ལོ་སར་འགྲུལ་སྐྱེལ་གྱི་འགྲུལ་རྒྱུན་བསྟུད་མར་འཕར་བ་དང་། གཙོ་གནད་ས་ཁོངས་སུ་མཚན་མོའི་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་། 

ཡོང་ཁུངས། གངས་ལྗོངས་མེ་ལོང་།

གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ཚེས9ཉིན། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣའི་འགྲོ་སྐྱོད་ཚད་སྔོན་རྩིས་བྱས་ན་མི་ཐེངས་དུང་ཕྱུར་གཉིས་བྱེ་བ་གསུམ་ལས་བརྒལ་ནས།  ཟླ་སྔོན་མ་ལས3.4%འཕར།

ཚེས་དགུ་ཉིན།  རྒྱལ་ཡོངས་ཀྱི་གཞུང་ལམ་མི་སྣའི་འགྲོ་སྐྱོད་ཚད་སྔོན་རྩིས་བྱས་ན་མི་ཐེངས་དུང་ཕྱུར་གཉིས་བྱེ་བ་གཅིག་ས་ཡ་བརྒྱད་ཡིན་པ་དང་། ཕྱོགས་བསྡུས་ལོ་སར་འགྲུལ་སྐྱེལ་བྱ་བའི་ཆེད་སྒྲུབ་ཚན་ཆུང་གིས། ཚེས་དགུ་ཉིན་གྱི་དགོང་མོར། ཀུའེ་ཀྲོའུ་དང་ཧུའུ་ནན། ཧུའུ་པེ་སོགས་ཀྱི་ས་ཆའི་མཚོ་འཕགས་མཐོ་བའི་རི་ཁུལ་དུ་འཁྱགས་ཆར་ཡོད་པས། ཁ་ལོ་བས་དུས་ཐོག་ཏུ་གཞུང་ལམ་གྱི་གནས་ཚུལ་ལ་དོ་ཁུར་བྱས་ནས། ཁངས་བསགས་པ་དང་དར་ཆགས་པའི་ལམ་མཚམས་ལ་གཡོལ་གང་ཐུབ་བྱ་དགོས་པའི་དྲན་སྐུལ་བྱས།

ཚེས་དགུ་ཉིན་གྱི་སྔ་དྲོའི་གནམ་གཤིས་ཤུགས་རྐྱེན་འོག  ཆུང་ཀྲོའུ་མཚོ་འགག་གི་འགྲུལ་སྐྱེལ་གྲུ་གཟིངས་གྲུ་ཁའི་ལས་ཆོད་ལ་ཚོད་འཛིན་ཐེབས་པས། འགྲུལ་སྐྱེལ་གྲུ་གཟིངས་ཁག་ཅིག་སྐྱེལ་འདྲེན་བྱེད་མཚམས་བཞག་པ་དང་།  ད་ལྟ་རྒྱུན་ལྡན་ཤར་གཏོང་སླར་གསོ་བྱས་ཡོད།  དུས་ཚོད་འགོར་འགྱངས་བྱས་པའི་རྐྱེན་གྱིས་ཕྱི་འགྱངས་བྱས་པའི་གྲུ་གཟིངས་ཀྱི་པ་སེ་རྗེས་ནས་བཀོལ་སྤྱོད་བྱས་ཆོག

ཚེས་དགུ་ཉིན། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་བྱེ་བ་གཅིག་ས་ཡ་བཞི་ཉིས་འབུམ་ལྔ་ཁྲི་སྐྱེལ། ཚེས་བརྒྱད་ཉིན་གྱི་དགོང་མོ་ནས་བཟུང་། པེ་ཅིང་ནས་ཀོང་ཏུང་། པེ་ཅིང་ནས་ཧྲང་ཧའེ། པེ་ཅིང་ནས་ཧ་འར་པིན་སོགས་ཀྱི་བགྲོད་ལམ་གཙོ་བོར་མཚན་མོའི་མྱུར་བགྲོད་མེ་འཁོར་གྱི་གཏོང་ཐེངས་ཇེ་མང་དུ་བཏང་བ་དང་། ས་ཆ་མང་པོའི་མེ་འཁོར་འབབ་ཚུགས་ཀྱིས་སྔོན་ལ་མཚན་མོར་གཏོང་བའི་མེ་འཁོར་དང་ཉེ་འཁོར་གྱི་སྤྱི་པའི་འགྲིམ་འགྲུལ་འབྲེལ་མཐུད་ཞབས་ཞུ་བཀོད་སྒྲིག་བྱས་ཏེ། ཡུལ་སྐོར་བས་བདེ་བླག་ངང་མེ་འཁོར་བརྗེ་བར་ཁག་ཐེག་བྱས། 

ཚེས་དགུ་ཉིན།  རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་སྔོན་རྩིས་བྱས་ན་འགྲུལ་པ་མི་ཐེངས་ས་ཡ་གཉིས་སུམ་འབུམ་བཞི་ཁྲི་སྐྱེལ་འདྲེན་བྱས་པ་དང་། ན་ནིང་གི་དུས་མཉམ་ལས5.6%འཕར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།