བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པས་ཚོགས་ཆུང་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པས་ཚེས5ཉིན་གྱི་ཕྱི་དྲོར་ཚོགས་ཆུང་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའམ། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲེང་རྨིན་ཚོགས་ཆུང་གི་གྲོས་ཞིབ་ལ་ཞུགས། འཐུས་མི་རྣམས་ཀྱིས་ཐེངས་འདིའི་གྲོས་ཚོགས་ནི"ལོ་ལྔའི་འཆར་འགོད་བཅོ་ལྔ་པ"མགོ་ཚུགས་པའི་སྐབས་སུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། ད་ལོ་དང་ཐ་ན་མ་འོངས་པའི་ལོ་ལྔའི་ལས་དོན་ལེགས་པར་བསྒྲུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་སྟོབས་ཤུགས་གསོག་འཇོག་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ངོས་འཛིན་བྱེད་བཞིན་ཡོད། ཚོགས་འདུའི་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་གྲོས་ཞིབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་འགོད་ཇུས་འདོན་ལ་སྐུལ་འདེད་གཏོང་བར་དམིགས་པ་བཅས་ནི། དར་ཆ་མཐོ་སྒྲེང་དང་། སྟོབས་ལྡན་གྱི་ཕྱོགས་སུ་གསར་གཏོད་བྱེད་པ། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད།

ཀྲང་ཧྲེང་རྨིན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང"ལོ་ལྔའི་འཆར་འགོད་བཅུ་བཞི་པ"ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གོམ་སྟབས་བརྟན་པོ་གསར་པ་སྤོས་ཡོད་ལ།"གཏན་འཁེལ་གཉིས"ནི་དུས་རབས་གསར་པའི་ཆབ་སྲིད་ཀྱི་གྲུབ་འབྲས་ཆེས་གལ་ཆེན་དང་། ལོ་རྒྱུས་ཀྱི་ཉམས་མྱོང་ཆེས་རྩ་ཆེན་དང་། ཕྱི་རོལ་ཡུལ་དང་མཐུན་པའི་ལག་ལེན་ཀྱི་བསྡོམས་ཚིག་བཅས་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། ད་ལོ་ནི་དམག་དཔུང་བཙུགས་པའི་ལོ་བརྒྱ་ཕྲག་གི་འབད་འཐབ་དམིགས་འབེན་གྱི་འགག་སྒྲོལ་ལས་དོན་ལེགས་པར་སྒྲུབ་པའི་གནད་འགག་གི་ལོ་ཡིན་པས། དམག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བསམ་བློ་ལག་བསྟར་གཏིང་ཟབ་བྱེད་པ། དམག་ཨུའི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། ཆབ་སྲིད་སྦྱོང་སྒྲིག་ཟབ་སྤེལ་དང་། སྤྱོད་བཟང་རུལ་རྒོལ་བྱེད་པ། སྲོག་ཤིང་ལ་ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་བྱེད་པ་དང་། ཀྲུའུ་ཞི་ཞིན་ཕིང་གི་བཀོད་འདོམས་ལ་བློ་ཐག་རྦད་ཆོད་ཀྱིས་ཉན་པའི་ཆབ་སྲིད་དམག་སྦྱོང་དང་དམག་གྲབས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། དམག་འཐབ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་དང་སྟབས་བསྟུན་གྱི་སྒོ་ནས་དམག་དོན་འཐབ་རྩོད་སྤེལ་བ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། ཁེ་ཕན་འཕེལ་རྒྱས་བཅས་སྟོབས་ཤུགས་གཅིག་བསྡུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མ་ལག་གི་དམག་འཐབ་བྱེད་ནུས་གཅིག་བསྡུས་ཇེ་མགྱོགས་སུ་གཏོང་བ། ཁོངས་གསར་སྤུས་གསར་གྱི་དམག་འཐབ་སྟོབས་ཤུགས་འཛུགས་སྐྱོང་གི་བཀོལ་སྤྱོད་བེད་སྤྱོད་ལ་ཤུགས་སྣོན་པ། དམག་དོན་བཅོས་སྐྱོང་གི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཧུར་ཐག་གིས"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་མགོ་ཡག་པོ་བརྩོན་པ་མངོན་འགྱུར་བྱེད་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།