མང་ཚོགས་ལ་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་རང་ཉིད་ཀྱི་ཉེ་ས་རུ་ཡོད་པ་དོན་དངོས་སུ་ཚོར་དུ་བཅུག

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མི་དམངས་ཀྱིས་ཅི་ཞིག་ལ་ངོ་རྒོལ་བྱེད་པ་དང་ཅི་ཞིག་ལ་ཞེ་འཁོན་འཛིན་ན། ང་ཚོས་ཅི་ཞིག་སྔོན་འགོག་དང་ཡོ་བསྲང་བྱ་དགོས། 2025ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་བཅས་ཀྱིས་མི་དམངས་ཀྱི་ཆེད་དུ་དམག་འཐབ་བྱེད་པ་དང་། མང་ཚོགས་ལ་ཚོར་བ་ཡོད་པའི་དམིགས་འབེན་ལས་འགན་ལ་དམིགས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་བ་མ་ཟད། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་རྒྱུ་དེ་རང་ཉིད་ཀྱི་ཉེ་ས་རུ་ཡོད་པ་ཚོར་དུ་བཅུག 

2025ལོར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་བཅས་ཀྱིས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ནས་བཟུང་སྟེ། གྱོད་དོན་སྒྲུབ་པ་བཅོས་སྐྱོང་བྱེད་ཐབས་ཆེས་ནུས་ལྡན་དུ་འཛིན་པར་རྒྱུན་འཁྱོངས་བྱས་ལ། ཧམ་ཟ་དང་རུལ་སུངས་ལ་ཆད་གཅོད་ནན་མོ་བྱེད་པའི་གནས་བབ་མཐའ་བར་གསུམ་དུ་སྲུང་འཛིན་བྱས་ཏེ། ལྐོག་ཟ་ཧམ་བཟུང་དང་རྒྱུ་ནོར་ལེན་པ་སོགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་ལ་ཞིབ་བཤེར་ནན་མོ་བྱས།

སློབ་གྲྭ་འབྲིང་ཆུང་གི“སློབ་གྲྭའི་ཟ་མའི”དོ་དམ་གྱི་འབུར་ཐོན་གནད་དོན་དག་ཐེར་བྱས་ཏེ། སློབ་མའི་ཟས་རིན་ཧམ་བཟུང་དང་སྔོ་ཚལ་ཉོ་སྒྲུབ་ལས་ཁེ་ཕན་རེག་པ། བར་ཁེ་ལེན་པ་སོགས་ཀྱི་གནད་དོན་དྲུག་ཁྲི་ཆིག་སྟོང་ཐག་གཅོད་བྱས་པ་དང་། མི་སུམ་ཁྲི་ལྔ་སྟོང་ལ་ཆད་པ་བཅད་དེ། སློབ་མའི་“ཟ་མའི་བདེ་འཇགས་”ལ་སྲུང་སྐྱོང་ལེགས་པོ་བྱས། སྨན་བཅོས་འགན་སྲུང་ཐེབས་རྩའི་དོ་དམ་ལ་དམིགས་ཏེ། མགོ་མཇུག་བར་གསུམ་དུ་ཁེ་ཕན་རེག་པའི་གནད་དོན་མཐའ་གཅིག་ཏུ་ཐག་གཅོད་བྱས་པ་དང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཐེངས་མང་པོའི་ཞིབ་བཤེར་ལས་ཟིལ་གནོན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྨན་རྫས་ཀྱི་“ཁུངས་འདེད་ཨང་རྟགས་”ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་མ་ཟད། སྨན་བཅོས་འགན་སྲུང་གི་“བདེ་འཇགས”དམ་འཛིན་བྱས།

མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་ནས། གཏན་འཇགས་རྒྱུ་ནོར་གྱི་བདག་དབང་དཔང་ཡིག་སྒྲུབ་དཀའ་བར་དམིགས་ཏེ། འབྲེལ་ཡོད་སྡེ་ཁག་གིས་སྒོ་ཐེལ་རྒྱག་པ་དང་། ཁང་པ་དང་ཁེ་ལས་གཏའ་མར་འཇོག་པ་སོགས་ཀྱིས་ལག་ཁྱེར་སྒྲུབ་པར་ཚོད་འཛིན་ཐེབས་པའི་གནད་དོན་འབུར་ཐོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཡོངས་སུ་ཐག་བཅད་པའི་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཁང་པ་ས་ཡ་ལྔ་འབུམ་ལྔ་ལྷག་ཡོད། གྲོང་གསེབ་དར་སྤེལ་གྱི་མ་དངུལ་བཀོལ་སྤྱོད་དང་ལྟ་སྐུལ་དོ་དམ་གྱི་གནད་དོན་ལེབ་བཤེར་བྱེད་པར་ཤུགས་བསྣན་ཏེ།  རྫུན་ཞུ་དང་ཧམ་ལེན་སོགས་ཀྱི་གནད་དོན2200ལྷག་དག་ཐེར་ཡོ་བསྲང་བྱས་ནས། ཞིང་པའི་“དངུལ་ཁུག་”ལེགས་པོར་སྲུང་། སྒྲིག་འགལ་གྱིས་ས་གནས་གཞན་དུ་ཁྲིམས་བསྟར་བྱེད་པ་དང་ཁེ་གཉེར་རང་བཞིན་གྱི་ཁྲིམས་བསྟར་ཡོ་བསྲང་བྱས་ཏེ།  ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཞི་ཁྲི་ལྔ་སྟོང་ཞིབ་བཤེར་ནན་མོ་བྱས་ལ། ཨང་བཤེར་བྱས་ནས་ཁེ་ལས་སུ་འཇུག་པ་དང་དཀྱེལ་ཡངས་གཟབ་ནན་གྱིས་ཁྲིམས་བསྟར་བྱེད་པ་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས།

2025ལོར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན8116ཐད་ཀར་ཞིབ་གཅོད་དང་སྐུལ་སྒྲུབ་བྱས་ཏེ། རྒྱལ་ཡོངས་སུ་འབྲེལ་ཡོད་གནད་དོན་དགུ་འབུམ་དྲུག་ཁྲི་བདུན་སྟོང་ཐག་གཅོད་བྱས་པ་མ་ཟད།  མི་དྲུག་འབུམ་ཉིས་ཁྲི་བདུན་སྟོང་ལ་ཆད་པ་བཅད་པ་དང་། ཞིབ་དཔྱོད་ལས་ཁུངས་ལ་མི་ཉིས་ཁྲི་ཉིས་སྟོང་སྤྲད། 

དེ་མིན། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་ལྟ་སྐུལ་དང་གྱོད་སྒྲུབ། དག་ཐེར། བཅོས་སྐྱོང་བཅས་སྦྲེལ་མཐུད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འབྱུང་རྩ་མེད་པར་བཟོ་བ་དང་འགོ་ཁུངས་ནས་བཅོས་སྐྱོང་བྱེད་པར་དམིགས་ཏེ། ལམ་ལུགས་དང་རྐྱེན་སྲོལ་ཐད་བཅོས་སྐྱོང་བྱས་འབྲས་སྲ་བརྟན་དང་རྒྱ་སྐྱེད། 

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་ཀྲུའུ་རིན་གཞོན་པ། ཧོ་ཧྲུའུ་ཧུང་གིས་བཤད་རྒྱུར།  སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆོད་སེམས་དང་ཤུགས་ཚད་སྔར་ལས་ཆེ་བར་བརྟེན་ནས། དམངས་འཚོའི་ཁྱབ་ཁོངས་ཀྱི“རུལ་སུངས”དང་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡོང་བར་འགོག་རྐྱེན་བཟོ་བའི་“བཀག་རྡོ་”དག་ཐེར་བྱས་ཏེ། གྱོད་གཞི་བསྒྲུབ་པའི་ཤུགས་ཚད་ཆེ་རུ་བཏང་བ་དང་།  རྒན་གསོའི་ཞབས་ཞུ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་དག་ཐེར་བྱ་རྒྱུར་དམ་འཛིན་ལེགས་པོ་བྱས་ལ། དམངས་འཚོའི་དོན་དངོས་ལེགས་པོར་བསྒྲུབས་པ་དང་། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་རྒྱུ་དེ་གཞི་རིམ་དུ་ལག་བསྟར་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་སྤྱོད་གཙང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲོལ་བཟང་ཉེ་འགྲམ་དུ་ཡོད་པ་ཚོར་དུ་བཅུག 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།