རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་ཚེས7ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་སུ་ཞུགས། སྲིད་གྲོས་ཨུ་ཡོན14ཡིས་ཚོགས་ཆེན་ཐོག་གཏམ་བཤད། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་བའི་ཝུའུ་ཀྲེང་ལུང་། དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གདན་ཞུ་ལྟར་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་ལ་ཉན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ། ཧྲེན་ཡེའོ་ཡེའོ། ཝང་ཡུང་། ཧོ་ཧོའུ་ཧྭ། ལེང་ཀྲེན་དབྱིན། པ་ཐི་ཨར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥེང་། ཅང་ཞིན་ཀྲི། ཅང་ཙུའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲེན་བཅས་གྲོས་ཚོགས་སུ་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཆང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཨུ་ཡོན་ལིའུ་ཅ་དབྱི་ཡིས་གཏམ་བཤད་སྤེལ་ནས་བཤད་རྒྱུར། ཀྲུང་གུང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་རང་རྒྱལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་ཆེན་འཆར་འགོད་བཟོས་པ་དང་། བཅོས་བསྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། འཕེལ་རྒྱས་ལ་གསོན་ཤུགས་བསྩོལ་དགོས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས། མ་ལག་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། བཅོས་བསྒྱུར་གྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས། དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུ་འགན་ལེན་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་སྒོས་མི་དམངས་ཡོངས་ལ་ཕན་ཐོག་ཏུ་འཇུག་དགོས།
ཨུ་ཡོན་ཧོ་ཅིན་ཧྭ་ཡིས་དམངས་གཙོ་མནའ་འབྲེལ་ཚོགས་པ་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་ནས་བཤད་རྒྱུར། རང་བརྟེན་དང་ཚོད་འཛིན་ཐུབ་པའི་རིམ་པ་དམའ་བའི་ལག་རྩལ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་དང་རྒྱུན་མཐུད་གསར་གཏོད་ནུས་པའི་འགན་སྲུང་ཡིན་པས། བཟོ་སྐྲུན་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་དགོས་པ་དང་། ཐབས་ལམ་མང་པོའི་ལག་རྩལ་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རིམ་པ་དམའ་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་དང་མ་དངུལ་གཏོང་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། ཐོན་ལས་ཅན་དུ་འགྱུར་བའི་ཉེར་སྤྱོད་སྐུལ་སྤེལ་གྱི་ནུས་པ་འདོན་སྤེལ་བྱ་དགོས།
ཨུ་ཡོན་ཧོང་ཆུན་ཧུའེ་ཡིས་གཏམ་བཤད་དེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་འཐབ་ཇུས་ཀྱི་གོ་གནས་སུ་འཇོག་དགོས་པ་མ་ཟད། རྨང་གཞིའི་ཞིབ་འཇུག་གསར་སྤེལ་རྒྱུན་མཐུད་དང་བརྟན་པོའི་ངང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རིགས་དབྱེ་ཇུས་འདོན་བྱེད་པ་དང་། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་ལ་ཤུགས་སྣོན་དགོས། དངུལ་གཏོང་དེ་དངོས་པོ་དང་མི་གཉིས་དམ་དུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ཏེ། སྒུལ་ནུས་གསར་པ་གསོ་སྐྱོང་དང་དགེ་མཚན་གསར་པ་གསར་སྐྲུན་བྱ་དགོས་པའི་གྲོས་གཞི་བཏོན།
ཨུ་ཡོན་ཞེ་ཏུང་གིས་ཀྲང་གོའི་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཚབ་བྱས་ཏེ་གཏམ་བཤད་དེ་བཤད་རྒྱུར། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། སྣེ་འདྲེན་ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བར་ཡར་སྐུལ་བྱས་ཏེ། གཞོན་ནུ་གསར་གཏོད་འཇོན་མི་སྔར་ལས་མང་པོར་འགན་གཙོ་བོ་འཁུར་དུ་འཇུག་དགོས་པ་དང་། ཐོག་མར་གསར་གཏོད་བྱེད་པའི་ཚན་རྩལ་ཁེ་ལས་ལ་དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། གསར་གཏོད་ལ་འཚམ་པའི་ཁྲོམ་རའི་ཁོར་ཡུག་བསྐྲུན་དགོས་པ་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྐྲུན་དགོས།
ཨུ་ཡོན་ཝང་ཅན་ཅུན་གྱིས་གཏམ་བཤད་དེ་བཤད་རྒྱུར། ཀྲུང་གོའི་དབུལ་ཐར་མཁྲེགས་གཏོར་གྱི་གཏམ་རྒྱུད་ལེགས་པོར་བརྗོད་དེ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་རླབས་ཆེན་ལག་ལེན་མངོན་དགོས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱ་དགོས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱ་དགོས་ཤིང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་རམ་འདེགས་བྱས་ཏེ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་སྟོབས་ཤུགས་འབུལ་དགོས།
ཨུ་ཡོན་ཅང་ལི་ཕིང་གིས་ཐའེ་ཝན་མནའ་འབྲེལ་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་ནས། སྤུས་ཚད་མཐོ་བའི་སྒོ་ནས་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐའེ་ཝན་གྱིས་མ་དངུལ་བཏང་བའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་དང་སྦྲེལ་མཐུད་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བར་རོགས་རམ་བྱེད་དགོས་པ་དང་། ཐའེ་ཝན་སྤུན་ཟླའི་བདེ་སྐྱིད་ཇེ་ཆེར་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། འགྲམ་གཉིས་འབྲེལ་བ་གོང་དུ་འཕེལ་བར་མུ་མཐུད་དུ་སྒུལ་ཤུགས་སྣོན་པ་དང་། མེས་རྒྱལ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོར་སྟོབས་ཤུགས་འབུལ་དགོས་པའི་གྲོས་གཞི་བཏོན།
ཨུ་ཡོན་ཆི་ཞང་ཏུང་གིས་གཏམ་བཤད་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་བདེ་འཇགས་འཕེལ་རྒྱས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་མཐུན་སྦྱོར་འབྲེལ་མཐུད་བྱས་ཏེ། ཐཱན་རྩེར་སོན་ལ་སྐུལ་འདེད་བཏང་ནས་མངོན་འགྱུར་བྱ་དགོས། AIདང་བདེ་འཇགས་གཉིས་མཉམ་དུ་དམ་འཛིན་བྱས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པའི་གྲོས་གཞི་བཏོན། ཨུ་ཡོན་ཝང་ཅུན་ཅིན་གྱིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ནས་གཏམ་བཤད་དེ། དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྒྱུ་ནོར་བདག་དབང་སྲུང་སྐྱོང་། ཚོང་རར་ཞུགས་འཐུས། སྤྱི་ཚོགས་ཡིད་རྟོན་སོགས་ཐད་ཀྱི་བཅའ་ཁྲིམས་དང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས་པ་དང་། མ་དངུལ་གཏོང་མཁན་གྱི་ཡུན་རིང་སྔོན་དཔག་བརྟན་པོ་ཡོང་བར་བྱ་དགོས། དངུལ་རྩའི་ཞབས་ཞུ་དང་། ཚན་རིག་གསར་གཏོད་ལས་སྟེགས། བཀོལ་སྤྱོད་རྣམ་པ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དམངས་ཁྲོད་ཀྱི་མ་རྩ་གསར་དར་ཁྱབ་ཁོངས་དང་མ་འོངས་པའི་ཐོན་ལས་སུ་འཇོག་པར་ཁྲིད་སྟོན་བྱེད་དགོས་པ་མ་ཟད། དམངས་གཉེར་ཁེ་ལས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་བྱས་རྗེས་སྔར་ལས་ཆེ་བ་འཇོག་པར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།
ཨུ་ཡོན་ལི་རུང་ཚན་གྱིས་གཏམ་བཤད་གནང་ནས། ཧའེ་ནན་རང་མོས་ཉོ་འཚོང་གྲུ་ཁ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུང་ཀང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རང་མོས་ཉོ་འཚོང་གྲུ་ཁའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་དང་། ཡིད་རྟོན་རྨང་གཞི་ཡིན་པའི་ལྟ་སྐུལ་དོ་དམ་ལམ་སྲོལ་གསར་པ་བཙུགས་ཏེ། ཧའེ་ནན་རང་མོས་ཉོ་འཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པར་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྣེ་ཁྲིད་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་བསྒྱུར་དགོས་པའི་གྲོས་གཞི་བཏོན། ཨུ་ཡོན་ཀྲོའུ་ཀྲི་ཧྭ་ཡིས་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་ཚབ་བྱས་ནས་གཏམ་བཤད་དེ། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ཚན་རིག་ཞིབ་འཇུག་གི་གཅིག་གྱུར་བཀོད་སྒྲིག་ལེགས་སྒྱུར་དང་། སྣ་འདུས་ཅན་གྱི་གསར་གཏོད་ཤེས་ལྡན་མི་སྣ་སྐྱེད་སྲིང་མ་ལག་འཛུགས་པ། རིག་ཚན་བཀག་རྒྱ་མེད་པར་བཟོ་བ། རིག་ཚན་ལས་བརྒལ་བའི“ཕྱོགས་གཉིས་ཡིག་སྒྱུར”དང་རོགས་རེས་རྐྱེན་སྲོལ་འཛུགས་པ། གཞི་གྲངས་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། མི་ཐབས་རིག་ནུས་ཀྱིས་ཚན་རིག་ཞིབ་འཇུག་གི་དཔེ་མཚོན་རང་བཞིན་གྱི་འཕོ་འགྱུར་ལ་སྣེ་ཁྲིད་དགོས་པའི་གྲོས་གཞི་བཏོན། ཨུ་ཡོན་ཁྲེན་ཅན་ཕིང་གིས་གཏམ་བཤད་དེ། དུས་རབས་གསར་པར་ཀུན་སྤྱོད་ལ་བརྟེན་ནས་མི་གཞི་སྐྱོང་པའི་ལས་གཞི་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་གྲུབ་འབྲས་རླབས་ཆེན་གྱི་ལག་ལེན་སློབ་ཁྲིད་བཀོད་སྒྲིག་བྱེད་པ། སྤྱི་ཚོགས་སློབ་ཁང་དུ་མི་སྣ་སྐྱེད་སྲིང་བྱེད་པའི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་མ་ལག་ལེགས་བཅོས་དང་སྔོག་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས་མཐུན་སྦྱོར་གྱིས་མི་སྐྱེད་སྲིང་བྱེད་པའི“སློབ་ཁྲིད་མཉམ་འབྲེལ་སྒྲིག་གཞི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་གཞ མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་སྤྱད་ནས་བསམ་བློ་ཆབ་སྲིད་སློབ་ཁྲིད་དང་སྤྱི་ཚོགས་སློབ་ཁྲིད་སྔར་ལས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན། ཨུ་ཡོན་ཧོ་ཏན་གྱིས་གཏམ་བཤད་དེ། བུ་བཙའི་རྒྱབ་སྐྱོར་ནི་མི་ཤུགས་མ་རྩ་འཇོག་པའི་དགེ་མཚན་ལྡན་པའི་འདུ་ཤེས་ཡིན་པ་དང་། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་དང་སྐུལ་སློང་བྱེད་ཐབས་ལེགས་སྒྱུར་བྱེད་དགོས་ལ། བུ་བཙའི་འགན་བཅོལ་དང་ལྟ་སྐྱོང་ཞབས་ཞུ་སོགས་ཀྱི་འགན་སྲུང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། གཞི་རྩའི་བུ་བཙའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། གཉེན་སྒྲིག་དང་བུ་བཙའི་ལྟ་བ་དར་སྤེལ་བཏང་སྟེ། བུ་བཙའ་དང་ཁྱིམ་ཚང་མཛའ་མཐུན་ཡོང་བར་བརྩི་འཇོག་བྱེད་པའི་གླེང་གཞིའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་པའི་གྲོས་གཞི་བཏོན། ཨུ་ཡོན་ཐའོ་ཁའེ་ཡོན་གྱིས་ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་དེ། ཚན་སློབ་མཉམ་སྡེབ་དེ་མཐོ་རིམ་སློབ་གསོ་ནས་རྨང་གཞིའི་སློབ་གསོར་མཆེད་པར་སྐུལ་འདེད་གཏོང་བ་དང་། ཚན་རིག་ཐོན་ཁུངས་དང་སློབ་གསོའི་ཐོན་ཁུངས། ཞིབ་འཇུག་ཐོན་ཁུངས་དང་སློབ་ཁྲིད་ཐོན་ཁུངས་བཅས་ཀྱི་ཕན་ཚུན་འཁོར་རྒྱུག་དང་ཕན་མཐོའི་བཀོད་གཏོང་ལ་སྐུལ་འདེད་གཏོང་བ། གསར་གཏོད་ཕྱོགས་སྟོན་གྱི་མི་གཞི་གསོ་སྐྱོང་གི་དམིགས་འབེན་ལ་ཤུགས་བསྣན་ནས། ཚན་རྩལ་གསར་གཏོད་ཀྱི་རྗེས་གྲབས་ཤེས་ལྡན་པ་འབད་པས་སྐྱེད་སྲིང་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་གྲོས་གཞི་བཏོན། ཨུ་ཡོན་མོ་རུང་གིས་གཏམ་བཤད་དེ། ལས་ཞུགས་ལ་རྒྱབ་སྐྱོར་དང་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། མི་ཤུགས་ཐོན་ཁུངས་མཁོ་སྤྲོད་དེ་མི་ཐབས་རིག་ནུས་ལག་རྩལ་འཕེལ་རྒྱས་དང་ཐོན་ལས་ཚུལ་སྒྱུར་རིམ་སྤར་གྱི་དགོས་མཁོ་དང་སྔར་ལས་མཐུན་པར་སྐུལ་འདེད་གཏོང་བ། ལས་ཞུགས་ཆ་འཕྲིན་ཐོན་ཁུངས་མཛོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རིག་ནུས་ཅན་གྱི་ལས་ཞུགས་ཞབས་ཞུའི་ལས་སྟེགས་བསྐྲུན་པ་དང་། ངལ་རྩོལ་ཁེ་དབང་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།