རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས2026ལོའི་ཟླ3པའི་ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི《སྲིད་གཞུང་བྱ་བའི་སྙན་ཞུའི》དེབ་རྐྱང་པ་དང་བརྙན་རིས་ཀྱི་ཡིག་རིས་པར་གཞི་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། དེབ་དེའི་གློག་རྡུལ་དཔེ་དེབ་དང་སྒྲ་ལྡན་དཔེ་དེབ་སོགས་མཉམ་འདྲེས་སྨྱན་སྦྱོར་གྱི་པར་སྐྲུན་ཐོན་རྫས་ཀྱང་དྲ་རྒྱའི་ལས་སྟེགས་མང་པོ་ནས་འགྲེམ་སྤེལ་བྱས།
རྒྱ་ཆེའི་ཀློག་པ་པོས《སྲིད་གཞུང་བྱ་བའི་སྙན་ཞུའི》དགོངས་དོན་སློབ་སྦྱོང་དང་ཁོང་དུ་ཆུད་པར་སྟབས་བདེ་བསྐྲུན་ཆེད། མི་དམངས་དཔེ་སྐྲུན་ཁང་དང་ཀྲུང་གོ་ཡན་ཧྲི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི〈སྲིད་གཞུང་བྱ་བའི་སྙན་ཞུའི〉ཟུར་ཁྲིད་ཀློག་དེབ》《རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི〈སྲིད་གཞུང་བྱ་བའི་སྙན་ཞུའི〉སློབ་སྦྱོང་གི་དྲི་བ་དྲིས་ལན》བཅས་དུས་མཉམ་དུ་པར་སྐྲུན་འགྲེམ་སྤེལ་བྱས།