སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་དུས་རབས་ཀྱི་ལེའུ་གསར་པ་རྩོམ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་མཁན་ཨུ་ཡོན་རྣམས་ཀྱིས་ཚེས5ཉིན་གྱི་ཕྱི་དྲོར། ཚན་ཆུང་བགར་ནས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞིའི་གནས་ཚུལ་སྙན་ཞུར་གྲོས་ཞིབ་བྱེད་སྐབས། མི་དམངས་སྲིད་གྲོས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ། སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། སེམས་ཤུགས་གཅིག་སྒྲིལ་དང་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱས་ཏེ་དུས་རབས་གསར་པའི་འཐབ་ལམ་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པར་འདོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་དམངས་གཙོ་རྒྱལ་འཛུགས་ལས་རིགས་ཀྱི་ཨུ་ཡོན་ཚན་ཆུང་གི་གྲོས་བསྡུར་ནང་ཞུགས་སྐབས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་དང་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་རྦད་དེ་མོས་མཐུན་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ། ང་ཚོས་བློ་བརྟན་འགྱུར་མེད་སྒོས“གཏན་འཁེལ་གཉིས”ལ་བརྩི་སྲུང་དང་། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ། ཧུར་ཐག་གིས་གྲོས་མོལ་སྲིད་གླེང་བཅས་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། དབྱང་ཧུང་མིང་གིས་བཤད་རྒྱུར། 

སྙན་ཞུ་ཧྲིལ་པོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱབ་ཡོད་ཅིང་། ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་། ཞིབ་ཕྲའི་གཞི་གྲངས་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་ཀྱིས་འདས་ཟིན་པའི་ལོ་གཅིག་ནང་ལྟེ་བར་དམ་པོར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པའི་གཡུར་ཟའི་གྲུབ་འབྲས་མངོན་པར་བྱས་ལ། 2026ལོའི་བྱ་བར་བཀོད་སྒྲིག་གསལ་པོ་བྱས། ངས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ལག་བསྟར་གྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ། རིགས་ཁོངས་ཀྱི་ཆེད་ལས་ལེགས་ཆ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་དངོས་ལ་བསྒྱུར་བར་འབད་པ་བྱ་རྒྱུ་ཡིན། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། སྤེན་པ་ལྷ་མོ་ཡིས་བཤད་རྒྱུར། 

འདས་པའི་ལོ་གཅིག་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ལ་ཕྱིར་མིག་བལྟས་ཚེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག གངས་ལྗོངས་མཐོ་སྒང་ལ་གནམ་ས་བླ་འོག་བསྒྱུར་བ་དང་། ཀུན་གྱིས་དོ་སྣང་བྱེད་པའི་འགྱུར་ལྡོག་བྱུང་སྟེ། གངས་ལྗོངས་མཐོ་སྒང་གི་མི་རིགས་སོ་སོའི་བུ་ཕྲུག་གིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སྐུལ་ལྕག་ཆེན་པོ་ཐེབས། ངས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། དམངས་འཚོ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་ཀྱི་ཐད་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱ་རྒྱུ་ཡིན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེན་ཡུའེ་ཡུའེ་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་ཚན་ཆུང་གྲོས་བསྡུར་ནང་ཞུགས་སྐབས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“ལོ་ལྔའི་འཆར་འགོད་བཅུ་བཞི་པ”བདེ་བླག་ངང་མཇུག་བསྒྲིལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ཏེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར། གོམ་པ་ཡག་པོ་སྤོས་བ་དང་། སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲའོ་ཞའོ་ཕིང་གིས་བཤད་རྒྱུར། སྲིད་གྲོས་བྱ་བའི་སྙན་ཞུས་གཞི་གྲངས་དངོས་ལ་བརྟེན་ནས་སྐད་ཆ་བཤད་ཡོད་པ་དང་། གྲུབ་འབྲས་ལ་བརྟེན་ནས་རྒྱུགས་ལན་སྤྲད་དེ། ལོ་གཅིག་རིང་རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱས་པའི་ཐད་ཀྱི་དགོངས་པ་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱས་ནས་ཐོབ་པའི་གྲུབ་འབྲས་གཡུར་དུ་ཟ་བ་གང་ལེགས་སྒོས་མངོན། དེ་ཡིས་གྲོས་མོལ་དམངས་གཙོ་ཡི་ཐུན་མོང་མ་ཡིན་པའི་དགེ་མཚན་མངོན་ཡོད་པ་མ་ཟད། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀུའོ་ཡོན་ཡོན་གྱིས་བཤད་རྒྱུར། ལོ་གཅིག་གི་རིང་། སྲིད་གྲོས་ཀྱི་བྱ་བ་སོ་སོའི་ཐད་བླངས་པའི་གྲུབ་འབྲས་ཀྱི་སྲོག་ཤིང་དང་རྩ་བ་ནི། སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པའི་རྒྱུན་བསྐྱངས་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་མཐའ་འཁྱོངས་དང་འབད་པ་ལྷོད་མེད་བྱས་པའི་བྱེ་བྲག་གི་མཚོན་ཚུལ་ཡིན། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ཚན་ཆུང་གི་གྲོས་བསྡུར་ནང་ཞུགས་སྐབས་སྲིད་གཞུང་བྱ་བའི་སྙན་ཞུ་དང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཡོངས་སུ་འཐད་པ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས་རང་འགན་གཙང་སྒྲུབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིའུ་ཝན་མིང་གིས་བཤད་རྒྱུར། སྙན་ཞུ་ལས2026ལོ་སྟེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡི་སྲིད་གྲོས་ཀྱི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།  ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་ཟབ་མོ་བླངས་ནས“སྲུང་སྐྱོང་གཉིས”དངོས་ཡོད་བྱ་བའི་ཁྲོད་དོན་འཁྱོལ་ཡོང་བར་བྱ་དགོས། ཨུ་ཡོན་གྱི་ཐོབ་ཐང་ལ་གཅེས་སྤྲས་དང་། འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ་དང་། དམངས་ཀྱི་དོན་དུ་རང་འགན་གཙང་སྒྲུབ་བཅས་བྱས་ཏེ། རིག་གནས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་ཆེད་སྟོབས་ཤུགས་འབུལ་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཏིང་ཙུའོ་ཧུང་གིས་བཤད་རྒྱུར། སྙན་ཞུ་ཧྲིལ་བོར་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་བའི་གཙོ་ཐིག་ལ་དམ་པོར་དམིགས་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་པར་མི་སེམས་གཅིག་སྒྲིལ་དང་། ངོས་འཛིན་གཅིག་སྒྲིལ། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱ་དགོས་པ་ནན་གྱིས་བསྟན། ངས་མུ་མཐུད་དུ་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར། ནུས་ལྡན་དགོས་མཁོ་ཆེ་རུ་བསྐྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱ་རྒྱུ་ཡིན། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།