ཞི་ཅིན་ཕིང་གིས་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་བྱ་བར་མཛུབ་སྟོན་གལ་ཆེན་གནང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ40རིང་། རྨང་གཞི་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ་དང་གསར་གཏོད་འཇོན་མི་གསོ་སྐྱོང་སོགས་ཀྱི་ཐད་ནས་དགེ་མཚན་ལྡན་པའི་ནུས་པ་ཐོན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཐབ་ལམ་གསར་བའི་སྟེང་། ཁྱེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་དང་། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་གོ་སྐབས་དམ་འཛིན་དང་། “ཁ་ཕྱོགས་པ་བཞི”ཡི་འཐབ་ཇུས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྨང་གཞིའི་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། མ་ལག་ཅན་བཅས་ཀྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཚན་རིག་ཐེབས་རྩའི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས་པའི་ཐུགས་རེ་བཏོན།

སྔར་ལས་ལྷག་པར་རོགས་དངུལ་སྤྲོད་པའི་མ་ལག་འཐུས་སྒོ་ཇེ་ཚང་དང་། རོགས་དངུལ་སྤྲོད་པའི་ཕན་ནུས་ཆེ་རུ་བཏང་སྟེ། ཚན་རིག་ཞིབ་འཇུག་གི་གནས་སྟངས་ཡག་པོ་བསྐྲུན་པར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་མཉམ་ལས་ཀྱི་བར་སྟོང་རྒྱ་སྐྱེད་དང་། རྒྱ་ཆེའི་ཚན་ཞིབ་མི་སྣས་ཚན་རིག་གི་ཡང་རྩེར་འཛེགས་ཕོད་པ་དང་། གདོད་མའི་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་པོ་འདོན་པར་རྒྱབ་སྐྱོར་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང1986ལོའི་ཟླ2པར་བཙུགས་པ་དང་།  ལོ40རིང་གི་འཕེལ་རྒྱས་བརྒྱུད། རྒྱལ་ཁབ་ཀྱིས་རྒྱ་ཆེའི་ཚན་ཞིབ་མི་སྣར་རྨང་གཞིའི་ཞིབ་འཇུག་སྤེལ་བར་རོགས་དངུལ་སྤྲོད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།