མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས10ཉིན།   རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས།   རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་བཅས་ཀྱི་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་དང་།  ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།    ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན།   ལིའུ་ཆི་ཧྥན།   ཝང་ལི་མེང་།    ཀྲང་ཅིན་ཀང་བཅས་ཀྱིས་གཏམ་བཤད།   ཀྲང་ཙི་ཅུན་དང་ཀྲ་ཆིན་ཅིག་གཉིས་གྲོས་ཚོགས་ལ་ཟུར་ཞུགས་བྱས་པར་མ་ཟད།  ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུ་འགྲེལ་ཀློག་བྱས།   ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་རིམ་པ་གཉིས་པའི་ཁྲིམས་དཔོན་ཧི་ཞའོ་རོང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་གྲོས་ཞིབ་ཁྲོད་ཞུགས་ནས་འཐུས་མི་རྣམས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན།

འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར།  ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུ་ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱས་ཡོད་པ་དང་།   གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པའི་ཆབ་སྲིད་རང་རྟོགས་མངོན་པར་བྱས་ཡོད་ལ།   རང་རྟོགས་སྒོས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་མངོན་པར་བྱས་ཡོད་པར་མ་ཟད།    དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་སྲུང་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་བརྩེ་བ་ཟབ་མོས་ཁེངས་པར་བྱས་ཤིང་།    བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་གཏན་འཇགས།   མི་དམངས་ཀྱི་བདེ་སྐྱིད་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་གསར་པ་དང་ཕན་འབྲས་གསར་པ་མངོན་པར་བྱས་ཡོད་པ་དང་།   དུས་རབས་གསར་པའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་རང་འགན་གཙང་སྒྲུབ་བྱེད་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ཡོངས་སུ་འཐད་པ་ཡིན།   ན་ནིང་།   མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་བྱ་བས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ།  སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས།   མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་བཅོས་སོགས་ལས་འགན་གཙོ་བོར་དམིགས་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་ནུས་ཡོད་སྒོས་ཞབས་འདེགས་ཞུས་པ་དང་།    ཆུ་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས།    ང་ཚོས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

འཐུས་མི་ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར།   ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུ་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་པ་དང་།    ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱས་ཡོད་ལ།    དོན་དངོས་ལ་བརྟེན་ནས་སྐད་ཆ་བཤད་པ་དང་གཞི་གྲངས་ལ་བརྟེན་ནས་འདེགས་སྐྱོར་བྱེད་པ།  གྱོད་དཔེ་ལ་བརྟེན་ནས་བཅའ་ཁྲིམས་ལ་འགྲེལ་བཤད་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཡོད་པར་མ་ཟད།  ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་བློ་ཐག་རྦད་ཆོད་སྒོས་གཏན་ཕབ་གཉིས་ལ་སྲུང་སྐྱོང་དང་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པའི་ཆབ་སྲིད་རང་རྟོགས་མངོན་པར་བྱས་ཡོད་ཅིང་།    ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན།  ཁྲིམས་སྐྱོང་རང་བཞིན།  དུས་རབས་རང་བཞིན་བཅས་ཡོངས་སུ་མངོན་པར་བྱས་ཡོད་པས།   ཡོངས་སུ་འཐད་པ་ཡིན།   ལོ་གཅིག་གི་རིང་།   ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་པ་དང་།   འདྲ་མཉམ་དྲང་གཞག་གི་ཁྲིམས་འཛིན་བླ་སྲོག་དང་ཚེ་སྲོག་མངོན་པར་བྱས་ནས།    ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ཐད་སྟོབས་དང་ལྡན་པའི་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱས།   ང་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་ཐེངས་འདིའི་ཚོགས་ཆེན་གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།    སྲིད་གཞུང་དང་ཁྲིམས་ཁང་བར་གྱི་མཉམ་འབྲེལ་དང་།    སྲིད་གཞུང་དང་ཞིབ་དཔྱོད་ཁང་བར་གྱི་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་ནས་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

འཐུས་མི་ལིའུ་ཆི་ཧྥན་གྱིས་བཤད་རྒྱུར།    ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུའི་ཁྲོད་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་ཁྱབ་པར་བྱས་ཡོད་པ་དང་།    བློ་ཐག་རྦད་ཆོད་སྒོས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པའི་ཆབ་སྲིད་རང་རྟོགས་མངོན་པར་བྱས་ཡོད་ལ།   ཆབ་སྲིད་ཀྱི་མཐོ་ཚད་དང་ཁྲིམས་སྐྱོང་གི་ཤུགས་ཚད།  དམངས་འཚོའི་དྲོད་ཚད་བཅས་ཀྱིས་ཁྱབ་པར་བྱས་ཡོད་པར་མ་ཟད།    ཁྲིམས་འཛིན་དྲང་གཞག་ལ་སྲུང་སྐྱོང་དང་དམངས་འཚོའི་བདེ་སྐྱིད་ལ་སྲུང་སྐྱོབ་བྱེད་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས།  ཡོངས་སུ་འཐད་པ་ཡིན།    འདས་པའི་ལོ་གཅིག་གི་རིང་།     ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དྲང་གཞག་དང་ཕན་འབྲས་ལ་དམིགས་ནས་ཁྲིམས་ལྟར་ནག་ཉེས་ལ་རྡུང་རྡེག་ནན་མོ་བཏང་སྟེ་ནུས་ཡོད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ་དང་།    ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མི་དམངས་ཞིབ་དཔྱོད་མི་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས་བྱས་ཤིང་།    ཕན་འབྲས་མཐོ་བའི་སྒོ་ནས་བཅའ་ཁྲིམས་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་ཏེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་ནུས་ཡོད་སྒོས་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་སྲུང་སྐྱོང་བྱས་ཟེར།

འཐུས་མི་ཝང་ལི་མེང་གིས་བཤད་རྒྱུར།  ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཡོད་པ་དང་།   ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱས་ཡོད་ལ།   ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད་པར་མ་ཟད།    ཧུར་ཐག་གིས་མི་དམངས་མང་ཚོགས་ ཀྱིས་ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་འདྲ་མཉམ་དྲང་གཞག་ཚོར་ཐུབ་པར་བྱེད་པའི་དམིགས་འབེན་བླང་བྱར་དམ་དུ་དམིགས་ཏེ་དོན་དངོས་ལ་བརྟེན་ནས་སྐད་ཆ་བཤད་པ་དང་གཞི་གྲངས་ལ་བརྟེན་ནས་འདེགས་སྐྱོར་བྱེད་པ།   གྱོད་དཔེར་བརྟེན་ནས་བཅའ་ཁྲིམས་ལ་འགྲེལ་བཤད་བྱས་ཤིང་།    སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ།   ལས་འགན་ལག་བསྟར་བཟང་བོ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད་པ་དང་།    མི་དམངས་མང་ཚོགས་ཀྱི་འདྲ་མཉམ་དྲང་གཞག་ཐད་ཀྱི་རེ་སྒུག་གསར་པར་ལན་ཟབ་མོ་བཏབ་ཡོད་ལ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་བྱས་ཡོད་པས།  ཡོངས་སུ་འཐད་པ་ཡིན་ཟེར།

འཐུས་མི་ཀྲང་ཅིན་ཀང་གིས་བཤད་རྒྱུར།     ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུ་ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་པ་དང་།    གྲུབ་འབྲས་སྤྱི་སྡོམ་བྱས་པ་དོན་དངོས་དང་མཐུན་ཞིང་གནད་དོན་ཕྱིར་ལྡོག་བྱས་པའང་དོན་དངོས་དང་མཐུན་ལ།   བྱ་བ་གཙོ་བོ་བཀོད་སྒྲིག་བྱས་པ་འབུར་དུ་ཐོན་ཡིན་པར་མ་ཟད།   ཏང་གི་འདོད་བློ་མངོན་པར་བྱེད་པ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་རྒྱུ་ལག་བསྟར་བྱེད་པ།   བཅོས་སྒྱུར་གསར་གཏོད་ཀྱི་དགོངས་དོན་བཅས་ཀྱིས་ཁེངས་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས།  ཡོངས་སུ་འཐད་པ་ཡིན་ཟེར།    འདས་པའི་ལོ་གཅིག་གི་རིང་།   ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་ཆབ་སྲིད་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་པ་དང་།    རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་ལས་འགན་གཙོ་བོར་དམ་དུ་དམིགས་ཤིང་།   མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་གཅིག་བསྡུས་བྱས་ལ།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམིགས་ནས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་ཁྲིམས་སྐྱོང་གི་འགོག་ར་བརྟན་པོར་བཙུགས་ཟེར།

ལི་གོ་དང་ལིའུ་ཀའོ་ཆང་།   ཏི་ཆིང་ཡུན།   ཝང་ཧྭ་ཅེ།    ཆོ་ཡཱ་ཆོན།    ཡུན་ལི་ཧུང་།    ལིའུ་ཞའོ་རོང་སོགས་འཐུས་མིས་གཏམ་བཤད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།