ཟླ3པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། འཆར་གཞིའི་སྙན་ཞུ་དང་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས། ཝུའུ་ཞའོ་ཅུན་དང་ཀྲང་ཅིན་ཀང་གིས་གཏམ་བཤད་པ་དང་། ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲ་ཞན་ཡིའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བློ་མཐུན་བཅས་ཚོགས་འདུར་ཞུགས་ཏེ། འཐུས་མིས་བསམ་འཆར་དང་གྲོས་གཞིར་ཉན།
འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། འཆར་གཞི་དང་སྔོན་རྩིས་སྙན་ཞུས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་རྩ་བའི་གཞི་འཛིན་སར་བརྩིས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། མིག་སྔའི་དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་ཇེ་ལེགས་སུ་གཏོང་བའི་དངོས་ཡོད་དགོས་མཁོར་རྐང་བཙུགས་པར་མ་ཟད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ཡུན་རིང་འཕེལ་རྒྱས་ལ་གཞིགས་ཏེ། ད་ལོའི་བྱ་བ་ལེགས་པོར་སྒྲུབ་ཆེད་ཞིབ་ཅིང་ཁུངས་འཕེར་བའི་ལས་གཞིའི་གསལ་ཁྲ་དང་རྒྱལ་ཁབ་ཀྱི་རྩིས་ཐོ་སྤྲད་ཡོད། སྙན་ཞུ་གཉིས་པོའི་འཐབ་ཇུས་ཀྱི་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་ཕྱིན་པ་དང་། ནང་མཁོ་སྐྱེད་པའི་མ་ལག་སྔར་ལས་འཐུས་ཚང་ཡིན་ལ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བསྐྱེད་པའི་ཁ་ཕྱོགས་གསལ་བོ་ཡིན་པར་མ་ཟད། བཅོས་སྒྱུར་སྒོ་འབྱེད་ཀྱི་འདེགས་སྐྱོར་རྐྱེན་སྲོལ་ནུས་ལྡན་ཡིན་ཞིང་། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་འདེད་བཏང་བ་དང་། བདེ་འཇགས་འཕེལ་རྒྱས་ཀྱི་ཚད་མཐའ་སྔར་ལས་བརྟན་སྲུང་བྱས་ཡོད་པའི་ཚོར་བ་ཟབ་མོ་མྱོང་ཐུབ་པས། ང་ཚོས་ད་ལོའི་དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པའི་ཡིད་ཆེས་དང་གདིང་ཤུགས་སྔར་ལས་ཇེ་བརྟན་དུ་བཏང་། མཚོ་སྔོན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་སློབ་སྦྱོང་ལག་བསྟར་བྱེད་པར་ཟུང་འབྲེལ་དང་། སྙན་ཞུ་གཉིས་པོའི་བྱ་བའི་བསམ་ཕྱོགས་དང་དམིགས་འབེན་བླང་བྱར་ནན་གྱིས་གོ་བ་ལེན་པ། འཐབ་ཇུས་ཁ་ཕྱོགས་དང་སྲིད་ཇུས་བྱེད་ཕྱོགས་དམ་འཛིན་ནན་མོ་བྱེད་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་བྱ་བའི་ལག་ལེན་ཁྲོད་དངོས་འབེབས་བྱས་ནས། ནུས་ལྡན་དགོས་མཁོ་རྒྱ་བསྐྱེད་པ་དང་གསར་གཏོད་སྒུལ་ཤུགས་འཕེལ་རྒྱས་གཏོང་བ། ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ། དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱེད་པ། བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན།
འཐུས་མི་ཀྲང་ཅིན་ཀང་གིས་བཤད་རྒྱུར། འཆར་གཞི་དང་སྔོན་རྩིས་ཀྱི་སྙན་ཞུ་གཉིས་པོ་དང་འཆར་ཟིན་གྱིས་ན་ནིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་དང་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་སྤྱི་བསྡོམས་བྱས་པ་དངོས་ཐོག་བདེན་འཚོལ་དང་ཡོངས་ཁྱབ་ཡང་དག་ཡིན་ལ། ད་ལོའི་བྱ་བར་བཀོད་སྒྲིག་བྱས་པ་དངོས་ཡོད་དང་མཐུན་ཞིང་ལག་བསྟར་བྱེད་ཐུབ་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་དང་སྦྲེལ་མཐུད་དམ་ཟབ་དང་གནད་འཁེལ་གཞོགས་འདེགས་བཅས་བྱས་ཡོད་པས་ཡོངས་སུ་འཐད་པ་ཡིན། སྙན་ཞུ་ལས་བཏོན་པའི་སྲིད་ཇུས་བྱེད་ཐབས་ཀྱིས་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བར་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས་ཡོད། ང་ཚོས་སྙན་ཞུ་གཉིས་པོ་དོན་འཁྱོལ་ལེགས་པོ་བྱེད་པ་དང་། རྒྱལ་ཁབ་པུའུ་ཨུད་ཀྱི་རེ་ཞུ་སྦྲེལ་མཐུད་ཇེ་དམ་དུ་གཏོང་བ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་དོན་ཐོག་ཏུ་འཁྱོལ་བ་དམ་འཛིན་ལེགས་པོ་བྱེད་པ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད་པ། རྣམ་པ་གསར་བའི་ནུས་ཁུངས་རྟེན་གཞི་མགྱོགས་པོར་འཛུགས་སྐྲུན་བྱེད་པ་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོར་རྩོམ་པ་དང་གོམ་སྟབས་བརྟན་པོ་སྤོ་བར་རྨང་གཞི་བརྟན་པོ་འདིང་དགོས།
ལིའུ་ཀའོ་ཆིང་དང་། ཏི་ཆིང་ཡུན། ཤ་བོ་སྒྲོལ་མ། མ་ཧྲི་ཀུང་། ཀའོ་ཅིན་ཕིན། རིན་ཆེན་བཀྲ་ཤིས་སོགས་འཐུས་མིས་གཏམ་བཤད།