ཟླ3པའི་ཚེས12ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་གྲོས་ཆོད་འཆར་ཟིན་དང་ཆོད་དོན་འཆར་ཟིན་སོ་སོར་གྲོས་ཞིབ་བྱས། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན། ལིའུ་ཆི་ཧྥན། ཀྲང་ཅིན་ཀང་བཅས་གྲོས་ཞིབ་ལ་ཞུགས། ཝང་ལི་མིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།
གྲོས་ཚོགས་ལས་རང་ཞིང་གི་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན། བཅའ་ཁྲིམས་གཙང་བཤེར་བྱ་བའི་གནས་ཚུལ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཆོད་དོན་ཐག་གཅོད་བསམ་འཆར་ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་ཆོད་དོན་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་པ་དང་། འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་འཐད་པ་ཡིན་པའི་ཚུལ་བསྟན།