ཟླ2པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ་དང་། ཕྱོགས་ཡོངས་ནས2025ལོའི་བྱ་བར་སྤྱི་བསྡོམས་དང་། 2026ལོའི་གཙོ་གནད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་བསྟན་དོན། 2025ལོར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་ཞབས་ཞུ་དང་འབྲེལ་གཏུག་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི“བྱ་སྤྱོད་ལྔ”དང“དོན་དངོས་དྲུག”གི་བཀོད་སྒྲིག་གཏིང་ཟབ་ཏུ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྱོང་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་རྐང་བཙུགས་ནས། ཐོག་མཐའ་བར་གསུམ་དུ་བཀའ་དྲིན་ཤེས་པ་དང་། བརྩེ་སེམས་ལྡན་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་བྱས་ཏེ། གཙོ་གནད་བྱ་བ་སྣ་བདུན་དམ་འཛིན་ལེགས་པོ་བྱས་ནས། བསམ་བློའི་སྣེ་ཁྲིད་དང་ཞབས་ཞུའི་འཕེལ་རྒྱས། ཁྱིམ་ཚང་འཛུགས་སྐྱོང་སོགས་ཀྱི་བྱ་བར་གྲུབ་འབྲས་གསར་པ་ཐོབ་པ་དང་བྱེད་སྟངས་གསར་པ་མངོན་ཡོད། བྱ་བ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་། ནུས་ཤུགས་ཡོད་རྒུས་ཐོལ་བརྒལ་གསར་བ་བསྐྲུན་ཡོད།
གྲོས་ཚོགས་ལས2026ལོར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་སྐོར་དང་། ཁྱིམ་ཚང་དང་ཁྱིམ་སྲོལ་སློབ་གསོ་འཛུགས་སྐྱོང་ལ་མཐོང་ཆེན་བྱ་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། འཛམ་གླིང་བུད་མེད་རྩེ་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་དམ་འཛིན་བྱས་ཏེ། བུད་མེད་ཀྱིས “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”བྱས་རྗེས་འཇོག་པ་གཙོ་ཐིག་ཏུ་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་བློ་སྒྲིལ་སེམས་སྐྱེད་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། ཚོགས་རིགས་དབྱེ་བ་དང་དམིགས་ཡུལ་ཅན། གནད་འཁེལ་ཅན་གྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། བུད་མེད་ཀྱིས་བྱས་རྗེས་འཇོག་པའི་མུ་འབྲེལ་བྱ་སྤྱོད་གཏིང་ཟབ་དང་དོན་འཁྱོལ་བྱས་ཏེ། “མིའི་ཆེད་དུ་མ་དངུལ་གཏོང་བའི”འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ཁྱིམ་ཚང་ཚང་མའི་བདེ་སྐྱིད་དང་བདེ་ཐང་ལ་སྐུལ་འདེད་གཏོང་བ་དང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་གི་ནུས་པ་སྣ་ཚོགས་མཐོ་རུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས“གཏན་ཕབ་གཉིས་ལ”གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་བསྒྲུབ་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་མཚོ་སྔོན་གྱི་ལེའུ་འབད་བརྩོན་ཆེན་པོས་འབྲི་ཆེད་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།