མེས་རྒྱལ་གྱི་ས་གཞི་ཆེན་མོར་སྐྱེ་སྟོབས་ཀྱི་དཔལ་འབར།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་རྒྱུ་ནི་རྒྱལ་ཁོངས་ལྗང་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཡིན་པ་ནན་གྱིས་བསྟན། ལོ་ལྔའི་འཆར་འགོར་བཅོ་ལྔ་པ་འགོ་རྩོམ་པའི་ལོར། ས་གནས་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ཏུ་བསྟར་བ་དང་།སྡོང་འཛུགས་ནགས་སྐྲུན་བྱ་བ་ཧུར་ཐག་གིས་སྤེལ་ནས། མེས་རྒྱལ་གྱི་ས་གཞི་ཆེན་མོར་སྔར་ལས་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག

སྔོ་ལྗང་གི་རི་ཆུ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བར་རེ་སྒུག་བྱེད། རྒྱལ་ཡོངས་ལྷོ་ནས་བྱང་དུ་རིམ་བཞིན་སྡོང་འཛུགས་ནགས་སྐྲུན་གྱི་དུས་ཚིགས་སུ་སླེབས་ཡོད། ས་སེར་མཐོ་སྒང་དུ་གནས་པའི་ས་རྒྱུ་ཆ་རྐྱེན་ཞན་པའི་ཀན་སུའུ་ཆིན་དབྱང་དུ། མི་མེད་གནམ་གྲུ་མང་པོས་གསོམ་སྡོང་གི་སྡོང་ཕྲུག་གཟར་ངོས་སུ་སྐྱེལ་འདྲེན་བྱེད་ཀྱིན་ཡོད་པ་དང་།  སྡེ་མི་རྣམས་འདེབས་འཛུགས་བྱེད་པའི་ལས་ལ་བྲེལ། ད་ལོར་ས་གནས་ཀྱིས་མུའུ་ས་ཡ་དྲུག་སུམ་འབུམ་ཉིས་ཁྲི་སྟེང་སྡོང་བོ་དང་རྩྭ་འདེབས་འཛུགས་བྱས་ཏེ། བྱེ་རླུང་འགོག་པའི་སྐྱེ་ཁམས་ལྕགས་རི་ཇེ་བརྟན་དུ་བཏང་།  འབྲི་ཆུའི་སྨད་རྒྱུད་དུ་གནས་པའི་ཀྲེ་ཅང་ཨན་ཅི་རུ། ནགས་ལས་སྡེ་ཁག་གིས་ཇ་འདེབས་ཞིང་པ་སྒྲིག་འཛུགས་བྱས་ནས་གསོམ་སྡོང་དང་། མེ་ཏོག་ཡིང་ཧྭ་བཙུགས་པ་དང་།  ད་ལོར་ས་གནས་ཀྱིས་སྡོང་ཕྲུག་འབུམ་དགུ་ལྷག་གསབ་འཛུགས་བྱས་ཏེ། ཤིང་རིགས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། སྐྱེ་ཁམས་མ་ལག་གི་ཐཱན་འདུས་འཕར་གྲངས་ཇེ་མཐོར་བཏང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོར། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་སྔར་ལས་ཚན་རིག་དང་མཐུན་པ་མ་ཟད། སྤུས་ཚད་དང་ལས་ཕྱོད་མཐོ་རུ་ཕྱིན་ཡོད། ནགས་ཚལ་དང་རྩྭ་ཐང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ནུས་པ་ཐོན་དུ་བཅུག་སྟེ། ནགས་ཚལ་དང་རྩྭ་ཐང་དར་བར་བརྟེན་ནས་སྐྱེ་ཁམས་དར་དུ་བཅུག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་ནགས་ཚལ་དཀོན་པ་དང་ལྗང་མདོག་ཉུང་བའི་གནད་དོན་སྔར་བཞིན་མངོན་གསལ་ཡིན་པས། ནགས་ཚལ“ནོར་མཛོད”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་མེད་པ་བསྟན། ལྗང་བསྒྱུར་མང་དུ་བཏང་བ་ནི་དགེ་མཚན་མང་པོ་བསྐྲུན་པ་དང་གཅིག་ཡིན་ལ།  སྡོང་འཛུགས་ནགས་སྐྲུན་བྱས་པ་ནི་མ་འོངས་པ་བསྐྲུན་པ་དང་གཅིག་ཡིན།  མི་རབས་ནས་མི་རབས་བར་འདེབས་ཐེངས་རེ་རེ་རྒྱུན་མ་ཆད་པར༼ལྗང་མདོག་གི་ཁྱིམ་གཞིས༽བསྐྲུན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཉམས་ལེན་འབད་སྒྲུབ་དང་སྣེ་ཁྲིད་དཔེ་སྟོན་བྱས་ནས་བསྟུད་མར་ལོ་བཅུ་གསུམ་ལ་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས། རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་སྒོས་སྐུལ་འདེད་བཏང་སྟེ།  ནགས་རྩྭའི་ཐོན་ཁུངས་ཀྱི་སྤྱི་འབོར་དང་སྤུས་ཚད་མཐོ་རུ་བཏང་ནས། སྐྱེ་ཁམས་མ་ལག་གི་ཐཱན་འདུས་ནུས་པ་སྲ་བརྟན་དང་ཇེ་དྲག་ཏུ་བཏང་། ལྗང་རྒྱས་ལྗང་དར་ལྗང་སྲུང་བཅས་༼ལྗང་གསུམ༽མཉམ་སྤེལ་རྒྱུན་འཁྱོངས་བྱས་ཏེ། ནགས་ཚལ་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས“མཛོད་བཞི”ཡི་མཉམ་འགུལ་ལ་སྐུལ་འདེད་གཏོང་བའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁོངས་ལྗང་བསྒྱུར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་གནང་། མཇུག་སྒྲིལ་མ་ཐག་བའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》གིས་ཁྲིམས་སྐྱོང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུར་སྲུང་སྐྱོབ་བྱས།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་སློབ་དཔྱོད་པུའུ་ཡི་དགེ་རྒན་ཆེན་མོ་ཝང་ཞའོ་ལི་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་རྒྱལ་ཁོངས་ལྗང་བསྒྱུར་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་གནང་སྟེ། “ལྗང་མདོག་གསུམ”མཉམ་སྤེལ་དང“མཛོད་བཞི”མཉམ་འགུལ་སྒོས་དུས་རབས་གསར་པའི་རྒྱལ་ཁོངས་ལྗང་བསྒྱུར་ལ་ཁ་ཕྱོགས་གསལ་སྟོན་གནང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ཁྲིད་སྟོན་འོག“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”སྐབས་སུ། རང་རྒྱལ་གྱིས་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་དང་། སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་ཏེ། མུའུ་དུང་ཕྱུར་ལྔ་བྱེ་བ་བཞི་ས་ཡ་དགུའི་སྟེང་སྡོང་འཛུགས་ནགས་སྐྲུན་བྱས་པས། རྒྱལ་ཁོངས་ལྗང་བསྒྱུར་ཐད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།

གཞན་གཟུགས། 

ད་ལྟ། རང་རྒྱལ་གྱི་མིས་བཟོས་ནགས་སྐྲུན་གྱི་རྒྱ་ཁྱོན་མུའུ་ཐེར་འབུམ་གཅིག་དུང་ཕྱུར་གསུམ་བྱེ་བ་བརྒྱད་ས་ཡ་དྲུག་ཏུ་སླེབས་ཡོད་པས། འཛམ་གླིང་གི་ཨང་དང་པོར་གནས་ཡོད། ནགས་ཚལ་ཁེབས་ཚད་བརྒྱ་ཆའི་25ལས་བརྒལ་ཡོད་པ་དང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔང་གྲུ་བཞི་མ་ཐེར་ཆེན་གཉིས་དུང་ཕྱུར་དགུ་བྱེ་བ་བརྒྱད་ས་ཡ་བརྒྱད་དུ་སླེབས་ཡོད།  ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་ཚད་བསྟུད་མར་ལོ་མང་པོར“གཉིས་འཕར་”གྱི་རྣམ་པ་མངོན་ཡོད། ཧ་ལམ་25%ཡི་གོ་ལ་ཧྲིལ་པོའི་གསར་འཕར་ལྗང་བསྒྱུར་རྒྱ་ཁྱོན་ཆེ་རུ་བསྐྱེད་པས། འཛམ་གླིང་ཡོངས་སུ་ལྗང་བསྒྱུར་ཆེས་མགྱོགས་པའི་རྒྱལ་ཁབ་ཏུ་གྱུར་ཡོད། ད་ལྟ། རང་རྒྱལ་གྱི་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་ནུས་པ་མུ་མཐུད་དུ་ཆེ་རུ་ཕྱིན་ཡོད། 2025ལོར་ནགས་ཚལ་དང་ཟས་རིགས་ཐོན་ཚད་ཏུན་དུང་ཕྱུར་གཉིས་བྱེ་བ་བཞི་ལས་བརྒལ་ཡོད་པ་དང་། སྐྱེ་ཁམས་ཡུལ་སྐོར་ལོར་མི་ཐེངས་འབུམ་གསུམ་ལས་བརྒལ་བ་སྣེ་ལེན་བྱས་ཤིང་། ནགས་རྩྭའི་ཐོན་ལས་ཀྱི་སྤྱིའི་ཐོན་ཐང་སྒོར་རབ་བཀྲམ་གཅིག་ཁྲག་ཆེན་གཅིག་ཉེ་བ་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”འཆར་འགོད་རྩ་གནད་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་འགུལ་སྐྱོད་སྤེལ་བ་མ་ཟད།  “བྱང་གསུམ་”བཟོ་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ལེགས་པོ་རྒྱག་པར་བཀོད་སྒྲིག་གསལ་བོ་བྱས། 2030ལོར་སླེབས་སྐབས། རང་རྒྱལ་གྱི་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་གཉིས་ཐེར་འབུམ་གཉིས་དུང་ཕྱུར་བཞི་རུ་སླེབས་ཡོད། “བྱང་གསུམ”བཟོ་སྐྲུན་ཁུལ་གྱི་ནགས་རྩྭ་ཁེབས་ཚད་40.9%རུ་སླེབས་ཡོད་པ་དང་། བཅོས་སྐྱོང་ཐུབ་པའི་བྱེ་འགྱུར་ས་ཞིང་བཅོས་སྐྱོང་བྱེད་ཚད་67%དུ་སླེབས་ཡོད། བྱེ་འགྱུར་ས་ཞིང་ཕྱོགས་བསྡུས་སྔོ་ཁེབས་ཚད་22%སུ་སླེབས་ཡོད། དམིགས་འབེན་གཏན་འཁེལ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོར། གནད་ཁེལ་ནུས་ལྡན་གྱི་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱེད་བཞིན་ཡོད། “བྱང་གསུམ”བཟོ་སྐྲུན་རང་རྒྱལ་གྱི་སྐམ་ཁོངས་རྒྱ་ཁྱོན་ཕྱེད་ཀ་ཙམ་ལ་ཁེབས་ཡོད། ད་ལོའི་ཚུན་ལ། “བྱང་གསུམ”འགག་སྒྲོལ་གྱི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་རྣམ་གྲངས་ས་ཁུལ་ཆེན་མོ་གསུམ་དུ། ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྐྱོང་ཡན་ལག་ས་ཁུལ་136གཏན་འཁེལ་བྱས་ཏེ། ཁུལ་དང་བསྟུན་ནས་ཇུས་བསྟར་དང་གནད་ཁེལ་སྒོས་སྐུལ་འདེད་བཏང་སྟེ། བྱང་རྒྱུད་ཀྱི་ལྗང་མདོག་ལྕགས་རི་ཇེ་བརྟན་དུ་བཏང་། ནང་སོག་ཨུ་ཨར་ཏའོ་སི་གྲོང་ཁྱེར་དུ། མའོ་ཝུའུ་སུའུ་བྱེ་ཐང་གཙང་སེལ་དམག་འཐབ་དེ་མཇུག་བསྡུ་བའི་དུས་རིམ་དུ་སླེབས་ཡོད། ད་ལོར་ས་གནས་ཀྱིས“བར་སྣང་དང་མཁའ་དབྱིངས། ས་ངོས”བཅས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་ལག་རྩལ་ཐོག་མར་སྤྱད་དེ། གནད་དུ་འཁེལ་བའི་སྒོ་ནས་བྱེ་སྒང་གི་མཐོ་ཚད་དང་གཟར་ཚད། རྒྱ་ཁྱོན་སོགས་ཀྱི་གཞི་གྲངས་ལྟ་ཞིབ་ཚད་ལེན་བྱས། དུས་མཚུངས་སུ་བྱང་སྐར་ཕྱོགས་སྟོན་མ་ལག་སྒྲིག་འཇུག་བྱས་པའི་ཡུར་བུ་འདེབས་འཛུགས་འཕྲུལ་འཁོར་ལ་བརྟེན་ནས་ལས་སྒྲུབ་བྱས་ཏེ། མི་མེད་གནམ་གྲུས་བྱེ་འགོག་སྐྱེལ་འདྲེན་བྱས་པ་མ་ཟད། བྱེ་བཅོས་ལས་ཕྱོད་དང་སྤུས་ཚད་མཐོ་རུ་བཏང་།

བཅར་ལན། ནང་སོག་ཨུ་ཨར་ཏའོ་སི་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་། སུང་ཅུན་ཧྥུང་གིས་བཤད་རྒྱུར།

2026ལོར། ང་ཚོས毛乌素མའོ་ཝུའུ་སུའུ་བྱེ་ས་བྱེ་ལམ་བདུན་དང་ཆུ་ལམ་དྲུག་བཅོས་སྐྱོང་དང་། ནང་སོག་ཧྲའན་ཞི་ཉིང་ཞིའི་ས་མཚམས་ཀྱི་མཉམ་འགོག་མཉམ་བཅོས། ཧྥེང་ཁོའུ་གོང་མའི་བར་ཆོད་ས་ཁུལ་དང་། ཧྥེང་ཁོའུ་ཞོལ་མའི་བྱེ་འགོག་ས་ཁུལ་བཅས“བཟོ་སྐྲུན་ཆེན་པོ་བཞི”ལག་བསྟར་བྱས་ཏེ། ལོ་མཇུག་ཏུ་མའོ་ཝུའུ་སུའུ་བྱེ་ས་བཅོས་སྐྱོང་བྱེད་ཚད90%ལས་བརྒལ་ཡོད། 2027ལོའི་ལོ་མཇུག་ཏུ་སླེབས་སྐབས་མའོ་ཝུའུ་སུའུ་བྱེ་སའི་བྱེ་ས་གཞི་རྩའི་ཆ་ནས་མེད་པར་གཏོང་རྒྱུ་རེད།

གཞན་གཟུགས།

ད་ལོར། རང་རྒྱལ་གྱིས་རྒྱལ་ཁོངས་ལྗང་བསྒྱུར་གྱི་ལས་འགན་མུའུ་དུང་ཕྱུར་གཅིག་ལེགས་འགྲུབ་བྱ་རྩིས་ཡོད། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་ཉམས་གསོའི་བཟོ་སྐྲུན་གལ་ཆེན་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། རྒྱལ་ཁོངས་ལྗང་སྒྱུར་དཔེ་སྟོན་ལས་གཞི་སྐོར་ཞིག་རྩ་འཛུགས་དང་ལག་བསྟར་བྱེད་པ་དང་། རང་ས་ཆའི་རྩ་ཆེའི་ཤིང་རིགས་གསོ་སྐྱོང་དང་ཁྱབ་གདལ་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། ཐན་འདུས་ནུས་པ་ཆེ་རུ་གཏོང་རྒྱུ་རེད། ད་ལོར། རང་རྒྱལ་གྱིས་རྒྱལ་ཁོངས་ལྗང་སྒྱུར་གྱི་ཚན་རྩལ་འདེགས་སྐྱོར་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་བཏང་སྟེ། ནགས་རྩྭའི་ཚན་རྩལ་གྲུབ་འབྲས་ཆེན་པོ་བཅུ་གཙོ་གནད་དུ་ཁྱབ་སྤེལ་དང་བེད་སྤྱོད་བྱ་རྒྱུ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྒྱལ་ཁོངས་ལྗང་བསྒྱུར་གྱི་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་དང“མིང་ཐོ་ཡོངས་བསྒྲགས”ཚན་རྩལ་འགག་སྒྲོལ་རྣམ་གྲངས་ལག་བསྟར་བྱེད་འགོ་བརྩམས་ནས། སྐྱེ་ཁམས་འཛུགས་སྐྲུན་ཞིབ་ཚགས་ཅན་དང་རིག་ནུས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།

བཅར་ལན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་སྐྱེ་ཁམས་སྲུང་སྐྱོབ་ཞིག་གསོ་སི་ཡི་སི་ཀྲང་། ཀྲང་ལི་མིང་གིས་བཤད་རྒྱུར།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་དང་། རྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་། བེད་སྤྱོད་ལུགས་མཐུན་བཅས་བྱ་རྒྱུར་དམ་པོར་དམིགས་ཏེ། རྒྱལ་ཁོངས་ལྗང་སྒྱུར་གྱི་བར་སྟོང་བཀོད་པ་ཁྱོན་ཡོངས་ནས་ལེགས་སྒྱུར་བྱས་པ་དང་། ནགས་ཚལ་གྱི་སྤུས་ཚད་གནད་འཁེལ་མཐོར་གཏོང་གི་བཟོ་སྐྲུན་འབད་པས་ལག་བསྟར་བྱས་ནས“བྱང་གསུམ”བཟོ་སྐྲུན་གྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་པ་དང་། ཚན་རྩལ་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རང་རྒྱལ་གྱི་རྒྱལ་ཁོངས་ལྗང་སྒྱུར་གྱི་སྤུས་ཚད་སྔར་ལས་ལྷག་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རབ་མཛེས་ཀྲུང་གོའི་སྐྱེ་ཁམས་ཀྱི་རྨང་གཞི་བསྟུད་མར་ཇེ་བརྟན་དུ་བཏང་།

ས་རྒོད་སྔོ་ཡིས་ཁེབས། བྱེ་ཐང་སྤང་ལྗོངས་སུ་གྱུར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་སྟོན་འོག ཀྲུང་གོའི་མི་དམངས་ཀྱིས་ཚང་མར་དབང་བའི་སྔོ་ལྗང་རི་ཀླུང་དང་གསེར་རི་དངུལ་རི་འཛུགས་སྐྲུན་བྱས་ཏེ། རབ་མཛེས་ཀྲུང་གོའི་གསར་སྒྱུར་གྱི་རི་མོ་འབྲི།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།