ཟླ2པའི་ཚེས12ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལུགས་རྙིང་ལོ་གསར་གྱི་ལྷན་འཛོམས་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་དང་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མི་མཉམ་དུ་འཛོམས་ནས་ལོ་གསར་དགའ་བས་བསུས་པ་དང་མ་འོངས་པར་མཉམ་དུ་གྲོས་མོལ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས། མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།
མཐོན་པོར་བཀལ་བའི་ལྒང་ཞུ་དང་། ལོ་གསར་གྱི་སྤྲོ་སྐྱིད་ཀྱིས་བརྟས་པའི་ཚོགས་འདུའི་ཡུལ་དངོས་སུ་འཆམ་མཐུན་མཛེས་སྡུག་གི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཚང་མར་བྱམས་བརྩེའི་ངང་ལག་འཇུ་བྱས་ནས་ཕན་ཚུན་འཚམས་འདྲི་བྱས་པ་མ་ཟད་དུས་ཆེན་ལ་རྟེན་འབྲེལ་ཞུས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་དུས་ཆེན་གྱི་སྨོན་འདུན་ཞུས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། 2025ལོ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཛ་དྲག་གི་གནས་བབ་ཁྲོད་འབད་བརྩོན་གྱིས་མདུན་སྐྱོད་བྱེད་པ་དང་། མཁྲེགས་གཏོར་དཀའ་སེལ་ཁྲོད་འོད་སྟོང་ལྡན་པའི་བྱས་རྗེས་བསྐྲུན་པ། ཧུར་ཐག་གིས“གནས་འདིའི་ཡུལ་ལྗོངས་ཧ་ཅང་མཛེས་སྡུག་ལྡན་པའི”ལེའུ་གསར་རྐྱང་མུ་མཐུད་དུ་བྲིས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་བློ་བརྟན་གྱིས་མདུན་སྐྱོད་དང་བཀག་འགོག་མི་ཐེབས་པའི་འབད་བརྩོན་གྱི་རོལ་དབྱངས་དཀྲོལ་ཡོད།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། 2025ལོའི་མཚོ་སྔོན་སྔར་བཞིན་ཕུན་སུམ་ཚོགས་ཤིང་ངོ་མཚར་ཆེ་བ་ཞིག་རེད། ང་ཚོས“བཀའ་དྲིན་ཤེས་པ་དང་། བརྩེ་སེམས་ཡོད་པ། དངོས་སྒྲུབ་ལ་མཐོང་ཆེན”བཅས་ཀྱི་འབད་བརྩོན་ཐོག་ནས་རྒྱུགས་ལན་བཟང་བོ་སྤྲད་ཡོད་པ་དང་། དངོས་སྒྲུབ་ལ་བརྟེན་ནས་འགན་འཁྲི་ལག་ལེན་བསྟར་བ་དང་། དངོས་སྒྲུབ་ལ་བརྟེན་ནས་འགན་འཁྲིར་འགྲེལ་བཤད་བྱེད་པ། དངོས་སྒྲུབ་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་བྱེད་པ། དངོས་སྒྲུབ་ལ་བརྟེན་ནས་ལྷག་བསམ་ལྡན་པར་བྱས་ཏེ། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་གཙང་པོའི་འབྱུང་ཁུངས་ཀྱི་ས་གཞི་ཆེན་པོའི་ཆེས་བརྟན་པའི་དམ་བཅའ་ཞིག་ཏུ་གྱུར་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་གཙང་པོའི་འགོ་ཁུངས་ཀྱི་ས་གཞི་ཆེན་པོའི་དབྱར་མཚོ་རྒྱས་པའི་འཕར་རྩ་ལྟ་བུ་ཞིག་ཏུ་གྱུར་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་བྱེད་པ་དེ་གཙང་པོའི་འགོ་ཁུངས་ཀྱི་ས་གཞི་ཆེན་པོའི་ཆེས་དྲོད་སྐྱིད་ཀྱི་རི་མོ་ཞིག་ཏུ་གྱུར་ཡོད་ལ། སྤྱོད་ཚུལ་བཟང་པོ་ནི་གཙང་པོའི་འགོ་ཁུངས་ཀྱི་ས་གཞི་ཆེན་པོའི་ཆེས་གཟི་བརྗིད་ལྡན་པའི་རྣམ་པ་ཞིག་ཏུ་གྱུར་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་སོ་སོའི་ལས་འགན་ཕུན་སུམ་ཚོགས་པའི་ལེགས་གྲུབ་བྱུང་བ་དང་རྒྱལ་ཁ་ཐོབ་པའི་ངང་མཇུག་སྒྲིལ་བས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་གོམ་སྟབས་བརྟན་པོ་སྤོ་རྒྱུར་སྐུལ་འདེད་བཏང་ཡོད།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་པས། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པར་འགྲེང་སྟེ་ང་ཚོས་བློ་བརྟན་འགྱུར་མེད་དང་ནུས་ལྡན་གྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་དོན་འཁྱོལ་སྔར་ལས་ལེགས་པོ་བྱ་དགོས། བསམ་བློའི་ཁ་ཕྱོགས་བརྟན་པོ་ཡོང་བ་དང་། ལྗང་མདོག་གི་རྨང་གཞི་ཟབ་མོ་འཛུགས་པ། འཕེལ་རྒྱས་ཀྱི་གནད་འགག་ལ་དམ་པོར་དམིགས་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་རྨང་གཞི་བརྩི་སྲུང་བྱེད་པ། དངོས་སྒྲུབ་ཀྱི་བྱ་སྤྱོད་ལ་སྦྱོང་བརྡར་བཅས་བྱས་ནས། འགོ་རྩོམ་པའི་ལོར་བྱས་རྗེས་གསར་པ་དང་བྱ་སྤྱོད་གསར་པ་མངོན་པ་དང་། རྣམ་པ་གསར་པ་གཏོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཁྲོད་དུས་རབས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་ཧུར་བརྩོན་གྱིས་འབྲི་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པའི་ཡན་ཆད་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་བཅས་ཚོགས་འདུར་ཞུགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་སྤྱི་དང་མང་ཚོགས་ཚོགས་སྤྱི་སོ་སོ། མཐོ་རིམ་སློབ་གྲྭ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱི་དོ་དམ་ལས་ཁུངས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས། དམངས་གཙོ་ཏང་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། དེ་མིན་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་མི་རིགས་ཆོས་ལུགས་ཁག་གི་མི་སྣ། དམངས་གཉེར་ཁེ་ལས་པ། ངལ་རྩོལ་དཔེ་ལེགས་ཅན། ཀུན་སྤྱོད་ཀྱི་དཔེ་བཟང་དང་ཀྲུང་གོའི་མི་བཟང་གི་འཐུས་མི་བཅས་ཚོགས་འདུར་ཞུགས། རིག་རྩལ་ལས་དོན་པ་རྣམས་ཀྱིས་ལོ་གསར་གྱི་ལྷན་འཛོམས་གྲོས་ཚོགས་སྟེང་ངོ་མཚར་བའི་ལེ་ཚན་འཁྲབ་སྟོན་བྱས།