ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས། ལའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ2པའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་མཚད་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཏེ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། རྩིས་བཤེར་དང་སྲིད་གཞུང་གི་འགན་ནུས་ཚུལ་སྒྱུར་བྱེད་པ། ཨང་ཀིའི་སྲིད་གཞུང་འཛུགས་སྐྲུན་བྱེད་པ། འཐུས་མིའི་ཨུ་ཡོན་གྱི་བསམ་ཚུལ་གྲོས་གཞི་སྒྲུབ་པ། ནུས་ལྡན་གྱིས་དངུལ་གཏོང་སོགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩིས་བཤེར་བྱ་བའི་མཆད་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ནན་གྱིས་བསྟན་དོན། སྔར་ལས་མཐོ་བའི་ལངས་གནས་ཀྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐག་གཅོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འཕེལ་རྒྱས་སྤྱི་ཡོངས་ཀྱི་སྲིད་ཇུས་གལ་ཆེན་དང་གནད་དོན་གལ་ཆེན། བྱ་བ་གལ་ཆེན་བཅས་ལ་དམ་པོར་དམིགས་ནས། རྒྱལ་དབང་རྒྱུ་ནོར་གྱི་དོ་དམ་དང་ལས་གཞིའི་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོ་འགན་སྲུང་སོགས་དམ་འཛིན་བྱེད་པ་དང་། འགོ་བ་དང་པོ་དང་གཙོ་གནད་སྡེ་ཁག  གནད་འགག་གི་ལས་གནས་བཅས་ཀྱི་དབང་ཆ་བཀོད་སྤྱོད་ལ་ལྟ་སྐུལ་དོ་དམ་དང་ཚོད་འཛིན་བྱེད་པ། ཞིབ་འཇུག་རྣམ་པའི་རྩིས་བཤེར་གཏིང་ཟབ་དང་དོན་དངོས་ལྟར་སྒྲུབ་ནས། ནུས་ཤུགས་ཡོད་རྒུས་རྩིས་བཤེར་ལྡོག་ལན་གྱི་གནད་དོན་ལེགས་བཅོས་བྱེད་པ་དང་། ནན་ཏན་དང་དྲང་བོ་དྲང་བཞག་གིས་རྩིས་བཤེར་གྱི་ལེའུ་རྗེས་མ་འབད་པས་བྲིས་ཏེ། སྤུད་ཚད་མཐོ་བའི་རྩིས་བཤེར་གྱིས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྟ་སྐུལ་དང་སྲུང་སྐྱེལ་བྱེད་དགོས།

གྲོས་ཚོགས་ལས་ཉེ་ལམ་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ནན་གྱིས་བསྟན་དོན། འཛད་སྤྱོད་ལ་སྐུལ་བའི་ཆེད་དོན་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ནས། ཞབས་ཞུའི་འཛད་སྤྱོད་ཀྱི་སྤུད་ཚད་རྒྱ་བསྐྱེད་ལ་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་ལ་སྐུལ་བའི་ཡུན་རིང་རྐྱེན་སྲོལ་འཐུས་ཚང་གཏོང་བ། རྒྱུན་ཆད་མེད་པར་སྤུད་ཚད་མཐོ་བའི་སྒོ་ནས་ནུས་ལྡན་གྱི་དགོས་མཁོ་འདོན་སྤྲོད་བྱེད་དགོས། དུས་འགྱངས་བྱས་པའི་ཁེ་ལས་ཀྱི་རྩིས་ཐོ་དང་ཞིང་བ་མང་ཚོགས་ཀྱི་གླ་ཕོགས་གཙང་སེལ་བྱེད་པ་དམ་འཛིན་བྱས་ཏེ། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་དང་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་བ་གཏན་འབེབས་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སྲིད་ཇུས་ཀྱི་བྱེད་ཐབས་གསར་གཏོད་དང་འཐུས་ཚང་དུ་གཏོང་བ་དང་། རིགས་སོ་སོའི་མ་དངུལ་དང་རྣམ་པ་གསར་བའི་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་འདང་ངེས་ཀྱིས་བེད་སྤྱོད་བྱེད་པ། གཏིང་ཟབ་ངང་ལས་གཞི་གལ་ཆེན་དང་། འཛུགས་སྐྲུན་གལ་ཆེན་ལ་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་དགོས། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ནུས་པ་མཐོན་པོས་དོན་དག་གཅིག་སྒྲུབ་པའི་བཅོས་སྒྱུར་གཏིང་ཟབ་ལ་བརྟེན་པ་སྣེ་ཁྲིད་དུ་བྱས་ཏེ། རིག་ལྡན་ནུས་མཐོའི་གཞི་གྲངས་སྲིད་གཞུང་མྱུར་དུ་འཛུགས་སྐྲུན་དང་། སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་བཅོས་སྒྱུར་ལ་མུ་མཐུད་སྐུལ་འདེད་གཏོང་བ། སྲིད་གཞུང་གི་འགན་ནུས་ཚུལ་སྒྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྲིད་དོན་ཞབས་ཞུའི་སྤུས་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། ཁེ་ལས་དང་དམངས་ལ་ཕན་པའི་སྲིད་ཇུས་མྱུར་དུ་ལོངས་སྤྱོད་ཐུབ་པར་སྐུལ་འདེད་བཏང་ནས། ནུས་ཚད་ཆེས་ཆེ་བའི་སྒོ་ནས་ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། 2026ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་སྐབས་ཀྱི་འཐུས་མི་ཨུ་ཡོན་གྱིས་སྲིད་གཞུང་བྱ་བར་བཏོན་པའི་བསམ་ཚུལ་དང་གྲོས་གཞི་སྒྲུབ་པའི་བྱ་བ་ཏན་ཏིག་སྒོས་ཡག་པོར་སྒྲུབ་སྟེ། གྲོས་འདོན་གྲོས་གཞི་སྒྲུབ་པའི་བྱ་བར་སྦྲེལ་མཐུད་བྱེད་དགོས་ཤིང་། སེམས་ཤུགས་གཉིས་བཀོལ་གྱིས་མང་ཚོགས་ཀྱི་རེ་ལྟོས་སྲིད་གཞུང་གི་དམིགས་འབེན་དུ་འགྱུར་བར་བྱས་ནས། སྲིད་གཞུང་གི་ལས་དོན་ཁག་སོ་སོ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་དངུལ་གཏོང་རྣམ་གྲངས་རིམ་དབྱེ་དང་རིགས་དབྱེ་བཀོད་གཏོང་རྐྱེན་སྲོལ་ལ》 གྲོས་ཞིབ་བྱས་ནས་རྩ་དོན་སྟེང་གྲོས་འཆམ་བྱུང་། གཙོ་གནད་ལས་གཞི་དང་འགག་རྩའི་རིམ་པར་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་དངུལ་གཏོང་ལས་གཞི་རིམ་པ་དབྱེ་བ་དང་རིགས་དབྱེ་བཀོད་གཏོང་གཅིག་གྱུར་འཆར་འགོད་བྱས་ཏེ། དུས་ཚིགས་དང་པོར་གྲུབ་འབྲས་ཆེན་པོ་ལེན་པ་དང་ལོ་ཧྲིལ་བོ་བརྟན་པོ་ཡོང་བར་རྨང་གཞི་བརྟན་པོ་འཛུགས་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལུགས་རྙིང་ལོ་གསར་སྐབས་ཀྱི་བྱ་བ་སྣ་ཚོགས་ཞིབ་ཚགས་ཀྱིས་ལེགས་པར་བསྒྲུབ་དགོས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་སེམས་ཁུར་བྱེད་པ།  ཁྲོམ་རའི་མཁོ་སྤྲོད་བརྟན་བརླིང་དང་གོ་རིམ་ལྡན་པའི་འགན་སྲུང་བྱེད་པ། མང་ཚོགས་བདེ་འཇགས་དང་སྟབས་བདེ་ངང་ཕར་འགྲོ་ཚུར་འོང་བྱེད་པར་སྲུང་སྐྱོང་བྱེད་པ།     བདེ་འཇགས་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བཅས་བྱས་ཏེ། ལས་རེས་དང་འཕྲལ་བསྟུན་ཐག་གཅོད་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་གྱི་ཁྱོན་ཡོངས་བརྟན་བརླིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་དགའ་སྤྲོའི་ངང་ལོ་གསར་སྐྱིད་པོ་རོལ་བར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།  

གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།