ཞིང་ཆེན་གནོད་འགོག་ཉུང་གཏོང་རྒུད་སྐྱོབ་གཞུང་སྒྲུབ་ཁང་དང་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གནམ་གཤིས་ངན་པར་ཁ་གཏད་འཇལ་བའི་ལས་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས12ཉིན། གསར་འགོད་པས་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་གནོད་འགོག་ཉུང་གཏོང་རྒུད་སྐྱོབ་གཞུང་སྒྲུབ་ཁང་དང་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱི་གློ་བུར་དུ་བྱུང་བའི་གྲང་ངར་དང་ཁངས་ཆར་འདྲེས་མའི་གནམ་གཤིས་སྔོན་འགོག་དང་དེར་ཁ་གཏད་འཇལ་བའི་ཆེད་དོན་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་ཟབ་སྤེལ་བྱས་ཏེ། ཟླ3པའི་ཚེས12ཉིན་ནས་ཚེས14ཉིན་བར་དུ། གློ་བུར་དུ་བྱུང་བའི་གྲང་ངར་དང་དཔྱིད་དུས་ཀྱི་ཁངས་ཆར་འདྲེས་མ་དང་འབྲེལ་བའི་ཉེན་ཁར་གནད་ལ་འཁེལ་བའི་སྒོ་ནས་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། གནོད་འགོག་གནོད་སེལ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཆེད་དོན་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། གྲང་ངར་ཆེ་བའི་གཤམ་གཤིས་ཀྱི་གནོད་འཚེ་ཐེབས་པའི་དབང་གིས། ཟླ3པའི་ཚེས12ཉིན་ནས་ཚེས14ཉིན་བར་དུ། མཚོ་སྔོན་གྱི་དྲོད་ཚད་མངོན་གསལ་ཇེ་དམའ་རུ་ཆག་པ་དང་ཁངས་ཆར་འདྲེས་མ་མཉམ་དུ་བབས་པའི་དབང་གིས། དེ་བསྟུན་གྱི་ཞོར་སྐྱོན་མི་ཉུང་བ་ཞིག་གནས་ཡོད། ལམ་ངོས་སུ་དར་ཆགས་སླ་བ་དང་རྨོ་འདེབས་ལས་རིགས་ལ་བར་ཆད་བཟོ་བ། འབྲོག་པའི་སྒོ་ཕྱུགས་ལ་གཟན་རྩྭ་དཀོན་པ་སོགས་ཀྱི་གནད་དོན་བསྟུད་མུར་བྱུང་དང་འབྱུང་བཞིན་ཡོད་པའི་དབང་གིས། ས་གནས་དང་སྡེ་ཁག་སོ་སོས་ངེས་པར་དུ་ལྷོད་གཡེང་གི་བསམ་བློ་དོར་ནས། གཟབ་ནན་གྱི་བསམ་སྦྱོར་ལ་བརྟེན་ནས་བདེ་འཇགས་འགོག་སྲུང་གི་ལྕགས་རི་བརྟན་པོ་བསྐྲུན་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།