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་དགུ་ལྷག་བཏང་བ་དེས་སྤྱིའི་མ་དངུལ་གྱི་བརྒྱ་ཆའི་རེ་དྲུག་ཟིན།
དག་གཙང་ནུས་ཁུངས་དངུལ་བུན་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་བཞི་ལྷག་བཏང་ནས་ཆུ་གློག་ས་ཚིགས་དང་ཆུ་འདྲེན་ནུས་གསོག་སོགས་ལས་གཞི་གལ་ཆེན་སྲུང་སྐྱོབ་ཐད་བཀོལ་ནས་ལྗང་གློག་མཐོ་སྒང་དུ་གཏོང་ཐུབ་པར་བྱས། རྒྱལ་ཁབ་ཀྱི་དངུལ་ལོར་སྲིད་ཇུས་དང་ནུས་ཡོད་སྦྲེལ་མཐུད་བྱས་ནས་ཞིང་ཆེན་ནང་ཁུལ་གྱི་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་བྱེད་ཐབས་གསར་པ་སྔོན་ལ་དོན་འཁྱོལ་བྱས་པ་དང་། ལོ་ཧྲིལ་བོར་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་དུ་མ་དངུལ་སྒོར་ཐེར་འབུམ་གཅིག་ལྷག་བཏང་ནས་ཐབས་ཇུས་གལ་ཆེན་ལ་སྒུལ་ནུས་ཆེན་པོ་བསྩལ། འགྲིམ་འགྲུལ་དང་ཆུ་བེད། མཁར་གྲོང་ཅན་གསར་པ་སོགས་ཁྱབ་ཁོངས་སུ་དངུལ་བུན་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་ལྷག་བཏང་ནས་ཞིང་ཆེན་ཡོངས་ཀྱི་དངུལ་བསྡུའི་གཞུང་ལམ་ཆེ་འབྲིང་ཞིག་གསོ་ལས་གཞིའི་དངུལ་བུན་ཐོག་མ་དང་རྨང་གཞིའི་སྒྲིག་ཆས་རྒྱུན་མཐུད་འབྲེལ་མཐུད་ཀྱི་དངུལ་བུན་ཐོག་མ་གསར་གཏོད་དོན་འཁྱོལ་བྱས་ནས་དངུལ་རྩ་ལ་བརྟེན་ནས་སྤུས་ལེགས་བཟོ་སྐྲུན་འཕེལ་རྒྱས་བཏང་། སྟོབས་ཤུགས་ཡོད་རྒུས་བཟོ་སྐྲུན་ཆེན་པོ་གསུམ་འཛུགས་སྐྲུན་བྱས་ནས་ཁྲིན་ཀྲུང་སྡེ་བ་སྒྱུར་བཀོད་དང་། རྒྱུན་ལྡན་གྱི་དུས་སྐབས་དང་བྲེལ་མྱུར་གྱི་དུས་སྐབས་གཉིས་སུ་སྤྱོད་པའི་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་དངུལ་བུན་ཕྱོགས་ནས་ཐོལ་བརྒལ་གསར་པ་མངོན་འགྱུར་བྱུང་། དངུལ་བུན་སྒོར་དུང་ཕྱུར་གཉིས་བཏང་ནས་ཉི་འོད་ནུས་པའི་གློག་ཤུགས་སྒྲིག་ཆས་སྒྲིག་བཟོ་ཐད་རྒྱབ་སྐྱོར་བྱས་པ་དང་། དངུལ་རྩའི་བྱེད་ནུས་ལ་བརྟེན་ནས་དག་གཙང་ནུས་ཁུངས་ཐོན་ལས་མུ་ཕྲེང་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱས།
2026ལོར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གཉིས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོགས་ཐེངས་བཅུ་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་ཁྱབ་ཁོངས་གཙོ་བོའི་བདེ་འཇགས་ནུས་པའི་འཛུགས་སྐྲུན་དང་། སྐོར་གསར་པའི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་ཀྱི་རྙིང་ཚབ་གསར་བརྗེ་བཅས་ལ་དམ་པོར་དམིགས་པ། ཚན་རྩལ་དངུལ་རྩ་དང་ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གཞི་གྲངས་དངུལ་རྩ་བཅས་ལག་བསྟར་ནན་མོ་བྱེད་པ། སྔར་ལས་དྲག་པོའི་ནུས་པ་དང་སྔར་ལས་དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་དག་གཙང་ནུས་ཁུངས་དང་འགྲིམ་འགྲུལ་དངོས་རྒྱུག ཆུ་བེད་སྒྲིག་ཆས། ལྗང་མདོག་རྩིས་ཤུགས། གྲོང་ཁྱེར་གསར་སྒྱུར་སོགས་གནད་འགག་ཁྱབ་ཁོངས་སུ་ཤུགས་བཏོན་ནས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་དངུལ་རྩའི་བྱེད་ནུས་འདོན་སྤེལ་བྱེད་རྒྱུ་རེད།