སློབ་གྲྭ་མང་པོ་ཞིག་གིས་ཛ་དྲག་བརྡ་ཐོ་བཏང་འདུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
   ཉེ་ལམ། དྲ་རྒྱའི་ཐོག་ཧ་ཅང་གྲགས་ཆེ་བའི་ཁེ་ཡུནAI(开源)རིག་ནུས་མ་ལགOpenClaw(དུས་རྒྱུན་མིང་ལ“龙虾”ཞེས་འབོད།)དེར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དྲ་རྒྱའི་བདེ་འཇགས་འཇིགས་སྐུལ་དང་ཆ་འཕྲིན་འཐུས་ཤོར་མཉམ་སྤྱོད་སྟེགས་བུས་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན།  OpenClawཞེ་མོས་ཐོབ་པའམ་ཡང་ན་བཀོད་སྒྲིག་འོས་འཚམ་མིན་པའི་གནས་ཚུལ་འོག་བདེ་འཇགས་ཀྱི་ཉེན་ཁ་ཆེན་པོ་འདུག་པས།  དྲ་རྒྱའི་རྒོལ་བ་དང་ཆ་འཕྲིན་ཕྱི་ཤོར་ལ་སོགས་པའི་བདེ་འཇགས་ཀྱི་ཉེན་ཁ་ཧ་ཅང་འབྱུང་སླ་བ་རེད།   ཧྭ་ཀྲུང་དགེ་འོས་སློབ་ཆེན་དང་། ཝུའུ་ཧན་ཚན་རྩལ་སློབ་ཆེན།  ཅང་ཧན་སློབ་ཆེན། ཝུའུ་ཧན་འགྲིམ་འགྲུལ་ལས་རིགས་སློབ་གླིང་ལ་སོགས་ཝུའུ་ཧན་གྱི་སློབ་ཆེན་དུ་མས“龙虾”བཀོལ་སྤྱོད་ལ་གཟབ་གཟབ་བྱེད་དགོས་པའི་ཉེན་བརྡ་དྲག་པོ་བརྒྱབ། 

ཧྭ་ཀྲུང་དགེ་འོས་སློབ་ཆེན་ཆ་འཕྲིན་ཅན་འགྱུར་གཞུང་སྒྲུབ་ཁང་གིས་བརྡ་ཐོ་སྤེལ་དོན།    ཕྱོགས་ཡོངས་ནསOpenClawཡི་བཀོད་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་མ་ཟད།   སྤྱི་གཞུང་དྲ་བ་སྟེ་དྲ་རྒྱའི་ཞབས་ཞུ་འདོན་སྤྲོད་ཕྱོགས་ཀྱི་དྲ་ལམ་གསང་བ་ཕྱིར་མངོན་པའི་གནས་ཚུལ་དང་།  དབང་ཚད་བཀོད་སྒྲིག་དང་བདེན་དཔང་དོ་དམ་གནས་ཚུལ་དམིགས་སུ་བཟུང་ནས་ཞིབ་བཤེར་བྱ་རྒྱུ་ཡིན་ལ། གལ་ཏེ་བཀོལ་སྤྱོད་ཀྱི་དགོས་ངེས་ཡོད་ན།  ལམ་སེང་སྤྱི་གཞུང་དྲ་ངོས་སུ་དགོས་མེད་ཀྱི་འདྲི་ཞིབ་སྒོ་རྒྱག་རོགས།  ཐོབ་ཐང་ངོས་འཛིན་དང་།  ཚོད་འཛིན་འདྲི་ཞིབ།  གཞི་གྲངས་གསང་རྒྱ་དང་བདེ་འཇགས་རྩིས་བཤེར་ལ་སོགས་པའི་བདེ་འཇགས་ལམ་ལུགས་འཐུས་ཚང་དུ་བཏང་ནས་དེའི་དབང་ཚད་ཁྱབ་ཁོངས་ལ་ཚད་བཀག་ནན་མོ་འཛིན་རྒྱུ། དེ་མིན་ཆ་འཕྲིན་ཅན་གཞུང་སྒྲུབ་ཁང་གིས་བཀོད་སྒྲིག་བྱས་པའི་ཞབས་ཞུ་ཆས་ཀྱི་སྟེང་དུOpenClawསྒྲིག་སྦྱོར་བྱེད་མི་རུང་ཞིས་བསྟན་ཡོད། 

ཝུའུ་ཧན་ཚན་རྩལ་སློབ་ཆེན་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱིས་བརྡ་ཐོ་སྤེལ་དོན།  OpenClawཡི་དབང་ཚད་མཐོ་དྲག་པས་ཚོད་འཛིན་མ་ཐེབས་པར་བཀོལ་སྤྱོད་བྱས་ན།  ཚན་ཞིབ་ཀྱི་ཐོག་མའི་གཞི་གྲངས་དང་ཕྱིར་བསྒྲགས་མེད་པའི་སློབ་ཁྲིད་ཀྱི་ནང་དོན།   སློབ་མའི་སློབ་ཁོངས་ཆ་འཕྲིན། དགེ་བཟོ་བའི་མི་སྒེར་གྱི་གསང་བ་བཅས་ཕྱིར་ཤོར་བའི་ཉེན་ཁ་ཧ་ཅང་ཆེ།   དྲ་རྒྱའི་རྒོལ་མཁན་གྱིས་སྦྱོར་ངན་འཛུད་ཆས་དང་ཞན་ཆ་བེད་སྤྱད་དེAIལ་བརྟེན་ནས་ཐེམ་ཨང་གི་གསང་གྲངས་བརྐུ་སྲིད་པ་མ་ཟད།  སློབ་རའི་ནང་ཁུལ་གྱི་དྲ་རྒྱའི་སྒྲིག་ཆས་བརྒྱུད་དེ་སློབ་གྲྭའི་དྲ་རྒྱ་སྤྱིའི་བདེ་འཇགས་ལ་འཇིགས་སྐུལ་ཐེབས་སྲིད་པས།   ཕྱི་ཕྱོགས་ཀྱིAIཡོ་བྱད(OpenClawདང་དེ་ལ་བསྐྱེད་པའི་པར་གཞི་གཞན)ལ་བརྟེན་ནས་སློབ་གྲྭའི་གསང་འཕྲིན་ནང་འཇུག་དང་ཐག་གཅོད། ཉར་ཚགས་ལ་སོགས་གཏན་ནས་བྱེད་མི་རུང་།  སློབ་གྲྭ་ནང་ཁུལ་གྱི་དྲ་བའི་སྒྲིག་ཆས་དང་། སློབ་ཁྲིད་ཞབས་ཞུ་ཆས།   ཉམས་ཞིབ་ཁང་གི་སྐུད་སྣེ། གཞུང་སྒྲུབ་ཁང་གི་གློག་ཀླད་བཅས་སུOpenClawདང་དེའི་དབང་ཚད་མཐོན་པོ་ཡོད་པའིAIརིགས་ཀྱི་སྒྲིག་རིམ་རང་དགར་ནང་འཇུག་དང་བཀོལ་སྤྱོད་གཏན་ནས་བྱེད་མི་རུང་།   དེ་མིནAIཡོ་ཆས་ལroot(དོ་དམ་པ་སྟོབས་ཆེན)ཡི་དབང་ཚད་གཏན་ནས་སྤྲད་མི་རུང་། སྤྲོད་དགོས་ན་དེའི་འོས་འགན་སྒྲུབ་པའི་དགོས་ངེས་སུ་ཆེས་ཆུང་བའི་མ་ལག་གི་དབང་ཚད་ཙམ་སྤྲད་ཆོག །  ཡིག་ཆ་བསུབ་པ་དང་། གཞི་གྲངས་བསྐུར་བ།  བཀོད་སྒྲིག་ལ་བཟོ་བཅོས་རྒྱག་པ་ལ་སོགས་པའི་ཉེན་ཆེའི་བཀོལ་སྤྱོད་ལ་གཏན་འཁེལ་ཐེངས་གཉིས་སམ་ཡང་ན་ལས་བཟོ་བས་དངོས་སུ་ཞིབ་བཤེར་མཆན་འགོད་གནང་དགོས།
   “龙虾”ཧ་ཅང་དར་གྲགས་པའི་ཚུལ་དེར་ཝུའུ་ཧན་འགྲིམ་འགྲུལ་ལས་རིགས་སློབ་གླིང་གིས“རྒྱུག་པ་ལེབ་བརྡུངས”ལྟར་མ་བྱས་པར་རང་འགུལ་གྱིས་འགོག་སྲུང་བྱས།   སློབ་གྲྭ་དེའི་ཆ་འཕྲིན་ལྟེ་གནས་ཀྱི་འགན་འཁུར་བ་ཧྲེན་ཝའེ་ཝན་ཀྲུའུ་རེན་གྱིས་གསར་འགོད་པས་བཅར་འདྲི་ལ་དང་ལེན་བྱེད་སྐབས།   ལོ་གསར་གྱི་རྗེས་སུ“龙虾”སྤྱོད་མཁན་ཆེ་ཆེར་འཕེལ་ཞིང་།  སློབ་གྲྭ་འཚོགས་མ་ཐག་རྩིས་ཤུགས་ཐོན་ཁུངས་ལ་ང་ཚོས་དམིགས་སུ་སྙོམ་སྒྲིག་བྱས་ཏེ།   དགོས་མཁོ་ཅན་གྱི་དགེ་རྒན་ལ་རམ་འདེགས་བྱས་པ་མ་ཟད་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་གཏན་འཁེལ་གསལ་བོ་བྱས་པ་ཡིན།

“ང་ཚོས་ཆེད་སྤྱོད་ཀྱི་རྩིས་གྲངས་ཐོན་ཁུངས་དང་རྩིས་ཤུགས་ལ་རྒྱབ་སྐྱོར་བྱས་ཏེ།  དགེ་རྒན་རྣམས་ཀྱིས་ཚོད་འཛིན་གྱི་ཁྱབ་ཁོངས་ནས“龙虾”བཀོལ་སྤྱོད་དང་འཚོལ་བྱས་པ་ཡིན།  ཟེར། ཁོས་མུ་མཐུད་དུ་འདི་སྐད།   ཆེད་སྤྱོད་དྲ་རྒྱ་དང་རྟོག་བཟོའི་འཕྲུལ་འཁོར།   ཤོང་ཆས་ལོགས་ཉར་ལ་སོགས་ལག་རྩལ་བཀོད་སྒྲིག་བརྒྱུད་དེ།  སློབ་གྲྭས་ཡོ་ཆས་ཀྱི་བཀོལ་སྤྱོད་ཁོར་ཡུག་དང་སློབ་ར་ནང་ཁུལ་གྱི་ལྟེ་བའི་གཞི་གྲངས་ལོགས་སུ་ཉར་དང་ཆབས་ཅིག ཡོ་ཆས་ཀྱི་དབང་ཚད་དང་དེས་འབྲེལ་འདྲིས་བྱེད་པའི་སློབ་རའི་ནང་ཁུལ་གྱི་གཞི་གྲངས་ལ་ཚོད་འཛིན་ནན་མོ་བྱས་ཏེ།  ཡོ་ཆས་ཀྱི་ནུས་པ་དང་འདོན་སྤེལ་ཐུབ་པའི་མི་ཚད།  གཞི་གྲངས་བདེ་འཇགས་ཀྱི་མ་མཐའི་ཚད་ཐིག་ལེགས་པོ་སྲུང་ཐུབ་ཡོད་ཟེར། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།