མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཕྱིར་ཟི་ལིང་དུ་ཐོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ3པའི་ཚེས12ཉིན།   རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཚོགས་ཆེན་གྱི་གྲོས་རིམ་སོ་སོ་བདེ་བླག་ངང་ཡོངས་འགྲུབ་བྱས་ནས་ཕྱིར་ཟི་ལིང་དུ་ཐོན།  

གྲོས་ཚོགས་སྐབས་སུ།    མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་མཐོན་པོར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་གཟབ་ནན་གྱིས་ཉན་པ་དང་སློབ་སྦྱོང་བཟང་བོ་བྱས་ལ།  ཧུར་ཐག་གིས་ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་ཁྲོད་ཞུགས་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་གཙོ་གནད་དང་དཀའ་གནད།   གནད་དོན་གཙོ་བོ་བཅས་ལ་དམིགས་ཏེ་གྲོས་མོལ་སྲིད་གླེང་དང་བློ་འདོན་ཇུས་འབུལ་བཟང་བོ་བྱས་པར་མ་ཟད།    འབྲེལ་ཡོད་གྲོས་དོན་གཅིག་བསྡུས་བྱས་ཏེ་སྤུས་ཚད་མཐོ་བའི་གྲོས་གཞི་དང་བསམ་འཆར་མང་པོ་སྤྲད་ནས་སྲིད་གྲོས་ཨུ་ཡོན་གྱི་སེམས་པ་རྒྱལ་དོན་གྱི་ཆེ་ཕྱོགས་ལ་སྦྲེལ་བ་དང་མཐོ་སྒང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་པའི་འགན་འཁྲི་མངོན་པར་བྱས།     མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་སྒོས་བསྟན་དོན།    དེ་ནི་སེམས་ཤུགས་གཅིག་བསྡུས་དང་བདེན་འཚོལ་དངོས་གཉེར།  ངར་ཤུགས་ཆེར་བསྐྱེད་ཀྱི་ཚོགས་ཆེན་ཞིག་རེད།   ཕྱིར་ལས་གནས་སྟེང་ལོག་རྗེས།    ང་ཚོས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དྲིལ་སྒྲོག་བཟང་བོ་དང་སློབ་སྦྱོང་བཟང་བོ།   ལག་བསྟར་བཟང་བོ་བཅས་བྱེད་པ་དང་།    འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་མངག་བཅོལ་སྟོང་ཟད་དུ་མི་གཏོང་བར་གྲོས་ཚོགས་སྐབས་སུ་གཅིག་བསྡུས་བྱས་པའི་ཐུན་མོང་གི་ངོས་འཛིན་དང་ངར་ཤུགས་ཡོད་ཚད་རང་འགན་གཙང་སྒྲུབ་ཀྱི་འགུལ་སྐྱོད་དངོས་སུ་འགྱུར་བར་བྱེད་པ།  རྒྱུན་མཐུད་ངང་གཞི་རིམ་དང་མང་ཚོགས་ཁྲོད་ཟབ་ཞུགས་བྱས་ནས་དམངས་ཀྱི་རེ་འདོད་ལ་ཉན་པ་དང་དམངས་ཀྱི་འདོད་བློ་གཅིག་བསྡུས་བྱེད་པ།    སྲིད་ཞུགས་སྲིད་གླེང་གི་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ།    སྐྱོད་ལམ་གསར་པའི་སྟེང་འགན་འཁྲི་གསར་པ་དང་བྱེད་ཐབས་གསར་པ་མངོན་པར་བྱེད་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འབད་པས་སྐུལ་འདེད་གཏོང་བའི་ཐད་རིག་སྟོབས་འབུལ་ངེས་ཡིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།