ཟླ3པའི་ཚེས9ཉིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་གནས་ཚུལ་འབྱོར་བ་ལྟར་ན། ཞིང་ཆེན་ནགས་ཚལ་གྱི་འགན་འཛིན་པའི་གཞུང་སྒྲུབ་ཁང་གིས2026ལོའི་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་འགན་འཛིན་པའི་ལམ་ལུགས་ཀྱི་ལས་དོན་གཙོ་བོ་ཁྱབ་བསྒྲགས་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་འགན་འཛིན་པའི་གཙོ་གནད་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ནས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་རང་བདག་འགན་འཁྲི་ལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་དགོས་པའི་སྐུལ་མ་བཏང་།
ནགས་ཚལ་དང་རྩྭ་ཐང་གི་འགན་འཛིན་པའི་ལམ་ལུགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། རིམ་པ་དགར་ནས་ནགས་ཚལ་དང་རྩྭ་ཐང་གི་འགན་འཛིན་པའི་བཀའ་རྒྱ་ཁྱབ་སྒྲོག་བྱེད་པ། ནགས་ཚལ་གྱི་སྐོར་སྲུང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། “ནགས་ཚལ་དང་རྩྭ་ཐང་གི་འགན་འཛིན་པའི”མཉམ་འགུལ་ལམ་སྲོལ་ཟབ་སྤེལ་གཏོང་བ་བཅས་བྱས་ཏེ། འཆར་འགོད་སྣེ་ཁྲིད་དང་ལས་གཞིའི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། “བྱང་གསུམ”བཟོ་སྐྲུན་གྱི་མཁྲེགས་གཏོར་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་ནས། ལས་གཞིའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞུང་ཁོངས་ནགས་ར་ཚབ་གཉེར་དང་། “ཁེ་ལས་དང་མཉམ་ལས་ཁང་། རོང་འབྲོག་མང་ཚོགས”སོགས་སྣ་མང་འཛུགས་སྐྲུན་དོ་དམ་ནང་ཞུགས་པའི་རྣམ་པ་འཚོལ་ཞིབ་བྱེད་པའི་རྨང་གཞིའི་སྟེང་དུ། “ཉི་འོད་ནུས་པ་དང་བྱེ་བཅོས། ཐོན་ལས”མཉམ་འདྲེས་ཟབ་སྤེལ་བཏང་ནས། གུང་ཧོ་གཞོང་ས་དང་ཚྭ་འདམ་གཞོང་སའི་འོད་ཤུགས་བྱེ་བཅོས་རྣམ་གྲངས་ལག་ལེན་དུ་བསྟར་བར་སྐུལ་འདེད་བཏང་ནས། གྲང་ངར་དང་ཐན་པ། ཚྭ་བསྐྱུར། ས་གཤིས་ཞན་པ་བཅས་ཀྱི་འགལ་རྐྱེན་བཟོད་ཐུབ་པའི་ས་བོན་གསོ་སྤེལ་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས། རང་བྱུང་སྲུང་སྐྱོང་ཁུལ་སྡེབ་སྒྲིག་ལེགས་སྒྱུར་ལག་བསྟར་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འཆར་འགོད་བཟོ་འགོད་དང་། ས་མཚམས་རྩད་ཞིབ་ཚད་གཞི་འཛུགས་པ་སོགས་ཀྱི་རྨང་གཞིའི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་དམིགས་བསལ་ཆོག་མཆན་གཉེར་སྐྱོང་དང་རང་བྱུང་ཁམས་ཉམས་ལེན་བྱེད་པ། ནགས་ཚལ་ལ་བརྟེན་ནས་ཁམས་གསོ་བྱེད་པ་སོགས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་འབད་པས་འཚོལ་ཞིབ་བྱེད་དགོས། རྒྱལ་ཁོངས་ལྗང་བསྒྱུར་དང་སྐྱེ་ཁམས་སླར་གསོ་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། སྔོ་ཁེབས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། ནགས་ཚལ་རྒྱུན་མཐུད་གཉེར་སྐྱོང་ཟབ་སྤེལ་གཏོང་བ། རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། ཞིང་ཁའི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། གནའ་བོའི་ཤིང་སྡོང་དང་ཤིང་སྣ་གྲགས་ཅན་གྱི་སྲུང་སྐྱོབ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་རེད།