རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་ཚེས་ལྔ་ཉིན་གྱི་ཕྱི་དྲོ་ནས་བཟུང་ཚན་ཆུང་བགོས་ཏེ《སྲིད་གཞུང་བྱ་བའི་སྙན་ཞུར》གྲོས་ཞིབ་བྱས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀའོ་ཞང་ཆིའུ་ཡིས་བཤད་རྒྱུར། སྙན་ཞུའི་ནང་གླེང་བའི་ཞིང་སྡེའི་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཟང་པོས་ང་ཚོར་སེམས་བདེ་བར་བྱས་ཡོད། ན་ནིང་ང་ཚོའི་མཉམ་ལས་ཁང་དུ་ཞིང་འཕྲུལ་གསར་པ་ཉོས་པ་མ་ཟད། ལྗང་མདོག་འདེབས་འཛུགས་ཀྱི་བྱེད་ཐབས་བཟང་པོ་ནང་འདྲེན་བྱས་པས། འདེབས་འཛུགས་ནས་བརྔ་བསྡུ་དང་ལས་སྣོན། བྲིན་ཚོང་བཅས་ཀྱི་བརྒྱུད་རིམ་དུ་ཞོར་ལས་ཁོ་ནར་བརྟེན་ནས་མི་སྟོང་ཕྲག་ལྷག་ལ་སྐུལ་ཁྲིད་བྱས། ད་ལོར། ང་ཚོས་རྒྱལ་ཁབ་ཐབས་ལམ་གྱི་རྗེས་ཆོད་དགོས། མཉམ་ལས་ཁང་སྔར་ལས་ཡག་པོ་གཉེར་ནས་ཚང་མར་ཡོང་སྒོ་འཕར་བར་བྱེད་དགོས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལུང་ཞན་ཝུན་གྱིས་བཤད་རྒྱུར། ངས་དོ་ཁུར་བྱེད་བཞིན་པ་ནི་སྙན་ཞུའི་ནང་བཏོན་པའི་ཞིང་ལས་རིག་གནས་ཡུལ་སྐོར་སོགས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཡིན། ན་ནིང་གི་ཟླ12པར་ཡུང་ཅི་མྱུར་བགྲོད་གཞུང་ལམ་གྱི་མཐུན་སྒྲིལ་སྦྲེལ་མཐུད་ཀྱི་ཤར་གཏོང་ལས་གཞི་ལེགས་འགྲུབ་བྱུང་རྗེས། ང་ཚོ་མིའོ་ཀྲའེ་སྡེ་བར་ཉིན་རེར་ཡུལ་སྐོར་བ་ཆིག་སྟོང་ལྷག་མང་དུ་ཕྱིན་ནས། ཞིང་སྡེའི་ཡུལ་སྐོར་ཉིའུ་ཅའོ་ཧྲན་སྡེ་བའི་གཙོ་རྟེན་ཐོན་ལས་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་སུ་གྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར། ཐོན་ལས་མུ་ཕྲེང་རྒྱུན་ཆད་མེད་པར་རྒྱུན་སྲིང་དང་ཟུར་སྣོན་རིན་ཐང་མང་དུ་བཏང་སྟེ། ཞིང་པ་མང་ཚོགས་སྔར་ལས་མང་བའི་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་ཡིན།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཧྥེང་ཏན་གྱིས་བཤད་རྒྱུར། འདས་ཟིན་པའི་ལོ་ལྔའི་རིང་གྲུབ་འབྲས་གལ་ཆེན་དེ་དག་བླངས་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་ཁ་ཕྱོགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་སྣེ་ཁྲིད་ལ་ཐུག་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ། གྲངས་རིག་ལག་རྩལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད། ང་ཚོས་འཛམ་གླིང་རིམ་པའི་གསོག་རྩིས་གཞི་གཅིག་ཅན་གྱི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བཞིན། རྒྱལ་ཁབ་ཀྱིས་མིས་ཐབས་རིག་ནུས་དུས་རབས་ལ་འཐབ་ཇུས་ཀྱི་རང་འགུལ་དབང་དབང་ཆ་ཁོང་དུ་ཆུད་པར་བྱས་རྗེས་གསར་བ་འཇོག་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་ཀོང་ཞིའི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྲིད་གཞུང་གི་བྱ་བའི་སྙན་ཞུར་ཡོངས་སུ་མོས་མཐུན་ཡོད་པ་དང་། ཕྱི་འབྲེལ་ཕྱི་དོན་འཐབ་ཕྱོགས་ཀྱིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། སྔར་ལས་ལྷག་པར་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྔར་ལས་ལྷག་པར་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་རྩོམ་པར་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་པར་འཐབ་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱ་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དབྱིན་ལི་པེ་ཅིང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྲིད་གཞུང་གི་བྱ་བའི་སྙན་ཞུ་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་འཆར་ཟིན་ལ་འཐད་པ་དང་། པེ་ཅིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། པེ་ཅིང་གི་གྲོང་གྲོང་འཐབ་ཇུས་ངེས་གནས་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་རྐང་ཚུགས་པ། སློབ་གསོའི་ཚན་རྩལ་འཇོན་མིའི་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་སྤྱི་འདོམས་བྱས་ཏེ། རྒྱལ་སའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུང་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་མཛད་པའི་ཁ་ཕྱོགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད། སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ཀྱི་རྩ་གནད་འཆར་ཟིན་ལ་ཡོངས་སུ་འཐད་པ་ཡིན། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། རྩ་འཛུགས་བྱ་བ་ཏན་ཏིག་གིས་ཡག་པོར་བསྒྲུབས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཞུའེ་ཁྲའོ་ཡིས་བཤད་རྒྱུར། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན་པས། སློབ་གསོ་འདྲ་མཉམ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ང་ཚོས2025ལོར་ཕྱིར་དྲན་བྱས་ན། སློབ་སྔོན་སློབ་གསོའི་ཁྱབ་གདལ་དང་ཀུན་ཕན་ནས་འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་བར། བྱིས་པ་ཚོའི་མཐོང་རྒྱ་སྔར་ལས་ཆེ་རུ་ཕྱིན་ཡོད་པ་མ་ཟད། དགེ་རྒན་བར་གྱི་བརྗེ་རེས་སྔར་ལས་ཇེ་མང་དུ་ཕྱིན་ཡོད། ད་དུང་ང་ཚོའི་ཐོན་ཁུངས་སྔར་ལས་ཕུན་སུམ་ཚོགས་པར་གྱུར་ནས། ཁྱིམ་གྱི་ཐག་ཉེ་ས་རུ་སློབ་གྲྭ་ལེགས་པོ་ཡོད་པ་མངོན་འགྱུར་བྱུང་།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྲང་ཧྲི་ལིས་ཀྱིས་བཤད་རྒྱུར། རིགས་སོ་སོའི་འཇོན་མི་འཚར་ལོངས་འབྱུང་བར་སྐུལ་འདེད་བཏང་པས།འདིས་ང་ཚོའི་ལས་ཡུལ་དང་པོའི་བཟོ་པར་མདུན་ལམ་བསྐྲུན་ཡོད། ང་ཚོས་གསར་གཏོད་ལས་སྒྲུབ་ཁང་ལས་ཡུལ་དང་པོ་རུ་བསྐྲུན་ནས། ལག་རྩལ་འགག་སྒྲོལ་བྱེད་པར་སྐུལ་ལྕག་གནང་སྟེ། “བྱེད་ཐབས་ལེགས་པོ”དེ “གནད་དོན་ཐག་གཅོད་བྱེད་པའི”ཐབས་ལམ་དུ་བསྒྱུར་བ་དང་། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་བཏང་སྟེ། རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་དང་། རྡོ་སོལ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ང་ཚོའི་བཟོ་པའི་སྟོབས་ཤུགས་འབུལ་དགོས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཡན་ཡུང་ཀྲི་ཡིས་བཤད་རྒྱུར། སྙན་ཞུའི་ནང་གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས། ཞིང་པའི་ཡོང་འབབ་འཕར་བ་བཅས་ཀྱི་སྐོར་གླེང་ཡོད་པ་དང་། ཚིག་རེ་རེ་ནང་ཏང་ཀྲུང་དབྱང་གིས་གཞི་རིམ་མང་ཚོགས་ལ་ཐུགས་ཁུར་གནང་ཀྱིན་ཡོད་པ་འདུས་ཡོད། ངས་བློ་བརྟན་འགྱུར་མེད་ཀྱིས་ལག་རྩལ་ནང་འདྲེན་དང་འཇོན་མི་གསོ་སྐྱོང་བྱས་ཏེ། ང་ཚོའི་ཐོན་ལས་ཇེ་ལེགས་དང་ཞིང་སྡེའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་བཏང་སྟེ། མང་ཚོགས་སྔར་ལས་མང་པོར་ཁེ་ཕན་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན་པ་མ་ཟད། གྲོང་གསེབ་དར་སྤེལ་གཏོང་བའི་བགྲོད་ལམ་སྟེང་སྔར་ལས་བརྟན་པོའི་ངང་བསྐྱོད་རྒྱུ་ཡིན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཧོ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སྲིད་གཞུང་བྱ་བའི་སྙན་ཞུ་དང་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་འཆར་ཟིན་ལ་བསྟོད་བསྔགས་བྱེད་ཀྱིན་ཡོད་པ་བསྟན། འདས་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རང་རྒྱལ་གྱིས་ཀུན་གྱིས་དོ་སྣང་བྱེད་པ་དང་མི་དམངས་ཀྱིས་ཡིད་ཚིམས་པའི་གྲུབ་འབྲས་རླབས་ཆེན་བླངས་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཧྲའན་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བཤད་རྒྱུར། འདས་ཟིན་པའི་ལོ་གཅིག་ནང་ཐོབ་པའི་གྲུབ་འབྲས་ནི་ལས་སླ་མོ་ཞིག་མིན་པ་དང་། ལག་ལེན་ལས “གཏན་ཕབ་གཉིས་”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པ་ནི་བྱ་བ་ཐམས་ཅད་ལེགས་པར་སྒྲུབ་པའི་ཡིད་ཆེས་དང་གདིང་ཤུགས་ཡིན་པ་ཁྱབ་བསྒྲགས་བྱས། འཐབ་ཕྱོགས་གཅིག་གྱུར་མ་ལག་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཆབ་སྲིད་བླང་བྱ་དང་ཆབ་སྲིད་ཀྱི་ནུས་པ་དམ་འཛིན་བྱས་ཏེ། སྤྱི་ཡོངས་ཀྱི་གནས་ཚུལ་འོག་ཐུན་མོང་སྒོས་མཐུན་སྒྲིལ་འབད་འཐབ་ཀྱིས་ཡང་དག་པའི་སྲིད་འབྲས་ལྟ་བར་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་འགན་ལེན་བྱ་དགོས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཧ་ནེང་པིས·ཨ་དབྱི་སཱ་ཡིས་བཤད་རྒྱུར། ལོ་ལྔའི་རིང་། ང་ཚོའི་སྡེ་བའི་སྔོན་ཆེད་ཀྱི་ལམ་དེ་ཁོད་སྙོམས་པའི་ཨར་འདམ་གྱི་ལམ་དུ་གྱུར་ཡོད་པ་དང་། ཞིང་སྡེའི་སྐུར་སྐྱེལ་ཟོང་འགྲུལ་མ་ལག་ཀྱང་སྔར་ལས་འཐུས་ཚང་དུ་བཏང་ཡོད། སྔོན་ཆད་འགྲིམ་འགྲུལ་སྟབས་བདེ་མིན་པས་སིལ་ཏོག་ཕྱི་རུ་སྐྱེལ་འདྲེན་བྱེད་མི་ཐུབ་པ་དང་། ད་ལྟ། འཁྱག་ཕྲེང་ཟོང་འགྲུལ་ལ་བརྟེན་ནས་ཉིན་དེར་པེ་ཅིང་ནས་ཀོང་ཀྲོའུ་བར་སྐྱེལ་འདྲེན་བྱེད་ཐུབ་པས། ཁྱད་ཐོན་དངོས་རྫས་ཆུང་གྲས་ཐོན་ལས་ཆེན་པོ་བསྒྱུར། ང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཡིན། ང་ཚོར་ཡང་རྒྱལ་ཡོངས་དང་མཉམ་དུ་“ལོ་ལྔའི་འཆར་འགོར་བཅོ་ལྔ་པ”འགོ་ལེགས་པོ་ཞིག་རྩོམ་ཐུབ་པར་སྔར་ལས་ཡིད་ཆེས་ཡོད།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཞུས་ཞའོ་ཞཱ་ཡིས་བཤད་རྒྱུར། སྙན་ཞུ་ལས་ཁྱོན་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་ཇེ་མགྱོགས་སུ་གཏོང་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། ཀོང་ཏུང་ལ་ཀོང་ཏུང་དང་ཞང་ཀང་། ཨོ་མོན་མཚོ་ཁུག་ཆེན་མོ་དང་མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་དགེ་མཚན་ལྡན་པ་དང་། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དེ་འགུལ་སྐྱོད་ཀྱི་རང་རྟོགས་སུ་བསྒྱུར་ཏེ། “རི་བོ་གཉིས་”དངོས་སྒྱུར་གྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། ལྗང་མདོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་གཞི་གདངས་སུ་འགྱུར་བར་བྱེད་དགོས། འགུལ་སྐྱོད་དངོས་ལ་བརྟེན་ནས་“གཏན་ཕབ་གཉིས་”མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་དགོས།